འདི་ན་ངའི་སེམས་ཚོར་དང་ང་དངོས་གནས་དེ་ཡོད།
Gyalpo Tamding ,Rebenweg 38, 8610 Uster, 076 507 85 86, gyalpotamding@gyalpotamding@outlook.com



.jpg)


Here are the real me and some of my thoughts

这里有真实的我和我的一些感想




༄༅།། ངའི་སེམས་ཚོར་འགའ་རེ།
ང་ཚོའི་བཙན་བྱོལ་གཞུང་གི་སྲིད་ཇུས་དང་། ལྷག་པར་དུ་ ༧ གོང་ས་ཡིད་བཞིན་ནོར་བུ་རྒྱལ་བ་རིན་པོ་ཆེ་ཚང་གི་ཐུགས་དགོངས་དེ་ནི། དུས་ནམ་ཡང་། གཞན་མི་རིགས་སུ་དང་གང་ལའང་འཚེ་བ་མི་བྱེད་པ་དང་། རང་མི་རིགས་ལ་གཞན་མི་རིགས་ཀྱིས་འཚེ་བ་བྱེད་དུ་མི་འཇུག་པ་དང་། དེ་ལས་ཐར་ཐུབ་པ་ལ་འབད་དགོས་པ་དེ་ཡིན།
གཞན་མི་རིགས་ཀྱིས་བཟོས་ཚར་པའི་གནོད་པ་དང་གྱོང་། ཉམས་རྒུད་བཅས་ལས་ཐར་ཐུབ་པ་ལ། ང་ཚོ་བོད་མི་ཚོས་མི་རབས་ནས་མི་རབས་སུ་བོད་ཡིན་པའི་འདུ་ཤེས་དེ་མ་དོར་བར་འབད་བརྩོན་བྱེད་དགོས་པ་ཞིག་ཡིན་ནོ་སྙམ་མོ།
མདོར་ན། ང་ཚོའི་གཞུང་གི་སྲིད་ཇུས་དང་བླ་མའི་ཐུགས་དགོངས་ནི་དབུ་མའི་ལམ་ཡིན་པས། ང་ཚོས་ཀྱང་དབུ་མའི་ལམ་དུ་རྒྱབ་སྐྱར་ཡོད། ང་ཚོའི་ཕྱོགས་ནས་དམར་པོ་རྒྱའི་གཞུང་དེ་ལ། དུས་ནམ་ཡང་ཞུ་བས་ངོ་རྒོལ་ཡོད། འོན་ཀྱང་ང་ཚོའི་རྒྱལ་ཁབ་འཕྲོགས་སོང་བའི་ཞེ་འཁོན་དང་ང་ཚོའི་ཕ་མས་ཡང་མས་བསད་སོང་བའི་དང་གསོད་མཁན་གྱི་ལག་དམར་དེ་སུ་ཡིན་པ་ང་ཚོས་རྩ་བ་ནས་བརྗེད་ཀི་མེད།
༄༅།། དམྱལ་བའི་ཡུལ་དང་རྡུལ་ཕྲན་མཚོན་ཆ།
地狱与核武器
ང་ལ་རྡུལ་ཕྲན་མཚོན་ཆ་ཞིག་འཕེན་རྒྱའི་གོ་སྐབས་དེ་བྱུང་ན། ཐེ་ཚོམ་ཅི་ཡང་མེད་པའི་ངང་མཚོན་ཆ་དེ་དམྱལ་བའི་ཡུལ་ཟེར་བ་དེ་ལ་འཕེན་ས་རེད། གལ་སྲིད་ཡུལ་དེ་འདྲ་ཞིག་ཡོད་ན་དང་། ཡུལ་དེ་འདྲ་ཞིག་བརྙེད་སོང་ན།
གལ་སྲིད་དམྱལ་བ་ཟེར་བ་དེ་རང་སྟེང་དུའམ་རང་གི་སེམས་རྒྱད་ན་གནས་ཡོད་པ་ཞིག་ཡིན་ཚེ། ལྷ་ཡུལ་ཡང་རང་སྟེང་ངམ་རང་གི་སེམས་ཁོང་དུ་གནས་བསྡད་ཡོད་པ་ཞིག་ཡིན་པ་གཏན་ཁེལ་ཡིན་པས། རྡུལ་ཕྲན་མཚོན་ཆ་ཁྲི་ཚོ་སྟོང་ཕྲག་ཅིག་ཡོད་ཀྱང་ཕན་ནུས་གང་ཡང་མེད་དོ།
如果我能拥有投放一次核武器的机会,我将会毫不犹豫的把它投放到我们通常所说的地狱中去,如果确实存在这样一个地方和寻到了这个地方......
如果地狱只是在自己的意念中,自然的那天堂也会在自身中。那么即使有千万个核武器,也无济于事。 — འདྲེ་ཐོའི་བསམ་ཚུལ་ཙམ་ཞིག 2020-08-15 ལ།
ང་ཚོ་བོད།
བོད། མོག་མོག་གོ ཕྱིའི་མོག་ཤུན་ནི་ཕྱི་སྡོད་བོད་མི། ནང་གི་མོག་ཤ་ནི་ནང་བཞུགས་བོད་མི། ཕྱིའི་མོག་ཤུན་མེད་ན་མོག་མོག་དེ་ཡག་པོ་ཞིག་ཏུ་མཐོང་ཐུབ་ཀི་མེད་ལ། ནང་གི་མོག་ཤ་དེ་མེད་ཚེ། མོག་མོག་དེ་མོག་མོག་ཞིག་ཏུ་ཆགས་ཀི་མེད། དེ་ལྟར་ན། ཕྱི་ཡག་ནང་བཙོག་གམ། ནང་བཟང་ཕྱི་ངན་ཞེས་པའི་སྐད་ཆ་དེ་དག་རྩོད་གཞི་ཞིག་ཏུ་འཇོག་རུང་ངམ། སྔར་ང་ཚོས་འཛམ་པོའི་གླིང་མ་ཤེས་པས་རྒུད། འཛམ་པོའི་གླིང་གིས་ཀྱང་ང་ཚོ་མ་ཤེས་པས་དོར། དེང་སང་ང་ཚོས་འཛམ་གླིང་འདི་ཤེས་པས། རང་ཉིད་རྒུད་ཡོད་པ་དང་རྒུད་རྐྱན་དེ་རྟོགས་བཞིན། འཛམ་གླིང་འདིས་ཀྱང་ང་ཚོ་ཤེས་ཡོད་མོད། འོན་ཀྱང་གཞན་གྱིས་རྫུན་བཟོ་བྱས་པའི་ང་ཚོའི་ལོ་རྒྱས་དང་ང་ཚོའི་གནས་སྟངས་དེ་རྐྱང་རྐྱང་རེད་མ་གཏོགས། དོན་དངོས་ཀྱི་ང་ཚོའི་ལོ་རྒྱས་དང་ད་ལྟའི་གནས་སྟངས་སྐྱ་བོ་དེ་ད་དུང་ཤེས་མཁན་ཉུང་ཉུང་ཞིག་རེད་འདོད་ཀི་ཡོད། དེས་ན་ང་ཚོ་བོད་པ་ཚང་གི་ཡིག་སྒྱར་བ་དང་ལོ་རྒྱས་སྨྲ་བ། མཁས་པ་དང་མཁས་པ་ཡིན་འདོད་མཁན་དག་གིས། བློ་གཟི་བོར་གནས་ཏེ། ཡིག་སྒྱར་དང་བརྩམ་ཆོས་སྤེལ་རྒྱ་དེ་གཙོ་བོ་ཞིག་རེད་འདོད་ཀི་ཡོད་ལགས། — ཐོ་ཐོའི་བསམ་ཚུལ།
༄༅།། དྲ་ཐོག་དམག་འཁྲུག
དངོས་སུ་དམག་འཁྲུག་མིན་ཡང་དམག་འཁྲུག་བཞིན།།
ཕ་རོལ་སེམས་ངོའི་དགྲ་བོར་བཟུང་བྱས་ཏེ།།
རྒྱང་རྒྱག་མེ་མདའི་མདེའུ་རེ་རེ་ལ།།
རྒྱལ་ཁབ་འཕྲོགས་པའི་ཞེ་འཁོན་བཏགས་ཤིང་འཕངས།།
—— ཐོ་ཐོས། 2020.09.12
༄༅།། ཐོབ་ཤོར།
ཐོབ་ནི་མི་རུང་ཤོར་ནི་རེད།།
ཤོར་ནི་མི་རུང་ཐོབ་ནི་རེད།།
ཐོབ་ཤོར་གང་ཡང་མེད་གྱུར་ན།།
དེ་ནི་མ་འོངས་གཞི་མ་ཡིན།།
—- ཞེས་ཐོ་ཐོ་ནས། 2020.09.12
༄༅།། མདེའུ་གཅིག ཐིག་ལེ་གཅིག
མདེའུ་གཅིག ཐིག་ལེ་གཅིག
སྲོག་གཅིག་ལ་མདེའུ་གཅིག
ཐིག་ལེ་ལ་ཐིག་ལེ།
མདེའུ་གཅིག་གིས་སྲོག་གཅིག
ཐིག་ལེ་གཅིག་གིས་ཚེ་སྲོག་གསར་པ་གཅིག
མདེའུ་སྲོག་ལ་སྦྱར།
ཐིག་ལེ་ཐིག་ལེ་ལ་སྦྱར།
མདེའུ་གཅིག་སོང་ཚར་ཕྱིན།
སྲོག་གཅིག་ཕྱིན་ཚར།
ཐིག་ལེ་གཅིག་གཏོར་ཚར་ཕྱིན།
ཚེ་སྲོག་གསར་པ་གཅིག་བྱོན་དང་འབྱོན་བཞིན།
མདེའུ་སྲོག་ཐོག་ན་ལྡིང་།
ཐིག་ལེས་ཐིག་ལེ་ལ་འཁྱུད།
མདེའུ་དེ་སྲ་མོ་སྲ་མོ་ཞིག
ཐིག་ལེ་དེ་སྙི་མོ་སྙི་མོ་ཞིག
ཐིག་ལེ་ལས་གྲུབ་པའི་ཚེ་སྲོག་སྙི་མོ་དེ།
རྣོ་ལྕགས་ལས་གྲུབ་པའི་མདེའུས་བཀྲོངས།
མདེའུ་གཅིག
ཐིག་ལེ་གཅིག
ལག་དམར་བརྒྱ་ཕྲག་སྟོང་ཕྲག
—— ཐོ་ཐོས། 21.06.2020
༄༅།། འཇོན་ཐང་དང་ནུས་པ། མི་གཞི་དང་ཀུན་སྤྱད།
ནུས་པར་མ་བརྟེན་འཇོན་ཐང་ལྷག་མ་ཞིག།
ལོགས་སུ་དགར་རྒྱ་ཡོད་དམ་ཀླད་སྟོང་ཚོ།།
ནུས་པ་ཉམས་པའི་ཕོ་མཚན་བཟོ་ལྟ་ཙམ།།
བྷ་གའི་བདག་མོར་འཇོན་ཐང་ཇི་ལྟར་ངོམ།།
འཇོན་གི་བསམས་པའི་སེམས་ཤུགས་ཡོད་ཀྱང་རུང་།།
ནུས་པ་མེད་ཚེ་འཇོན་ཐབས་ཡོད་དམ་ཀྱེ།།
མི་གཞིའི་བཟང་ངན་འབྱེད་བྱེད་ཀུན་སྤྱད་དེ།།
ཀུན་མཐུན་ཀུན་སློང་ཡོད་པས་ཕན་ནམ་ཀྱེ།།
སྤྱར་ན་སྤྱད་པར་གནོད་སེམས་མེད་པ་དང་།།
བསྒྲབས་པས་གང་ལ་གནོད་འཚེ་མི་གཏོང་བ།།
བརྗོད་པས་འབངས་ཀྱི་སེམས་ཁམས་མི་དཀྲུག་པ།།
འདི་དག་གནའ་ནས་མི་གཞི་བཟང་བོར་གྲགས།།
འོན་ཀྱང་རྒྱལ་ཁབ་ཤོར་བའི་ངེད་ཅག་ཚང་།།
སྲིད་དང་དམག་དོན་དཔལ་འབྱོར་བདེ་འཇགས་བཅས།།
གནས་སྟངས་ཤིན་ཏུ་སྐྱ་ལ་ཤིན་ཏུ་བཙོག།
འདི་འདྲའི་སྐབས་སུ་འཇོན་ཐང་ནུས་པ་གཙོ།།
ཀུན་སློང་བཟང་ཡང་སྤྱད་སྟངས་མ་ཤེས་ཚེ།།
སྐྱན་ལ་མཐོང་བ་ཆེ་ཆེར་མཐོང་བྱས་ཏེ།།
དེ་མ་ཐག་ཏུ་ཕ་རོལ་མི་བུ་དེ།།
ནག་པོ་ནག་རྐྱང་བཟོ་བར་ཡ་ང་མེད།།
རྒྱལ་ཁབ་མེད་ཅིང་ཐོབ་ཐང་མེད་མཁན་གྱི།།
ངེད་ཅག་ཁ་བའི་འབངས་འདིའི་ཀུན་སྤྱད་ཁྲོད།།
རྒྱལ་ཞེན་རིགས་ཞེན་ཡོད་ཚེ་ཨ་མའི་བུ།།
ནུས་པ་འཇོན་ཐང་ཡོད་ཚེ་དེའི་ཕྱོགས་སོམས།།
དྲ་རྒྱའི་འཇིག་རྟེན་དམ་ལྷོད་ཟུང་འབྲེལ་བར།།
ངེད་ཅག་བོད་པ་གཞན་གྱི་རྩེད་ཆས་ཙམ།།
རང་དབང་དམངས་གཙོ་ཐོབ་ཐང་དབུ་མའི་ལམ།།
གླེང་ཐེངས་གཅིག་གིས་ནག་ཁུང་ནང་དུ་འདེད།།
རང་གི་རིགས་ལ་དམའ་འབེབས་སྐུར་འདེབས་དང་།།
ཆགས་བཤད་ཉོག་བཤད་བླ་བཙག་རྐང་འདྲེན་གཏམ།།
མདོ་མེད་ཉོག་གཏམ་ཁུངས་མེད་གཏམ་འཆལ་བཅས།།
ཇི་འདྲའི་མང་བོ་བཤད་ཅིང་ལྷོད་ཡངས་གཏོང་།།
སྤྱར་ན་གྲུབ་མཐའ་ཆོས་རྒྱད་ཆོལ་ཁ་བཅས།།
རྒྱལ་ཁབ་ཤོར་བའི་ངེད་ཚང་བོད་པ་ལ།།
བརྩད་ཀྱང་དེ་འདྲའི་ཕན་ཐོགས་ཆེ་ཆེ་ཞིག།
འདྲེ་ཐོ་ང་ཡིས་བལྟས་ན་མེད་པ་འདྲ།།
འགའ་རེའི་མིག་ལ་འགའ་རེ་ལྟ་ལོག་པ།།
འགའ་རེའི་སེམས་ལ་འགའ་རེ་ཕུང་དཀྲུག་མཁན།།
དོན་གྱིས་སུ་དང་གང་ཞིག་དེ་འདྲེའི་རིགས།།
ཡིན་དང་མིན་ཞེས་བརྗོད་རྒྱ་དཀའ་མོ་ཞིག།
ཞི་བའི་ངང་ནས་རྒྱལ་ཁབ་རྩོད་པ་དང་།།
དྲག་པོའི་ངང་ནས་གཏམ་བརྗོད་སྤེལ་བ་ལ།།
ནང་འགལ་ཡོད་མེད་ངས་ནི་ཤེས་མ་སོང་།།
འཚོ་གནས་སྨྲ་བའི་མི་བུར་བཀའ་དྲིན་ཆེ།།
རང་གི་རྒྱལ་ཁབ་དང་ནི་མི་རིགས་ཆེད།།
གཞན་དང་བསྟུན་དགོས་ངེས་པ་ཡོད་མ་ཡིན།།
མི་གཞི་ཀུན་སྤྱད་ཟེར་བ་ལྕགས་སྒྲག་རེད།།
འཇོན་ཐང་ནུས་པ་སྟོན་སྟངས་བློས་མི་དཔོག།
ཅེས་འདྲེ་རྒན་པ་ཐོ་ཐོ་ནས། 2020.07.30
Who am i and What am I doing?
The stock market is like getting on a plane without a parachute for the passengers. Once there is an accident, you can only resign yourself to fate, and no one else can save you.
Taking the stock market as an example, in my investment portfolio, I never use my funds to buy just one stock. Like having many eggs, to reduce risk, I won't put all my eggs in one basket of the same kind or similar eggs. I will analyze the market very carefully and wait for the chicken to lay its eggs. If I am bullish on the market, when the price of the eggs rises, I will sell some of them and then buy cheaper and different kinds of eggs in different markets, putting them in different baskets.
The stock market is always a mine without security guarantees, and you and I may be buried at any time. In the dense forest of the global financial market, different stocks are like other minerals, various animals, and different plants, and you are the prospector, the hunter, and the explorer. The stock market is like getting on a plane without a parachute for the passengers. Once there is an accident, you can only resign yourself to fate, and no one else can save you. By Gyalpo Tamding
不一样的股票在密林般的世界金融市场中,它们就是不一样的矿物,不一样的动物,不一样的植物,而你便是勘探者,猎人,探险家。股票市场就像是你乘上了一只没有给乘客准备好降落伞的飞机,一旦出了事,你只能听天由命,没有旁人能救到你。以股市为例,在我的投资组合里,我用资金绝不会只买同一个股票。像很多鸡蛋,为了降低风险,我不会只买放在一个篮子里的同一种类似的鸡蛋。 我会非常仔细地分析市场,等待蛋生鸡,鸡生蛋。我会看好市场,当鸡蛋的价格上升时,我会卖掉其中的一部分,然后在不同的市场,去买入更加便宜的和种类不同的鸡蛋,并把它们放在不同的篮子里。股市永远都是一个没有安全保障的矿场,你我随时都有可能被掩埋。
股市被染成了红色,红得像血,同时也在燃烧着每一位股民的血汗钱,如同熊熊烈火。想必很多人亏了很多钱,也有很多人后悔错过了卖出的机会!当然,有赚必有亏,同样,赚钱的机会也是有的。我老婆经常跟我说,“见好就收,出手要果断”!我觉得投资股市的人都应该牢记这句话,我觉得这是股市里的一句名言,也是一句警句。然而,“见好就收”之后还有“更好的”,以及“更加好的”之后还有“最好的”,……所以觉得是到了“卖出”的时候,依然很难做出决定是否是“见好就收”的时刻。所以请告诉我你的想法!谢谢 GT 11.10.2025