top of page
Search

ངས་བྲིས་པའི་སྙན་ངག་གམ་ཚོར་བ་འགའ་ཞིག

  • Writer: brothers7goa
    brothers7goa
  • Jun 26, 2019
  • 20 min read

༄༅།། དབྱར་དང་སྟོན། དབྱར་དུས་བུ་མོའི་ཤོམ་ལྭ་མེ་ཏོག་ཚོགས།། སྟོན་ཁ་རྒད་པོའི་འདོད་པའི་རླུང་འཚུབ་འོག། མི་འདོད་བཞིན་དུ་རེ་རེ་དོར་བཅུག་ཅིང་།། གསེར་མདོག་གཅེེར་བུའི་ལུས་དེ་མངོན་དུ་བཅུག། —— ཐོ་ཐོ་ནས། 24-08-2018 ༄༅།། སེམས། སེམས་འདིས་སྟོང་བ་བསམས་ཤིང་སྟོང་ཁམས་འགྲིམས།། ཅི་ཡང་ཡོད་པ་ཅི་ཡང་མེད་པར་སྒྲུབས།། འདོད་ཆགས་ཞེ་སྡང་ཕྲག་དོག་ཞེ་་འཁོན་བཅས།། དེ་རིང་སྣང་ངོར་གྲུབ་ཀྱང་རྨི་ལམ་ཙམ།། སེམས་འདི་རྟ་རྒོད་ཇི་བཞིན་རྒོད་དུས་ཡོད།། སེམས་འདི་བལ་སྤུ་ཇི་བཞིན་འཇམ་དུས་ཡོད།། སེམས་ལ་བདག་པོ་ཇི་ལྟར་རྒྱག་ཐུབ་ན།། སེམས་ཀྱི་ཁམས་འདིར་དེ་ལྟར་ལྷིང་འཇགས་ཐོབ།། སེམས་དང་སེམས་པའི་བར་གྱི་བར་ཐག་དང་།། སེམས་དང་སེམས་པའི་བར་གྱི་འགལ་ཟླ་བཅས།། སེམས་པ་འཇམ་དུ་བཏང་སྟེ་ཉེ་རུ་ཆུགས།། སེམས་པ་སྙི་རུ་བཏང་སྟེ་མཐུན་དུ་ཆུགས།། —— འདྲེ་ཐོས། 05-09-2018 ༄༅།། འདང་ཅན་རོགས་ལོ་དྲན་པ། ཁྱེད་སར། ཆར་བ་ཤག་ཤག་འབབ། ང་སར། མིག་ཆུ་ལོང་ལོང་འཐོར། ངེད་གཉིས། ཚེ་འདིར་ལྷན་འཛོམས་མེད་པ་འདྲ། འོ་ཧོ་འདང་ཅན། རོགས་ལོ་ཁྱེད་ནི་དྲན་གི་ཡོད། ཁྱེད་སར། ཉི་མ་འོད་ལམ་ལམ། ང་སར། ཟླ་བ་གྲང་བསིལ་བསིལ། ངེད་གཉིས། སྡོད་གནས་མི་འདྲ་ཁ་ཁ་རེད། འོ་ཧོ་འདང་ཅན། རོགས་ལོ་ཁྱེད་ནི་དྲན་གི་ཡོད། ཁྱེད་སར། མེ་ཏོག་ཆར་བས་བསྟུམས། ང་སར། མེ་ཏོག་ཁ་བས་མནན། ངེད་གཉིས། ལས་དབང་མི་འདྲའི་མེ་ཏོག་གཉིས། འོ་ཧོ་འདང་ཅན། རོགས་ལོ་ཁྱེས་ནི་དྲན་གི་ཡོད། — ཐོ་ཐོ་ནས། ༠༤-༠༩-༢༠༡༨ ལ། ༄༅།། སྨན་པ་དང་ནད་པ། གཡུ་ཐོག་ཟེར་བའི་ལྷ་རྗེ་མཁས་པ་ཞིག། འཇིག་རྟེན་འདི་ལ་བྱོན་པས་ནད་ཡམས་བཅོམ།། སྨན་ལ་བོད་སྨན་རྒྱ་སྨན་ཕྱི་གླིང་སྨན།། དབྱེ་བ་འབྱེད་ཀྱང་གཞི་རྩའི་ནད་པའི་ཕྱིར།། ནད་པ་མེད་ཚེ་སྨན་པར་ལག་ཡོང་མེད།། སྨན་པ་མེད་ཚེ་ནད་པར་དྲག་རྒྱུ་མེད།། འདི་གཉིས་གཅིག་ལ་གཅིག་རྟེན་འཚོ་དགོས་པ།། བསྙོན་དུ་མེད་པའི་འཇིག་རྟེན་ཆོས་ཉིད་ཅིག། —— འདྲེ་ཐོས། ༠༧-༠༩-༢༠༡༨ ལ། ༄༅།། མེ་ཏོག་དང་སྦྲང་མ། “འདང་ཅན་འདྲེ་ཐོའི་གཞས་ཚིག ། མེ་ཏོག་ནང་གི་སྦྲང་རྩི། ། ཨ་ཕ་བརྩེ་བའི་གཞས་སྐད། ། གསེར་སྦྲང་སེར་པོའི་གཤོག་སྒྲ།། ” — མེ་ཏོག་གིས་བྲིས། ཁྱེད་སར་དབྱར་ཀའི་མེ་ཏོག་མགོ་ལྕོགས་ལྡེམ་ལྡེམ་གཡོ།། ང་སར་དགུན་ཁའི་ཁ་བའི་འདབ་མ་ལྷིང་ལྷིང་འཐོར།། མེ་ཏོག་མཛེས་པར་བཞད་ཀྱང་འདབ་མ་ཆར་བས་བསྟུམས།། སྦྲང་མས་མེ་ཏོག་བསམ་ཡང་སྦྲང་མ་ཁ་བས་མནན།། མེ་ཏོག་འདབ་མའི་ཟུར་ན་སྦྲང་རྩི་དཀར་པོ་འཛག། གསེར་སྦྲང་གཤོག་སྒྲའི་བར་ན་གླུ་གཞས་སྙན་མོ་སྒྲོག། ཁྱེད་ནི་ཆར་བས་བསྟུམས་པའི་འབྲོག་སའི་མེ་ཏོག་གཅིག། ང་ནི་ཁ་བས་མནན་པའི་ཡུལ་གྱར་སྦྲང་མ་ཞིག། —— འདྲེ་ཐོས། ༠༩-༠༩-༢༠༡༨ ལ། ༄༅ གདོང་འབག་ནི་རིན་མི་མཁོ་བའི་སྐུ་སྲུང་བ་ཞིག སང་ཉིན་ཉི་མ་ཤར་ཚེ་ངེད་གཉིས་རྒྱུས་མེད་གྱུར།། འོན་ཀྱང་དོན་གྱིས་ང་ནི་སྔར་བཞིན་ཁྱེད་ལ་དུངས།། ཡིན་ཡང་རང་ཉིད་སྲུང་ཕྱིར་རང་ངོར་འབག་ཁེབས་ཤིག། མི་བུ་གསར་པར་བརྫུ་ཕྱིར་མི་འགེབས་ཐབས་མེད་གྱུར།། མི་ཚོགས་ཁྲོད་ཀྱི་གདོང་གི་ཁ་དོག་འདྲ་མིན་དེའི།། མང་བོའི་ཕྱོགས་སུ་མཐུན་པའི་གདོང་འབག་གྱོན་བྱས་ན།། རང་ལ་རྒོལ་མཁན་མེད་ཅིང་སེམས་ལ་ལྷིང་འཇགས་ཐོབ།། སེམས་གཏམ་ལྷག་བསམ་བཅས་ནི་རེ་ཞིག་སྦས་དགོས་བྱུང་།། —— འདྲེ་ཐོས། ༠༩-༠༩-༢༠༡༨ ལ། ༄༅།། ཕ་ཡུལ། རང་སེམས་གང་དུ་ལྷོད་ལ་འབབ་ཐུབ་ཞིང་།། གང་སར་བདེ་ཞིང་སྐྱིད་ཀི་འདོད་པའི་ཚེར།། དེ་སར་ཁྱེད་ཀྱི་ལུས་སེམས་བཅོལ་བྱས་ཆོག། དེ་ས་ཁྱེད་ཀྱི་ཕ་ཡུལ་ངོ་མར་འོས།། རང་ལུས་ན་རྒྱུ་ཚ་རྒྱུ་མེད་སའི་ས།། རང་སེམས་སྐྱོ་རྒྱུ་སྡུག་རྒྱུ་མེད་སའི་ས།། རྒྱལ་ཁམས་སུ་ཡི་ཁུངས་གཏོགས་ཡིན་ཡང་རུང་།། ང་ལ་མཚོན་ན་རང་གི་ཕ་ཡུལ་འདྲ།། རང་གི་ཕ་ཡུལ་ངོ་མ་གཞན་དབང་དུ།། རང་སེམས་དངོས་སུ་དུངས་ས་བོད་ཡུལ་ཏེ།། ཡིན་ཡང་བཙན་གནོན་འོག་ནས་བཙན་བྱོལ་དུ།། རང་ཡུལ་ངོ་མ་གཡུགས་ནས་ཡོང་དགོས་བྱུང་།། —- འདྲེ་ཐོ། ༡༦-༠༩-༢༠༡༨ ལ། ༄༅།། ཆགས་སྨྱོན་དུ་སོང་བའི་ཐོ་ཐོ། དམ་བཅའ་བྲག་ལ་བརྐོས་ཀྱང་རྡོ་ཐོག་རི་མོ་ཙམ།། དམ་བཅའི་ཕྱག་རྒྱ་བརྒྱབ་ཀྱང་ཤོག་ངོར་ཚོན་རྩི་ཙམ།། སེམས་ཀྱི་དམར་ས་ཤིག་ཏུ་འདང་ཅན་ཚུལ་བཞག་སྟེ།། རུམ་ཁ་དྲོན་མོ་ཕྱེ་ནས་འཛུམ་གྱིས་ནི་བསུ་རོགས།། ཕོ་ང་འགྲོ་རྒྱུའི་དུས་དེར་བསླེབས་མེད་འདྲ།། མོ་ཁྱེད་ལངས་རྒྱུའི་དུས་དེར་ཐོན་མེད་འདྲ།། ངེད་གཉིས་མཉམ་དུ་སྦྱར་བའི་ངོ་མཚར་དུས།། ད་ལྟ་ད་དུང་མུ་མཐུད་འགྲོ་བཞིན་སྒང་།། ཕོ་དང་མོ་ཡིས་འཁྲིག་པ་སྤྱོད་པའི་སྐབས།། སྐྱིད་ལ་ཁད་ཀྱི་ཛ་དྲག་བར་མཚམས་དེར།། ཤིན་ཏུ་མགྱོགས་ཤིང་མགྱོགས་ནས་མགྱོགས་སུ་འགྲོ།། ལྷོད་ཅིང་དལ་བར་གཏོང་མཁན་རི་བོང་རྭ།། གླིང་འདིར་དུས་ཆེན་སྟོན་མོ་མང་མང་ཡོད།། འོན་ཀྱང་འཁྲིག་པའི་དགའ་སྟོན་ཀུན་ལས་མཆོག། ལས་དེར་འཇུག་པར་ཉིན་མཚན་དབྱེ་འབྱེད་མེད།། ལས་དེར་ཞུགས་ཚེ་ཡོད་ཚད་གློག་ལྟར་མྱུར།། རྒད་པོ་ལོ་ན་ཤིན་ཏུ་རྒས་གྱུར་པས། ཕོ་མོའི་རྩེ་དགར་ཉམས་མྱོང་ཡོད་ཀྱང་རུང་།། འཁྲིག་རྩལ་སྔར་བཞིན་དྲག་ཏུ་མི་ལྡན་པས།། ལོ་ཆུང་བུ་མོས་འཕྱ་སྨོད་མི་བྱེད་རོགས།། ཁྱེད་ཚོའི་རུམ་ཁ་དྲོན་མོ་ལྷོད་བྱས་ཚེ།། ང་ནི་དམར་ཡག་སྟག་བཞིན་མཆོང་ནས་ཡོང་།། འོན་ཀྱང་ཞི་མོ་ཁྱེད་ཚོ་ང་ཡི་སྟེང་།། མཆོང་རྒྱུ་ཟེར་ན་ངས་ཀྱང་གོ་སྐབས་བསྟེར།། ཞི་མོ་ཁྱེད་ཚོའི་འོག་ན་མཚེའུ་ཞིག། རྒད་པོ་ང་ཡི་འོག་ན་ཉ་རྒན་ཞིག། ཉ་འདི་མཚོ་ལ་འཇུག་ཏུ་བཅུག་བྱས་ཚེ།། ངས་ནི་འདོད་པའི་རྦ་རླབས་འཕྱུར་དུ་འཇུག། གང་ལྟར་ཁྱེད་ཚོའི་ཉལ་ས་སྐྱིད་པོའི་ཐོག། ང་ནི་ཐེངས་ཤིག་རུམ་ནས་ཚོད་ལྟ་བྱོས།། ཁྱེད་ཚོ་བདེ་བ་ཅན་གྱི་ཞིང་ཁམས་སུ།། མ་ཤི་གསོན་པོ་དྲོན་པོར་ང་ཡིས་འདྲེན།། —— སྨྱོན་པ་ཐོ་ཐོ་ནས། ༡༩-༠༩-༢༠༡༨ ལ། ༄༅།། ང་ཚོ་བོད་པའི་ནོར་བུ། འཛམ་གླིང་འདི་རུ་ནོར་བུ་གཅིག་མཆིས་པ།། རྟ་བདུན་དབང་བོ་ལས་ནི་གང་ཞིག་མཆིས།། ང་ཚོ་བོད་ལ་མཚོན་ན་ནོར་བུ་ལས།། ནོར་བུ་རྩ་ཆེན་དེ་ནི་༧ གོང་ས་མཆོག། ཉི་མའི་འོད་དེ་ནམ་མཁའི་དབྱིངས་སུ་འཕྲོ།། ༧གོང་ས་མཆོག་གིས་འཛམ་གླིང་ཡོངས་སུ་འགྲིམ།། ང་ཚོ་བོད་ལ་མཚོན་ན་ཉི་མ་ལས།། ༧གོང་ས་མཆོག་ནི་མེད་དུ་མི་རུང་ལགས།། ཉི་མ་ནུབ་ལ་བཞུད་རྗེས་་མེད་ཀྱང་རུང་།། ང་ཚོ་ཟླ་བའི་ངོགས་སུ་འཚོ་ཆོག་མོད།། འོན་ཀྱང་ཡིད་བཞིན་ནོར་བུའི་མཛད་པ་དང་།། བྱང་ཆུབ་ཆོས་སྐུ་མེད་ཚེ་ཇི་ལྟར་བྱ།། ཀྱེ་ཧོ་༧ གོང་ས་མཆོག་ཁྱེད་སྐུ་ཚེ་བརྟན།། ཀྱེ་ཧུད་བོད་པའི་བདེན་མཐའ་བསལ་བར་སྨོན།། ཀྱེ་མ་བོད་ལ་ཕེབས་རྒྱུའི་བསྐལ་བཟང་དུས།། ཀྱེ་ཀྱེ་མྱུར་བར་མྱུར་དུ་འབྱུང་བར་སྨོན།། —- འདྲེ་ཐོ་ཐོ་ནས། ༢༡-༠༩-༢༠༡༨ ལ། ༄༅།། གྲོགས་ཤིག་གི་ཇེ་མང་དུ་སོང་། སིལ་ཏོག་དམར་རིས་ཤིག་གི་མགོ་པར་རྗེས།། འཚམས་འདྲི་འཛུམ་དམུལ་ཅན་གྱི་པར་རིས་ཤིག། འདྲེ་ཐོའི་ཁ་པར་འཆར་གཞུང་སྟེང་དུ་མངོན།། དེ་ཡི་བྱིན་རླབས་གྲོགས་ཤིག་མང་དུ་བཏང་།། ཐོ་ཐོས། ༢༢-༠༩-༢༠༡༨ ལ། ༄༅ བླ་མ་ཞིག་གི་མཛད་པ། གསང་ཡུམ་གཟིམ་ཤག་ཕུགས་སུ་སྦས་མི་བྱེད།། གདུང་སྲས་མནའ་བཟའི་ཁུགས་སུ་བསྐུངས་མི་བྱེད།། འཇིག་རྟེན་མི་ཡི་རང་བཞིན་ངོ་མ་དེ།། ཆོས་ཁྲིམས་འདུལ་ཁྲིམས་བར་ནས་མངོན་དུ་བཅུག། —— འདྲེ་ཐོས། ༢༣-༠༩-༢༠༡༨ ལོར། ༄༅།། ཚོར་བའི་ནང་གི་པདྨའི་མེ་ཏོག འདྲེ་ཐོའི་སེམས་སུ་དམར་མདངས་ཅན་གྱི་པདྨའི་མེ་ཏོག་ཅིག། མེ་ཏོག་དེ་ལ་ཞིམ་དྲི་ལྡན་པའི་མཚེའུ་རབ་འཕྱུར་པ།། འདྲེ་ཐོའི་མིག་ཏུ་དུང་ལྟར་དཀར་པའི་གངས་རིའི་རི་བོ་གཉིས།། རི་བོ་དེ་རྩེར་འདྲེ་ཐོའི་མཛུབ་རྗེས་རྨི་ལམ་ནང་ནས་སྤར།། —- འདྲེ་ཐོས། ༢༩-༠༩-༢༠༡༨ ལ། ༄༅།། འདྲེ་ཐོ་ངའི་དོགས་པ་ཡོད་པའི་བསམ་ཚུལ། འཛིན་རྒྱུ་མེད་པའི་གྲིབ་གཟུགས་མངོན་སུམ་བཞིན།། མཐོང་བའི་སྣང་ཚུལ་སེམས་ཀྱི་རྣམ་རྟོག་ཙམ།། མེ་ལོང་ནང་དུ་རང་གཟུགས་མཐོང་བ་ལྟར།། དོན་དངོས་མིན་པ་ལྷ་དང་འདྲེ་ཡི་གཟུགས།། —- འདྲེ་ཐོས། ༣༠-༠༩-༢༠༡༨ ལ། ༄༅།། རྒད་པོའི་ཁོག་སྟོད་ཐེངས་ཤིག་བྱ། འོད་འབར་ལགས་ཀྱིས་བཟོད་སྒོམ་གནང་རོགས་ཞུ།། སྦྲ་ནག་པ་ཡིས་དགོངས་དག་ཞུ་རོགས་ལགས།། ཁྱིམ་ཚང་གཅིག་གི་བཟའ་མི་མིན་ནའང་།། མི་རིགས་གཅིག་པའི་བོད་རིགས་སྤུན་ཟླ་ཡིན།། འཇིགས་སྐུལ་དང་ནི་བསྙོན་འཛུགས་ཉེས་འགེལ་བཅས།། སྐུ་ངོའི་ཐོག་ཏུ་དྲག་ཆར་བཞིན་དུ་འབབ།། མནོ་བསམ་ཐོངས་ཤིག་ལོ་རྒྱུས་སྨྲ་བའི་བུ།། གྲོགས་ཤིག་བརླག་ན་གྱོང་གུན་ཆེན་པོ་ལགས།། ཁྱེད་ཀྱི་ཐུགས་ཁམས་དབྱར་ཀའི་གནམ་གཤིས་བཞིན།། རྩེ་མཚར་ཉི་མའི་འོད་སྟོང་འཕྲོ་བའི་བར།། གློ་བུར་ཁྲོས་ཤིང་ཚིག་རྩུབ་དྲག་ཆར་ཕབ།། སྐུ་ངོའི་བཟོད་སྒོམ་ནམ་མཁའི་མཐའ་དང་མཉམ།། —- འདྲེ་ཐོས། ༣༠-༠༩-༢༠༡༨ ལ། ༄༅།། གཅེར་བུའི་ལུས། སྐྱེ་བའི་དུས་སུ་སྒྲིབ་བྱེད་ཅི་ཡང་མེད།། ཤི་བའི་རྗེས་སུ་བསྒྲིབས་ཀྱང་ཕན་པ་མེད།། སྐྱེ་འཆིའི་བར་གྱི་དུས་ཡུན་ཐུང་ཐུང་ནང་།། སྤྱོད་པ་བཟང་མདོག་གོས་ཀྱིས་གཡོགས་ཤིང་བསྟན།། —- འདྲེ་ཐོས། ༣༠-༠༩-༢༠༡༨ ལ། ༄༅།། མི་ཚེ་འགྱུར་བའི་རང་བཞིན། མེ་ཏོག་བཞད་ཅིང་འཐོར་ལ་ཐོར་རྗེས་སླར་ཡང་སྐྱེ།། སྤྲིན་པ་འཕྱུར་ཞིང་འཐོར་ལ་ཐོར་རྗེས་བསྐྱར་དུ་འདུ།། མི་ཚེ་དར་ཞིང་རྒས་ལ་རྒས་རྗེས་འཆི་མོད་ཀྱང་།། ཤི་རྗེས་སླར་ཡང་མིའམ་གཞན་དུ་སྐྱེ་ཞེས་སྐད།། གང་ལྟར་ཡོད་ཡོད་ཚད་ཚད་མགོ་མཇུག་མེད་པར་འཁོར།། གཏན་དུ་འགྱུར་དང་བསྒྱུར་རྒྱུ་མེད་པ་སྲིད་འདིར་དཀོན།། མི་རྟག་པ་ནི་ཕྱི་ནང་སྣོད་བཅུད་ལུས་དང་སེམས།། མི་བསླུ་བ་ནི་འཆི་བདག་རྒད་པོས་འཆི་ཡོད་གཏམ།། སྐྱེ་འཆིའི་བར་དུ་ཤི་སོང་ཞེས་ན་གཞན་སེམས་རྟོགས།། མ་ཤིའི་སྔོན་དུ་ཤི་བ་ཇི་བཞིན་བརྗེད་ཡོད་པས།། གསོན་ནས་ཡོད་ཀྱང་ཤི་ནས་ལོ་མང་སོང་བ་འདྲ།། དངོས་སུ་གཤེགས་ཚེ་ཕངས་སེམས་སྐྱེ་མཁན་ཡོད་སྲིད་དམ།། སྐྱེ་འཆིའི་བར་དུ་ཤི་སོང་ཞེས་ནས་ཐེངས་ཤིག་བསྒྲགས།། མ་ཤིའི་སྔོན་དུ་ཤི་བ་ཇི་བཞིན་བརྗེད་ཡོད་སྨྲས།། གསོན་ནས་ཡོད་ཀྱང་ཤི་ནས་ལོ་མང་སོང་འདྲ་བརྗོད།། དངོས་སུ་གཤེགས་ཚེ་ཕངས་སེམས་སྐྱེ་བ་ཤ་སྟག་འདོད།། སྐྱེ་འཆིའི་བར་དུ་ཤི་སོང་ཞེས་ནས་གཞན་སེམས་དཔྱད།། མ་ཤིའི་སྔོན་དུ་ཤི་བ་ཇི་བཞིན་བརྗེད་ཡོད་འདྲ།། གསོན་ནས་ཡོད་ཀྱང་ཤི་ནས་ལོ་མང་སོང་བ་འདྲ།། དངོས་སུ་གཤེགས་ཚེ་ཕངས་སེམས་སྐྱེ་བ་ལྟ་ཅི་སྨོས།། ༼ ཡང་ན། དངོས་སུ་གཤེགས་རྗེས་ཕངས་སེམས་ཡོད་མདོག་སྟོན་མཁན་མང་།། ༽ —— འདྲེ་ཐོས། ༠༡-༡༠-༢༠༡༨ ལ། ༄༅།། ཚོགས་ཁུངས་ནས་རྒྱང་ཕུད་བཏང་སོང་། ང་ནི་ཁ་ལྕེ་མེད་པའི་གླང་རྒན་ལྐུག་པ་ཞིག། ང་ནི་དགོས་མཁོ་མེད་པའི་མི་བུ་ལྷག་མ་ཞིག། ང་ནི་ཡོན་ཏན་མེད་པའི་དྲྭ་འབུ་ཀླད་སྟོང་ཞིག། ང་ནི་རྒྱང་ཕུད་བཏང་བ་ཁྱེད་ཀྱི་རྒྱལ་ཁ་ཞིག། —- འདྲེ་ཐོས། ༠༡-༡༠-༢༠༡༨ ལ། ༄༅།། ཆོས་སྲིད་ཟུང་འབྲེལ། བོད་ཀྱི་མི་སེར་རེ་རེ་ནི་ཆོས་སྲིད་ཟུང་འབྲེལ་གྱི་གླེགས་བམ་རེ་རེ་སྟེ། གལ་སྲིད་ཆོས་དང་སྲིད་དམ། ཡང་ན་ཆོས་པ་དང་སྲིད་ལ་དོ་སྣང་ཡོད་མཁན་གཉིས་སོ་སོའི་ཐད་ནས་སོ་སོར་འབྱེད་དེ་གནས་དགོས་པ་ཞིག་རེད་ཟེར་ན། དེ་ནི་དཔེ་མི་སྲིད་པའི་ཐབས་ལམ་ཞིག་རེད་འདོད། བོད་མི་རེ་རེ་ཡི་ལུས་ཀྱི་རྣམ་འགྱུར་དང་སེམས་ཀྱི་ཚོར་བའི་ནང་ཆོས་དང་སྲིད་གཉིས་འབྲལ་བར་མེད་པར་སྲ་མཁྲེགས་མཁྲེགས་སུ་གནས་ཡོད། —- ཐོ་ཐོའི་བསམ་ཚུལ་ཡིན། ༠༡-༡༠-༢༠༡༨ ལ། ༄༅ དགེ་ཆོས་དང་ཐོ་ཐོ། ༜དགེ་ཆོས་ལགས་ཐོ་ཐོའི་རྨི་ལམ་དུ་བྱོན་ཏེ། ཐོ་ཐོ་དང་མཉམ་དུ་ཚིགས་བཅད་འདི་འདྲ་ཞིག་བྲིས་འདུག སེང་གེ་ཁྱི་ཡི་གཡོག་ཏུ་བྱ་རྒྱུའམ།། སེང་གེས་ཁྱི་ཡི་གཡོག་ཏུ་བྱ་རྒྱུ་ལས།། རང་གི་རི་ཀླུང་འགྲིམ་ན་མི་སྤྲོའམ།། ཁྱི་དང་སེང་གེའི་ཁྱད་པར་ཤེས་སམ་ཀྱེ།། ཚིག་རྐང་དང་པོ་“ སེང་གེ་ཁྱི་ཡི་གཡོག་ཏུ་བྱ་རྒྱུའམ” ཞེས་པའི་ཚིག་རྐང་འདིའི་གོ་དོན་ནི། ད་ལྟ་ད་རུང་ཡིན་ཡང་བོད་པ་དེ་ཚོས་མི་རིགས་གཞན་གྱི་གཡོག་བྱས་ནས་བསྡད་འདུག་རྒྱུ་ཡིན་ནམ་ཞེས་དང་། འདིར་སེང་གེ་ནི་བོད་པ་ཚང་དང་། ཁྱི་ནི་མི་རིགས་གཞན་དུ་གོ་ཆོག དེ་ནས། ཚིག་རྐང་གཉིས་པ་“ སེང་གེས་ཁྱི་ཡི་གཡོག་ཏུ་བྱ་རྒྱུ་ལས་” ཞེས་པ་འདིའི་གོ་དོན་ནི། མི་རིགས་གཞན་པའི་གཡོག་རྐྱང་རྐྱང་བྱས་ནས་མི་ཚེ་བསྐྱང་བ་ལས། “ རང་གི་རི་ཀླུང་འགྲིམ་ན་མི་སྤྲོའམ་” ཞེས། རང་ལ་ཆ་རྒྱུས་ཤིན་ཏུ་ཡོད་སའི་རང་ས་དེར་འགྲིམས་ཤིང་དེ་ལ་ཕན་ཐོགས་ཡོད་པའི་བྱ་བ་རེ་བསྒྲུབ་ཐུབ་ན་མི་བཟང་ངམ། ཁྱེད་ཀྱི་སེམས་དེ་མི་སྤྲོའམ་ཞེས་དང་། ཡང་ན། རང་ས་དེ་བཞག་སྟེ། མི་རིགས་གཞན་པའི་ས་སྟེང་དང་སྡོད་གནས་སུ་འཁྱམས་ནས་འགྲོ་བ་ལས། རང་ཉིད་སྐྱེ་སའི་རང་གི་རི་ཀླུང་དག་བསྲུང་ནས། དེ་དག་དང་འབྲེལ་བའི་རང་དང་ཡུལ་མི་དག་ལ་ཕན་ཐོགས་ཡོད་པའི་བྱ་བ་རེ་བསྒྲུབ་ན། ཁྱེད་ཉིད་ལ་སྤྲོ་བ་ཞིག་མི་འབྱུང་ངམ་ཞེས་དང་། དེ་ནས་གཞུག་གི་ཚིག་རྐང་བཞི་བ་“ ཁྱི་དང་སེང་གེའི་ཁྱད་པར་ཤེས་སམ་ཀྱེ” ཞེས་འབོད་ཚིག་བཏང་སྟེ། དེའི་དོན་ནི། ཁྱེད་ནི་བོད་ཡིན་ཏེ། ཁྱེད་ཀྱིས་བོད་དང་མི་རིགས་གཞན་པའི་ཁྱད་པར་དེ་ཤེས་སམ་ཞེས། ཁྱེད་ཉིད་མི་རིགས་གཞན་པའི་ཁུངས་གཏོགས་སུ་མི་འགྲོ་བ་དང་།ཁྱེད་ལ་ཁྱེད་རང་ཉིད་ལ་དབང་བའི་རང་གི་རི་ཀླུང་ཡོད་པ་སོགས་ཟུར་བསྟན་བྱས་ཡོད། —— ཐོ་ཐོ་དང་དགེ་ཆོས་གཉིས་ནས། འགྲེལ་མཁན་ཐོ་ཐོ། ༠༡-༡༠-༢༠༡༨ ལ། ༜གསལ་བཤད་བྱེད་རྒྱུ་ཞིག་ཡོད་པ་ནི། འདིར་གཞན་མི་རིགས་ལ་ཁྱི་ཞེས་གོ་བ་བླངས་པའམ། ཡང་ན་ཁྱི་དེ་མི་རིགས་གཞན་ལ་གོ་ཆོག་ཅེས་འགྲེལ་ཡོད་པ་དེ་ཅུང་ཙམ་མི་བདེ་མོད། འོན་ཀྱང་ཞེ་འཁོན་དང་མནར་སེམས་ཤིག་གི་དབང་གིས་འདི་ལྟར་འགྲེལ་རྒྱུའི་གྱུར་སོང་། དེ་ལ་དགོངས་དག་ཞུ། ཅི་ཡིན་ཞེ་ན། ལམ་དབུ་མའི་ནང་དུ། འདི་འདྲའི་ཚིག་རྩུབ་བམ་གཞན་ལ་ཕོག་ཐུག་གཏོང་སྲིད་པའི་ངན་སྨྲས་བཅས་བེད་སྤྱོད་གཏོང་མ་དགོས་ཚེ། མ་བཏང་ན་ཡག་གི་དང་བཟང་གི་འདོད།🙏 ༄༅།། གཞས་མ་ཞིག་ལ། མཉེན་ཞིང་གཡོ་བའི་སྦྲང་མའི་གཤོག་ཟུང་ལྡེམ་པ་བཞིན།། དལ་ལྷོད་ཁྲོད་ཀྱི་འཇམ་པོའི་དབྱངས་ཀྱི་འགྱུར་ཁུག་དེས།། ས་མཐར་འགྲིམས་པའི་འབྲོག་ཕྲུག་ང་ཡི་ཡིད་དབང་བཀུག། ཁྱེད་དང་མཉམ་དུ་ཐེངས་ཤིག་མཇལ་ན་ཅི་མ་རུང་།། ཕ་ཡུལ་དྲན་པའི་སེམས་འདིའི་སྐྱོ་སྣང་རྨ་ཁའི་གྱུར།། ཁྱེད་ཀྱི་གླུ་སྐད་འདི་ཉིད་བཅོས་བྱེད་སྨན་གྱི་མཆོག། ཁྱེད་དང་མཇལ་ཚེ་ལྷ་རྗེ་ནང་བཞིན་བཀུར་ན་འདོད།། ཁྱེད་ཀྱི་མཆུ་སྒྲོས་སེམས་ཀྱི་དམར་སར་འབྲེལ་ན་འདོད།། ཁྱེད་ཀྱི་བརྩེ་སེམས་འོ་མའི་དཀར་ཐིགས་ཟགས་པ་དེས།། ང་ཡི་སེམས་འདིའི་སྐྱོ་སྣང་གྱོང་བོ་བརླན་ཞིང་གསོས།། ཁྱེད་ཀྱི་གླུ་སྐད་སྙན་མོའི་དབྱངས་རྟ་ངོ་མཚར་པས།། ང་དང་ངའི་སེམས་ཐེངས་ཤིག་ཕ་ཡུལ་ཕྱོགས་སུ་བསུས།། —— ཐོ་ཐོས། ༠༡-༡༠-༢༠༡༨ ལ། ༄༅།། འདྲེ་ཐོས་རང་ཉིད་བརྗོད་པ། དེང་གི་ཐོ་ཐོ་སྔར་གྱི་ཐོ་ཐོ་སྟེ།། མཐོང་གི་མེད་པ་རང་གི་སེམས་འདི་ཉིད།། ཚོར་གི་མེད་པ་ཕྱི་ཡི་འཇིག་རྟེན་ཏེ།། ཐོ་ཐོ་ང་ནི་ཋཽ་ཋཽའི་མི་གཏོང་རོགས།། ཐོ་ཐོ་ང་ནི་རྒན་ཁོག་རྒན་ཁོག་ཅིག། མགོ་སྤུ་ཁ་སྤུས་དུང་དང་འགྲན་ཡ་བྱེད།། ན་ཆུང་བུ་མོར་འགྲོགས་འདོད་ཡོད་ཀྱང་རུང་།། ཤུགས་དང་འཁྲིག་རྩལ་ཉམས་ནས་ལོ་བརྒྱ་ཕྱིན།། འོན་ཀྱང་ལུས་ནི་རྒས་ཀྱང་སེམས་མ་རྒས།། འདོད་གཏམ་ཚ་བོ་སྙན་ངག་ལམ་ནས་བསྐོལ།། འཁྲིག་རྩལ་ཡོད་མདོག་སྙན་ངག་ལམ་ནས་བསྟན།། ཝ་ལེར་བསམ་ན་ཕྲ་མ་ཕྲ་མ་ཞིག། — འདྲེ་ཐོ་ཐོས། ༠༣-༠༩-༢༠༡༨ ལ། ༄༅ མ་ཤིའི་སྔོན་དུ་བོད་ལ་བསླེབ་ན་འདོད། ནངས་སྔ་མོའི་ཉི་རྩེ་བརྒྱབ་དུས་ན།། ཁ་འཁོར་ས་ཤར་གྱི་བོད་ཁམས་ཕྱོགས།། རེ་བཅོལ་ས་ཡིད་བཞིན་ནོར་བུ་མཆོག། ངས་ལྷ་སའི་ཉི་མར་མཇལ་ན་འདོད།། ཉིན་གུང་གི་དྲོས་ཇ་འཐུང་སྐབས་དེར།། སྔར་ཟོས་པའི་རྩམ་པ་དྲན་ནས་ཡོང་།། སྔར་འགྲོགས་པའི་འབྲོག་མོ་དྲན་ནས་ཡོང་།། སྔར་ཞོན་པའི་རྟ་བོ་དྲན་ནས་ཡོང་།། དགོང་ཕྱི་དྲོའི་མཚམས་སྤྲིན་ཤར་དུས་ན།། སེམས་ཕྱོགས་ས་དཀོན་མཆོག་གསུམ་པོའི་གྱུར།། རེ་བཅོལ་ས་སྔས་མགོའི་བླ་མར་མཐོང་།། ང་མ་ཤི་བོད་ལ་བསླེབ་ན་འདོད།། —— འདྲེ་ཐོས། ༠༣-༡༠-༢༠༡༨ ༄༅།། བོད་མོའི་མགྲིན་གླུར་ཆགས་སོང་། ཁོམ་པ་ཡོད་དུས་རེ་དང་།། ཚོར་བ་ཐོན་དུས་རེ་ལ།། རོགས་མཐུན་ལ་གཞས་རེ་དང་།། རོགས་ལོ་དྲན་གི་ཡོད་པའི།། ལ་གཞས་ལྷོད་ཀྱིས་གྱེར་རོགས།། ས་མཐའི་གྲོང་ཁྱེར་དཀྱིལ་ན།། ལ་གཞས་སྙན་མོ་ལེན་པའི།། ཞི་མོ་ཁྱེད་ཀྱི་མགྲིན་གླུར།། ཡང་དང་བསྐྱར་དུ་ཉན་ཞོར།། ལས་ཀ་ལས་བཞིན་སྒང་ཡིན།། རང་ཉིད་བོད་རིགས་ཡིན་པས།། བོད་ཀྱི་ལ་གཞས་གྱེར་མཁས།། བོད་མོའི་མགྲིན་གླུར་ཆགས་སོང་།། མི་རིགས་གཞན་གྱི་གཞས་ལ།། སྤྲོ་བ་ཡོང་རྒྱུ་དཀའ་མོ།། —— འདྲེ་ཐོས། ༠༤-༡༠-༢༠༡༨ ལ། ༄༅།། ཆོས་དཔེ་དང་ཁོ་ཧྥེ། ཆོས་དཔེའི་འགྲམ་གྱི་མགོ་སེར་ཁོ་ཧྥེའི་དྲིས།། ཆོས་ཚིག་རྣམས་ནི་རེ་ཞིག་ཡ་མཚན་བཅུག། འོ་ཇ་དཀར་པོའི་བྲོ་བ་མ་ཚོར་བས།། ཀློག་མཁན་མི་ལ་རེ་ཞིག་དོགས་པ་སྐྱེས།། ཁེར་འདུག་བགྱིས་པའི་མཆོད་ཀོང་སྙིང་རེ་རྗེ།། དེ་ཉིད་གཟིམས་ནས་ལོ་བརྒྱ་ཕྱིན་པ་འདྲ།། ས་མཐར་འགྲིམ་པའི་གྲོགས་ཁྱེད་སྙིང་རེ་རྗེ།། ཆོས་དང་བྲལ་ནས་ཡུན་རིང་འགྱངས་པ་འདྲ།། —— ཐོ་ཐོས། ༠༥-༡༠-༢༠༡༨ ལ། ༄༅།། ཚོགས་གཙོ་བླ་བྲང་སྐལ་བཟང་ལགས་ལ་ཡར་ཞུ་ཐེངས་ཤིག་དང་། ཞོར་དུ་ཚོགས་གཙོོ་ཁོང་རང་གི་སྐོར་ཅུང་ཙམ་གླེང་བ། གང་ལྟར་མི་ཚེ་འདིར་མ་ཧཱ་བྷ་ར་ཏཱ་ཞེས་པའི་མིང་དེ་ཚོགས་གཙོའམ། ཡང་ན“བླ་བྲང་སྐལ་བཟང་” ཞེས་པའི་མཚན་དེ་དང་སྦྱར་ཚར་རེད། བཟང་ན་སྦྱར་ཚར་རེད། མ་བཟང་ནའང་སྦྱར་ཚར་རེད། ཚོགས་གཙོ་@ བླ་བྲང་སྐལ་བཟང་ ལགས། དེ་བས་མུ་མཐུད་དུ་བློ་བདེ་བོའི་ངང་་། དཔའ་མ་ཞིམ་པར། ང་རྒྱལ་ཞིག་དང་མཉམ་དུ། ཡིད་ཆེས་ཤིག་དང་ལྷན་དུ། མ་ཧཱ་བྷ་ར་ཏཱ་ཚང་གི་ཚོགས་གཙོ་ལ་བཞུགས་རོགས་ཞུ། @ བླ་བྲང་སྐལ་བཟང་ ལགས། དེ་ལས་ལྷག་པའི་སྐད་ཆ་ཅི་ཡང་མེད། མི་དགོ་དང་མི་འདུག་ཟེར་ན། ཁྱེད་ཀྱི་ཐོབ་ཐང་རེད། འོན་ཀྱང་ཁྱེད་ཉིད་ཚོགས་གཙོ་ལ་མ་བཞུགས་ཚེ། ཚོགས་པ་འདི་ཐོར་སོང་བ་དང་གཅིག་མཚུངས་རེད། འདི་ཆུང་ཆུང་ཞེས་བཤད་ན། ཚོགས་པ་གཅིག་རེད། ཆེན་པོ་ཞེས་བཤད་ན། རྒྱལ་ཁབ་ལྟ་བུ་ཞིག་རེད། ཚོགས་གཙོ་བླ་བྲང་སྐལ་བཟང་ཁྱེད་ནི་བོད་ཕྱི་ནང་གཉིས་ཀྱི་མི་སེར་རམ་འབངས་ལས་གྲུབ་པའི་ཚོགས་པ་རྒྱལ་ཁབ་ལྟ་བུ་འདིའི་སྲིད་འཛིན་ལྟ་བུར་ཆགས་ཡོད་དང་། ཆགས་ནས་ལོ་མང་ཕྱིན་ཡོད། ཁྱེད་ལ་འདི་ཉིད་བསྐྱང་བའི་ཉམས་མྱོང་ཡོད། ཡོད་ཚད་ཡོད། ཐབས་ཤེས་ལྡན། དེ་བས་སྤོབས་པ་ཡོད་པའི་ཐོག་ནས། གཟི་བརྗིད་ཀྱི་བྱ་བ་ཞིག་ཏུ་འདོད་དེ། མུ་མཐུད་དུ་ཚོགས་པ་འདིའི་ཚོགས་གཙོའམ། རྒྱལ་ཁབ་འདིའི་སྲིད་འཛིན་དུ་བཞུགས་རོགས་ཞུ་ཞེས་ཞུ་ན་འདོད་སོང་། @ བླ་བྲང་སྐལ་བཟང་ ལགས། ཚོགས་གཙོའི་བཟི་གཏམ། ཚོགས་གཙོའི་རྩེ་མཚར། ཚོགས་གཙོའི་ཆགས་བཤད། ཚོགས་གཙོས་ལོ་རྒྱུས་སྨྲ་བའི་ཤེས་ཡོན། ཚོགས་གཙོས་དངོས་བྱུང་གནས་ཚུལ་སྨྲ་པའི་ཐོས་རྒྱ། ཚོགས་གཙོའི་ཚོགས་གཏམ། འདི་དག་ཡོད་ཚད་མ་ཧྭ་བྷ་ར་ཏྭ་ཚང་ལ་མེད་དུ་མི་རུང་བའི་རྒྱན་ཡིན། དེ་དག་ནི་མིའི་སེམས་ཁམས་དང་བསྟུན་ཤེས་ཀྱི་ཐབས་ཤེས་ཟུང་འབྲེལ་གྱི་ཚོགས་པ་སྐྱོང་སྟངས་ཡ་མཚན་ཞིག་ཡིན། ད་རུང་ཚོགས་གཙོའི་“ ཨ་ལ་རོགས་ལོ་” ཞེས་པའི་ལ་གཞས། དེའང་ཚོགས་པ་འདིའི་རྒྱན་ཞིག་ཡིན། ཨོ་རེད་ཡ། ད་རུང་བརྗེད་སོང་བ་ཞིག་ནི། ཚོགས་གཙོའི་ཁའི་ “ཧན་རྡུར་མན་རྡུར” ཞེས་པའི་མིང་ཚིག་ཡ་མཚན་པ་དེ་ཡང་ཚོགས་པ་འདིའི་ཚོགས་མི་ཚོར་གཞད་གད་དང་། ཚོགས་པ་འདིའི་ནང་གི་བུད་མེད་ཚོར་སེམས་ཐག་ཉེ་རུ་གཏོང་བྱེད་ཀྱི་ཐབས་ལམ་ཡ་མཚན་པ་ཞིག མཁས་པ་ཞིག་ཡིན་ཚེ་བླ་མ་དང་དཔོན་པོ་འགའ་རེ་ནང་བཞིན། མིའི་ཐོག་ཏུ་རྫིག་པོ་དང་འཇིགས་པོ་བྱས་ནས། འདུག་སྟེགས་གང་གི་གང་མཐོའི་སྟེང་དུ་བཞུགས་རྒྱུ་དེ་མཁས་པའི་ཆེད་ལས་ཤིག་མ་ཡིན་པར། མི་དང་སེམས་ཐག་ཉེ་རུ་གཏོང་ཅི་ཐུབ་བྱས་ཏེ། རང་གི་ཡོན་ཏན་དེ་ཕར་གནང་ཅི་ཐུབ་གནང་དགོས་པ་དེ་ནི་མཁས་པའི་ཆེད་ལས་སམ་ལས་འགན་ཞིག་ཡིན་པར་འདོད་དེ། ཚོགས་གཙོས་སྐབས་རེར་རང་ཉིད་བཟི་རུ་བཅུག་སྟེ། བཟི་བོ་འཁྲབ། བཟི་གཏམ་བཤད། སྐབས་རེར་ཆགས་བཤད་བྱེད་ཞོར་མིང་ཚིག་གསར་པ་“ ཧན་རྡུར་མན་རྡུར་” ལྟ་བུ་བློ་བཟོ་མཛད། སྐབས་རེར་རང་ཉིད་འཆི་ན་འདོད་ཅེས་དང་དེ་རིང་ནས་ང་ཤི་སོང་བ་ཡིན་ཞེས་མི་ཚེ་མི་རྟག་པ་ཡིན་པ་དང་། མི་ཟེར་བ་དེ་ད་ཡོད་ད་མེད་ཀྱི་སྲོག་སྙི་མོའམ་རྣམ་ཤེས་ཕྲ་མོ་ཞིག་གིས་་བཟུང་བའི་བེམ་པོ་ཙམ་ཡིན་པ་མཚོན་པའི་སྨྲེ་སྔགས་ཀྱང་འདོན་ལ། སྐབས་རེར་ཆོས་ལ་དད། བླ་མ་ལ་དད། ཡང་སྐབས་རེར་ལོག་ཆོས་རེད་འདོད་པའི་དང་། ལོག་སྨྲ་རེད་འདོད་པའི་ཆོས་དང་ཆོས་པར་དམད། མདོར་ན། ཚོགས་གཙོས་རང་ཉིད་ལ་གཤེག་བཅོས་ལྟ་བུ་བྱེད་ཞོར་མིའི་སྤྱི་ཚོགས་ལའང་གཤེག་བཅོས་གནང་བཞིན་ཡོད་པ་དང་། མིའི་གཤིས་ཀ་དང་མིའི་ཀུན་སྤྱོད་དེ་རྣམ་པ་སྣ་ཚོགས་ཤིག་ཡིན་པས། ཚོགས་གཙོས་ཀྱང་ཐབས་ལམ་སྣ་ཚོགས་ཤིག་བེད་སྤྱད་དེ་མ་ཧཱ་བྷ་ར་ཏཱ་ཞེས་པའི་ཚོགས་པ་འདི་སྐྱོང་བཞིན་ཡོད་དོ། ཞེས་མ་ཧཱ་བྷ་ར་ཏཱའི་ཚོགས་མི་ཐོ་ཐོ་ནས། ༠༥-༡༠-༢༠༡༨ ལ། ༄༅།། བོད་ཡིག་ལ་བཙན་འཛུལ། བོད་ཀྱི་སྐད་ཡིག་ལ་བཙན་འཛུལ་ཐེངས་གཉིས་པ་སྟེ། ཐེངས་དང་པོ་ནི་སྔོན་མའི་རྒྱལ་བོ་སྲོང་བཙན་སྒམ་པོའི་དུས་དེ་ལ་དང་། སྐབས་དེའི་བཙན་འཛུལ་གྱིས་ང་ཚོ་བོད་པ་ཚང་གི་མེས་པོ་དངོས་ལ་ཆགས་ཡོད་པའི་བོནད༼བོད༽ དམ་ཞང་ཞུང་གི་ཡི་གེ་དེ་མང་བོ་ལས་ཉུང་ངུར་བཏང་བ། སྟབས་མི་བདེ་བ་ལས་སྟབས་བདེའི་བཏང་བ། འོན་ཀྱང་བཙན་འཛུལ་དེའི་མཇུག་འབྲས་འཇིགས་སུ་རུང་བ་ནི། སྔར་བོནད་དམ་བོད་ལ་ཡི་གེ་མེད་མདོག་དང་། ད་ལྟའི་བོད་པ་ཚང་གི་རིག་གཞུང་སྣ་ཚོགས་ཤིག་གི་འབྱུང་ཡུལ་ལམ། ཁུངས་གཏུགས་སའི་བོནད་དམ་ཞང་ཞུང་གི་རིག་གཞུང་དེ་དག་མེད་པར་བཟོ་རྒྱུའི་དང་། ནག་བསུབ་གཏོང་རྒྱུའི་སྲིད་ཇུས་ངན་པ་སྤེལ་བ་དེ་ཡིན་འདུག བོད་ཀྱི་སྐད་ཡིག་ལ་བཙན་འཛུལ་གཉིས་པའི་དུས་ནི། རྒྱས་བོད་ལ ་མེ་མདའ་དང་དམག་དཔུང་གཉིས་ཟུང་འབྲེལ་བྱས་ཏེ། བཙན་འཛུལ་ཆེན་པོ་བྱས་པ་དང་ཆབ་གཅིག་ཏུ། བོད་ཀྱི་ཡི་གེ་དང་ཡི་གེ་དེ་ལས་གྲུབ་པའི་བོད་ཀྱི་ཆོས་དང་རིག་གཞུང་སྤྱི་ལ། བཙན་འཛུལ་བཟོད་དཀའ་བ་དང་ཡ་ང་བ་བྱས་པ་དེ་ཡིན་དང་། བཙན་འཛུལ་དེའི་མཇུག་འབྲས་ནི་ཡུན་རིང་ཞིག་ཏུ། བོད་ཀྱི་ཡི་གེའི་ཐོབ་ཐང་ངམ་དབང་ཆ། ཡང་ན་ཡི་གེ་དེའི་རང་དབང་ཆ་ཚང་འཕྲོགས་སོང་བ་དེ་ཡིན་འདུག གང་ལྟར། སྔར་དགེ་ལུགས་པ་རྒྱལ་བས། བོན་ཆོས་རྣམས་ཆུ་དང་བྲག་ལ་དོར། གཞུག་ནས་རྒྱ་མི་རིགས་རྒྱལ་བས་ཆོས་དཔེ་དང་གླིང་སྒྲུང་། སྙན་ངག་དང་སུམ་རྟགས་བཅས་མེ་ལ་བསྲེགས། ད་ལྟའི་དུས་འདིར་ཁ་ཡག་དང་ལག་ལེན་མེད་པའི་སྲིད་ཇུས་རྫུན་མ་ཞིག་གི་འོག བོད་ཀྱི་ཡི་གེའི་ཚོགས་ཀྱིས་རང་ཤི་རྒྱག་དང་རྒྱག་བཞིན། དྲྭ་གྲོགས་གྲོགས་པོ་ཞིག་གིས། “ བོན་ཆོས་ཆགས་འཇིག་ནི་དགེ་ལུགས་པ་ལ་འབྲེལ་བ་མེད་དོ།། ནང་ཆོས་དར་ནས་བོན་ཆོས་རྒུད་པ་ལས་དགེ་ལུགས་པ་ལ་འབྲེལ་བ་ཅི་ཡང་མེད། དགེ་ལུགས་པ་ནི་ནང་ཆོས་ལས་སྙིགས་དོར་བཅུད་ལེན་བྱས་ཏེ་བོད་རང་ཉིད་ཀྱི་བློ་གྲོས་དང་རྣམ་དཔྱོད་ལ་བརྟེན་ནས་གསར་མཛད་བྱས། དེ་ལ་བོད་ཆོས་ཅེས་བཏགས་ཡང་མི་ཆོག་པ་མེད།” ཅེས ་པའི་ལན་དུ། འདྲེ་ཐོ་ངས། “ དར་ནས་རྒུད་པ་ལ་ཁས་ལེན་ཡོད་པ་ལས། ཇི་ལྟར་རྒུད་དུ་བཅུག་པར་བསམ་བློ་རེ་གཏོང་རྒྱུ་མིན་ནམ། སྙིགས་དོར་བཅུད་ལེན་ལ་ཁས་ལེན་ཡོད་པ་ལས། གང་ཞིག་གད་སྙིགས་སུ་འདོད་དེ་རྩ་མེད་དུ་གཏོང་རྒྱུའི་ཐབས་ལམ་སྤེལ་བར་ཡང་བསམ་བློ་རེ་གཏོང་རྒྱུ་མིན་ནམ། རང་གིས་བགྱིས་པ་དེ་རྣམ་དཔྱོད་ལས་ཐོན་པའི་མཛད་རྗེས་ལ་བསམས་ཤིང་། མེས་པོས་མཛད་པ་དེ་གད་སྙིགས་སུ་འདོད་པའི་རྒྱུ་རྐྱེན་དེ་གང་ལས་བྱུང་བའི་སྐོར་ལ་ཡང་བསམ་བློ་རེ་གཏོང་རྒྱུ་མིན་ནམ། ” ཞེས་དྲི་བའི་ཚུལ་དུ་ལན་བཏབ་པ་ཡིན། —— སྨྱོན་པ་འདྲེ་ཐོས། ༠༦-༡༠-༢༠༡༨ ལ། ༄༅།། འགྱིག་ཞྭ་གྱོན་པའི་དོམ་གྱི་སྒྲུང་གཏམ། ཟས་ཕྱིར་འགྱིག་ཟོམ་སེར་པོའི་ནང་དུ་མཆུ་ཏོ་བསྲིངས།། མཉམ་དུ་རང་གི་མགོ་བོ་ཆེའང་ནང་དུ་བཅུག། དེ་ནས་འགྱིག་ཟོམ་ནང་གི་ཟས་ཡོངས་ཟོས་པའི་རྗེས།། རང་གི་མཆུ་དང་མགོ་བཅས་འགྱིག་གིས་བསྡམས་བྱས་སོང་།། དེ་ལྟར་འཇིགས་སྣང་ཁྲོད་དུ་ཞ་ར་ཇི་བཞིན་དུ།། ཡུལ་དེའི་གང་ས་གང་ལ་བརྒྱུགས་དང་འདུར་བའི་རྗེས།། སྙིང་རྗེའི་བདག་པོ་བོད་བཙུན་སྙིང་སྟོབས་ལྡན་པ་འགའ།། བྲག་རི་མཐོན་པོར་འཛེགས་ཤིང་ཁོང་ཉིད་སྐྱོབ་རྩིས་བྱས།། མ་གཞི་གོ་ལ་འདི་དང་ཡུལ་ཁམས་སོ་སོའི་ཟུར་ཙམ་ནས།། ཁོང་དང་ཉམས་ཆུང་སྲོག་ཆགས་རིགས་ལ་འཚོ་དབང་ཡོད་མོད་ཀྱང་།། རི་དྭགས་ཟེར་ནས་མཐོང་ཆུང་ངང་གིས་མང་བོ་བསད་པའི་མཐར།། ཁོང་དང་ཁོང་ལ་ཟས་བཅུད་རོལ་བའི་ཐོབ་ཐང་ཡོད་ཚད་འཕྲོགས།། གང་ལྟར་ཟས་ཕྱིར་ཇག་དང་རྐུན་ལ་སོང་བའི་དོམ་དེ་ཉིད།། ཤིན་ཏུ་འཇིགས་སྣང་ཁྲོད་དུ་རི་ཀླུང་མང་བོ་འགྲིམས་པའི་མཐར།། འཚེ་བར་སྤངས་པའི་བོད་མི་འགའ་ཡིས་ཐབས་དང་རྣམ་དཔྱོད་ཀྱིས།། མཆུ་དང་མགོ་བོ་བསྡམས་པའི་འགྱིག་ཟོམ་དེ་ལས་ཐར་བར་བྱས།། —— ཞེས་འདྲེ་ཐོས། ༠༦-༡༠-༢༠༡༨ ལ། ༄༅།། ཁྱེད་ཀྱི་མགྲིན་གླུ། སེམས་འདིའི་རྨ་ཁ་གསོ་བའི་ནུས་པ་ཅན།། ལུས་འདིའི་ངལ་དུབ་སེལ་བའི་སྨན་ལྟ་བུའི།། མཛེས་མ་ཁྱེད་ཀྱི་མགྲིན་གླུ་སྙན་མོ་འདིས།། ང་ནི་ཐག་རིང་ཡུལ་ན་བསྐྱབས་ནས་ཡོད།། ——- འདྲེ་ཐོས། ༠༧-༡༠-༢༠༡༨ ལ། ༄༅།། དྲྭ་ཐོག་གི་འདྲེ་ཐོ། ང་ནི་བར་མ་མཚམས་ན་ལྐོག་ཉན་བྱེད་པའི་རིགས།། ལྐུག་པ་མིན་ཡང་ལྐུག་པའི་རིགས་ལས་མ་འདུས་ཏེ།། བཤད་ན་འདོད་ཀྱང་ལྕེ་ལ་མདུད་པ་ཕོག་པ་འདྲ།། འཆད་རྩོད་རྩོམ་གསུམ་ང་དང་བཟའ་འཐོར་བྱས་པ་འདྲ།། —— འདྲེ་ཐོས། ༠༨-༡༠-༢༠༡༨ ལ། ༄༅།། དྲྭ་གྲོགས་ཤིག་གིས་འདི་འདྲ་ཞིག་བཤད་བྱུང་། འདྲེ་ཞེས་བཤད་ཀྱང་གཟུགས་མེད་ཡི་དྭགས་རིགས་ཤིག་འདོད།། མྱི་འདྲེའི་ཁྱད་པར་གཟུགས་ཡོད་གཟུགས་མེད་ཙམ་ལ་འདོད།། བེམ་པོའི་ཚོགས་ཀྱིས་ཁོར་ཡུག་འབགས་བཙོག་བཟོས་ཞེས་སྨྲ།། རྒྱུགས་སྤྲོད་བྱས་ཚེ་ལན་ནི་འདི་ལྟར་སྨྲ་ཞེས་བརྗོད།། ཅེས་འདྲེ་ཐོ་ངས་དྭ་གྲོགས་@ག་གེ་མོ་ཞིག་གི་བསམ་ཚུལ་དེ་ཡི་གེར་བཀོད་ཡིན། ༄༅།། རྒྱ་ནག་ལྕགས་རིར་གླིང་གི་དཔའ་རྟུལ་བཞེངས།། རྒྱ་ནག་པ་ཡི་གླུ་སྐད་སྙན་མོ་ཞེས།། རྒྱ་ཁུངས་ཡིན་པ་གཞིར་བཞག་བྱས་པའི་ཐོག། རྒྱ་དྲི་བྲོ་བའི་གླུ་དང་གླུ་བ་ལ།། རྒྱ་ནང་བཅུག་པའི་བོད་མིས་བསྟོད་བསྔགས་འཐེན།། གཡག་གི་ཧུར་སྒྲ་བོད་པའི་མི་ལ་སྙན།། ལུག་གི་འབའ་སྒྲ་ལུག་རྫི་རྒད་པོར་སྙན།། འབྲི་མོའི་ངུར་སྒྲ་ཨ་ཅེ་འབྲོག་མོར་སྙན།། བྱ་དེའི་སྐད་དེ་རྒྱ་རིགས་མི་ལ་སྙན།། ཀྲུང་ཀོ་བ་ཡི་སྐད་གདངས་བཟང་བོ་ཞེས།། གར་སྟེགས་རྫིག་པོའི་ཐོག་ཏུ་འཛེགས་ཀྱང་རུང་།། ཤ་དང་རུས་པ་གྲུབ་ས་བོད་ཁམས་ཏེ།། ཁྲག་གི་བཞུར་རྒྱུན་བཙན་པོའི་བརྒྱུད་ལས་བླངས།། གཞན་གྱིས་ཁྱེད་ལ་བསྐྲུན་པའི་གར་སྟེགས་དེ།། གཞན་གྱི་འདོད་མོས་ལྟར་དུ་འཁྲབ་ཕྱིར་བསྐྲུན།། ཨ་མའི་བུ་ཞིག་ཡིན་ཚེ་རང་ཚུགས་མཁོ།། རྒྱ་ནག་ལྕགས་རིར་གླིང་གི་དཔའ་རྟུལ་བཞེངས།། སྤྱིར་ན་སྒྱུ་རྩལ་ཟེར་བར་རྒྱལ་མཚམས་མེད།། དོན་དངོས་སྒྱུ་རྩལ་ཁོ་ན་སྟོན་ཕྱིར་མིན།། ཆབ་སྲིད་ཁེ་དབང་ཞིག་དང་ལྟ་བ་ཞིག། འཛམ་གླིང་མི་ལ་ར་སྤྲོད་བགྱི་བའི་ཕྱིར།། གང་ལྟར་བརྗིད་ཉམས་ལྡན་པའི་གར་སྟེགས་དེ།། དོན་གྱིས་འཇིགས་སུ་རུང་བའི་རྒྱ་རྙི་ཞིག།། བོད་པ་རྒྱ་སྒྱུར་བྱེད་པའི་གཡོ་ཐབས་ཤིག། མི་སེར་ཐབས་ཀྱིས་སྤེལ་སའི་གཡུལ་ས་ཤིག། —— ཅེས་སྨྱོན་པ་བླུན་པོ་ཕྲག་དོག་ཅན་འདྲེ་ཐོས། 2018-10-09 རྩོམ་མཁན་འདྲེ་ཐོའི་གཏམ། མི་མང་བོ་ཞིག་གི་བསམ་ཚུལ་ལྟར། སྤྱིར་དགའ་འོས་པ་ཞིག་དངབསྟོད་འོས་པ་ཞིག་ཡིན་རྒྱུ་རེད་དང་། དེའི་སྐོར་ལ་འདི་འདྲ་རེ་བྲིས་ཡོང་དུས། རང་ཉིད་རང་ལའང་མི་དགའ་བ་དེ་འདྲ་ཆགས་ཡོང་གི་འདུག འོན་ཀྱང་སེམས་ལ་དེ་འདྲའི་དོགས་པ་རེ་སྐྱེས་ཡོང་དུས། མ་བྲིས་ཐབས་མེད་ཅིག་ཏུ་གྱུར་འགྲོ། དགོངས་དག་ཞུ། རྒྱུ་མཚན་དེ་འདྲ་ཞིག་གི་དབང་གིས། གཞན་གྱིས་རང་ཉིད་ལ་སྨྱོན་པ་དང་། བླུན་རྒན། ཕྲག་དོག་ཅན་ཞེས་མ་བརྗོད་གོང་། མཇུག་ཏུ་བྲིས་ཚར་རྗེས་རང་གིས་རང་ལ་མིང་དེ་དག་སྦྱར་ཡོད་དང་། དེ་དག་ནི་འགྱོད་བཤགས་ཤིག་གི་ཚབ་ཏུ་སྦྱར་ཡིན་ཏེ། བསམ་ཚུལ་དང་དོགས་པ་བཅས་ལམ་ལོག་ལྟ་བུར་སོང་ཡོད་ཚེ། བསྐྱར་དུ་དགོངས་ཤིག་ཞུ་འདོདོ་སོང་། ༄༅།། སྨན་རྩྭ། དབྱར་དུས་རྩྭ་དང་དགུན་དུས་འབུ་ཡིན་པའི།། སྨན་རྩྭའི་རྒྱལ་པོ་དབྱར་རྩྭ་དགུན་འབུ་དེ།། སྐྱེ་ས་སྐྱེ་ཡུལ་སྦགས་བཙོག་བཟོས་པའི་རྐྱེན།། དེང་གི་དུས་སུ་སྐྱེ་རྒྱུ་ཇེ་ཉུང་རེད།། སྔོན་མར་བརྒྱ་ཕྱོགས་ཤིག་གིས་བཏུ་ས་དེར།། རིམ་གྱིས་སུམ་བཅུ་བཞི་བཅུས་བཏུ་སའི་གྱུར།། ལོ་རེར་བསྡད་ཀི་ཇེ་ཉུང་ཇེ་ཞན་རེད།། སྒོར་མོའི་ཡོང་འབབ་ཇེ་ཉུང་ཇེ་སྲབ་རེད།། རྒྱ་རྣམས་བྱ་རྒོད་བཞིན་་དང་ཇག་ཚོགས་བཞིན།། འབྲོག་སའི་རི་ཀླུང་གང་གི་གང་མཐོར་བཏབ།། ཁོར་ཡུག་སྦགས་བཙོག་བཟོ་ཞོར་སྨན་རྩྭ་འཐུ།། སྨན་རྩྭ་རྒྱ་ལག་ཤོར་བ་བོད་པའི་གྱོང་།། ཕྱི་མི་གཏན་འགོག་སྲིད་ཇུས་སྤེལ་ནའང་།། ནང་མིའི་ལག་ཏུ་བཏུ་རྒྱུ་ཉུང་དུ་འགྲོ།། སྔོན་མའི་སྨན་རྩྭ་ཆེ་ཞིང་སྤུས་ཀ་བཟང་།། ད་ལྟའི་སྨན་རྩྭ་ཆུང་ཞིང་སྤུས་ཀ་ཞན།། —— ཞེས་@ དྲྭ་གྲོགས་ཤིག་གི་གསུང་བཤད་དེ་འདྲེ་ཐོ་ངས་ཟིན་བྲིས་སུ་ཕབ་ཡིན། ༄༅།། དྲྭ་གྲོགས་རང་དབང་། རང་དབང་ཕེབས་ཐེངས་རེ་ལ་དངོས་བྱུང་རེ།། རང་དབང་བཞུགས་ཐེངས་རེ་ལ་ལོ་རྒྱུས་རེ།། རང་དབང་མཚོག་ཏུ་འཛིན་པའི་རང་དབང་ལགས།། རང་དབང་རྒྱལ་ཁབ་ཞིག་ན་མེད་འདི་སྐྱོ།། —— འདྲེ་ཐོས་དྲྭ་གྲོགས་@རང་དབང་། ལགས་ལ་བྲིས། ༄༅།། ལྷའམ་འདྲེ། འགའ་རེས་ལྷ་ལ་འདོད་ན་ལྷ་བཞིན་བཀུར་རྒྱུ་རེད།། འགའ་རེས་འདྲེ་ལ་འདོད་ཚེ་འདྲེ་བཞིན་གཡོལ་རྒྱུ་རེད།། ཡག་ཤོས་རང་གིས་རང་ཉིད་འདྲེ་རུ་འགྱུར་མ་འཇུག། ལྷ་དང་འདྲེ་ཡི་ཁྱད་པར་ལྷ་འདྲེ་རང་ལ་གསལ།། —— ཐོ་ཐོས། 2018.10.09 ༄༅།། དེ་རིང་གི་རྨ་དུག་ལྕེ། སེམས་དང་བསམ་བློའི་རྨ་ཁ་ཡོངས་སུའི་རིགས།། དུག་སེལ་མཛད་མཁས་ལྕེ་ཡི་རལ་གྲི་ཅན།། ཁ་བའི་ལྗོངས་སུ་བསམ་བློའི་ལྷ་རྗེར་གྲགས།། བླུན་རྨོངས་ནད་ཡམས་འཆད་པའི་རྩལ་གྱིས་འགོག། ཕྲག་དོག་ཅན་གྱི་དུག་གི་ཁ་རླངས་དཀྱིལ།། ལུས་སེམས་གཉིས་ནི་བསམ་གཞིག་ཁྲོད་ནས་རྨས།། རྨ་ཁས་གཡོགས་པའི་སྐུ་དང་ཐུགས་གཉིས་ལ།། གཡུ་བྱུར་གསེར་དངུལ་ལྷན་ཐུམ་རྒྱག་པར་འོས།། —— འདྲེ་ཐོས། 2018.10.09 ༄༅།། དེ་རིང་གི་འོད། མུན་པའི་གླིང་དུ་འོད་ཀྱི་ཟུར་ཙམ་རེ།། མུན་པ་འཇོམས་ཕྱིར་སྦྱིན་པ་གནང་རོགས་ཞེས།། རང་ཉིད་སྒྲོན་མེའི་འོད་དུ་གྲུབ་འདོད་མཁན།། འོད་ཀྱི་མཚན་ཅན་འོད་ལགས་ཉི་མའི་འོད།། —— འདྲེ་ཐོས། 2018-10-10 ༄༅།། མ་ཧཱ་བྷ་ར་ཏཱའི་ཚོགས་པ། ཁོམ་དུས་དང་ནི་དྭ་ལམ་བཟང་བའི་དུས།། ཚོགས་པའི་ནང་དུ་མཉམ་ཞུགས་བྱེད་ཅེས་སྨྲས།། ཁོམ་པ་ཡོད་དུས་དྲྭ་ལམ་བཟང་མི་བཟང་།། ཤིན་ཏུ་ལྐོག་གྱུར་དེ་ལས་ལྐོག་གྱུར་དཀོན།། དྲྭ་ཡི་བཟང་ངན་ཁྱེད་དང་བསྟུན་མི་སྲིད།། ཁོམ་པ་ཡོད་ཀྱང་དྲྭ་ལམ་མ་བཟང་ཚེ།། དམ་པ་ཁྱེད་ནི་འདི་ལ་ཕེབས་མིན་པ།། ངག་ན་མེད་ཀྱང་ཟུར་གྱིས་བསྟན་པ་ཚོར།། ཁ་བདེ་ཡིན་ཚེ་ལྕེ་ཡང་བདེ་བར་གོ།། བདེ་བའི་གོ་བ་ངག་རྩལ་ཡོད་པར་གོ། ཤེས་བྱས་སྟོང་བའི་འདྲེ་ཐོ་ཁ་དང་ལྕེ།། བདེ་རྒྱུ་མེད་ལ་ལེན་རྒྱུ་ཅི་ཡང་མེད། འདྲེ་ཐོ་སྐྲག་ས་བསྐྱར་རྒྱུགས་སྤྲོད་རྒྱུ་དེ།། དེ་ལས་འདྲེ་ཐོ་ཁྱེད་ནི་རང་འགུལ་གྱིས།། ཚོགས་པའི་ཕྱི་ལ་ཕེབས་ན་འགྲིག་གམ་ཞེས།། དྲི་བའི་ཚུལ་དུ་རྒྱང་ཕུད་བཏང་ན་སྐྱིད།། མ་ཧཱ་ཚོགས་པའི་ནང་དུ་ཞུགས་ཐེངས་རེ།། ཡང་ན་དྲྭ་གྲོགས་སེམས་པ་སྙི་མོ་རེས།། རང་གི་གྲོགས་རེ་ཚོགས་པར་འཇུག་ཐེངས་རེ།། རྒྱུགས་སྤྲོད་བྱེད་རྒྱུ་མ་ཧཱ་ཚོགས་པའི་ལུགས།། འདྲེ་ཐོ་ང་རང་ཚོགས་པར་འཇུག་པའི་དུས།། རྒྱུགས་སྤྲོད་ཟེར་བ་ཧ་ལམ་དར་མེད་འདྲ།། འཇིགས་སྐྲག་གང་ཡང་མེད་པར་ཞུགས་ཐུབ་སོང་།། འདང་རེ་བརྒྱབ་ན་ང་ནི་ལས་ཅན་ཞིག། མ་ཧཱ་ཚོགས་པའི་ནང་གི་སེར་མོ་བ།། མ་ཧཱ་ཚོགས་པ་འདི་ཡི་རྒྱན་ཞིག་རེད།། སྤང་ལྗོངས་སྔོན་མོའི་སྟེང་དུ་རྩི་ཤིང་ལས།། མེ་ཏོག་སེར་ཆེན་མེད་ན་སེམས་པ་སྐྱོ།། སེར་ཆེན་མགོ་ལྕོགས་ལྡེམ་ལྡེམ་གཡོ་བ་མཛེས།། སེར་མོས་ཆོས་སྐད་ལྷིང་ལྷིང་སྒྲོག་པ་སྙན།། ཞོར་དུ་མ་དཔྱད་ཅུང་དཔྱད་ཤིན་ཏུ་དཔྱད།། སྟོང་བ་ཉིད་སོགས་གླེང་བར་ངོ་མཚར་ཆེ།། སྐབས་རེར་སྐྱ་བོ་དང་ནི་སེར་མོའི་བར།། རྩོད་པའི་རྦ་རླབས་མཐོ་རུ་འཕྱུར་བྱས་ཀྱང་།། སེམས་ཀྱི་གཅེས་ཕྲུག་ཁ་བའི་ལྗོངས་ཡིན་པས།། རྦ་རླབས་དམའ་རུ་བཏང་སྟེ་མཐུན་ལམ་འཚོལ།། ——- འདྲེ་ཐོས། 2018.10.11 ༄༅།། ཆང་དང་སྙན་ངག ཆུ་ཡི་ངོ་བོ་མེ་ཡི་གཤིས་ཀ་ཅན།། ཆང་གི་ཐིགས་པ་རེ་རེར་ཚོར་བ་རེ།། ཚོར་བ་དེ་དག་ཚིགས་སུ་བཅད་པ་ན།། སྙན་ངག་ཅེས་པ་རྦབ་ཆུ་ཇི་བཞིན་འཕྱོ།། ——- འདྲེ་ཐོས། 2018.10.11 ལ། ༄༅།། མདང་དགོང་ང་ཧ་ལམ་བཟི་ཡོད་པ་འདྲ། མདང་དགོང་། སྙན་ངག་གི་ཡིག་རྒྱུགས་ལོན་ཚར་པའི་ཡི་གེ་དང་། ཚིགས་བཅད་ལས་གྲུབ་པའི་དམག་དཔུང་གི་སྡེ་ཁག་ཅིག ངའི་མགྲིན་པ་འདིའི་འཐབ་ར་དེ་ནས་ཕྱི་ལ་མཆོངས། སྙན་ངག་ལ་རྒྱུས་ཡོད་མཁན། སྙན་ངག་དེ་ངོ་ཡག་པོ་ཤེས་མཁན་གྱི་ཕོ་གསར་གཉིས་ལ། གཡུལ་བཤམས། འཐབ་རྩིས་བྱས། ངས་ཆང་ལ་མེ་ཡི་གཤིས་ཀ་འདུག་ཅེས་སྨྲས། སྨྲ་ཞོར་དང་བསམ་ཞོར། ངའི་སྙན་ངག་གི་གོམ་ཁ་དེ། གནའ་བོའི་སྙན་ངག་གི་རྗེས་ཤུལ་ཞིག་ཏུ་སྤོས། ངས་འདི་ལྟར། ཆུ་ཡི་ངོ་བོ་མེ་ཡི་གཤིས་ཀ་ཅན།། ཆང་གི་ཐིགས་པ་རེ་རེར་ཚོར་བ་རེ།། ཚོར་བ་དེ་དག་ཚིགས་སུ་བཅད་པ་ན།། སྙན་ངག་ཅེས་པ་རྦབ་ཆུ་ཇི་བཞིན་འཕྱོ།། ཞེས་བྲིས་ཡིན། མ་གཞི། མདང་དགོང་གི་སྙན་ངག་དེའི་གོམ་ཁ། སྦི་རག་དང་མིང་བརྗོད་དཀའ་བའི། ཐ་མག་རིགས་མི་འདྲ་བ་ཞིག་གི་དབང་བསྒྱུར་འོག་ཏུ་ཚུད་སོང་བ་འདྲ། ཕོ་གསར་གཅིག་གིས་ཆུ་ནི་སྲོག་ལྡན་མིན་པས། དེ་ལ་གཤིས་ཀ་མེད་ཟེར། ངས་འཛུམ་ཞིག་གིས་ལན་དེ་ཆོག་ནི་བྱེད་འདོད་ཀྱང་། ཕོ་གསར་དེས་མུ་མཐུད་དུ་ངའི་འབྲི་སྟངས་དེ་ནོར་ཡོད་པར་གཞིར་བཞག་ཐོག ངག་མང་བོ་ཞིག་ཁ་ཆུ་དང་མཉམ་དུ་གཏོར་བྱུང་། ངས་ཁ་ཆུ་དེ་དག་གི་བྲོ་བ་ལས། ཆང་གི་གཤིས་ཀ་དང་གཅིག་མཚུངས་ཤིག་ཚོར་བྱུང་། དེ་ཡང་མེ་ཡི་གཤིས་ཀ་རེད་འདུག གཤེར་ཁུ་ཡིན་པ་ལ་ཆུའི་ངོ་བོའམ་རང་བཞིན་ལྡན་པའི་ཁ་ཆུ་དེ་ལའང་། མེའི་གཤིག་ཀ་ལྡན་ཡོད་པ་མདང་དགོང་ནས་ཚོར་བཅུག་སོང་། ཕོ་གསར་གཞན་པ་དེས། ཁྱེད་ཀྱི་སྙན་ངག་ནང་དུ་མཚོན་རྟགས་མི་འདུག་ཅེས་སྨྲས་བྱུང་། ཁོང་གི་བཤད་ཚུལ་ལ་བརྟགས་ན། ཁོང་གི་འདུ་ཤེས་དེ་ནི་ཧ་ལམ་གཞན་གྱིས་བཟོས་པའི་གའུ་རྙིང་པ་ཞིག་ལས་ཐར་གི་མེད་པ་འདྲ། ངས་ཆང་ལ་མེ་ཡི་གཤིས་ཀ་ལྡན་ཞེས་བྲིས་པའི་མཚོན་རྟགས་དེ། ཆང་རེད་དམ་ཆང་གིས་བཟི་བའི་བཟི་བོ་དེའི་ཀུན་སྤྱོད་རེད་ཅེས། དྲི་ཚིག་འགའི་རྣ་ལོང་ཞིག་ཁོང་ལ་འདོགས་འདོད་ཀྱང་། ཁོང་གི་རྣ་བ་དེ་རྣོ་ལས་མཁྲེགས་པ་འདྲ། ངས་མགར་འདོད་པའི་རྣ་ལོང་དེ་མཚམས་འཇོག་བྱས། དགོང་བསླེབས་ནས་ཡུན་རིང་ཞིག་ཏུ་སོང་ཚར་འདུག ཕོ་གསར་གཉིས་ཀྱང་མོ་གསར་འགའ་ཞིག་དང་མཉམ་དུ། མདང་དགོང་མཚན་མོ་དེའི་གློག་འོད་ནས་རིམ་གྱིས་ནག་ཁུང་དུ་འཐིམ། བཤད་སྲོལ་ལ། ཕོ་གསར་རྫིག་པོ་དེ་གཉིས་ལས། གཅིག་དེས་ཉིན་འགའི་རྗེས་སུ། བརྒྱ་ཆ་བདུན་བཅུའི་སྐར་མ་ཐོབ་ཡོད་མཁན་ཞིག་དང་མཉམ་དུ། གཉེན་སྟོན་བྱེད་རྒྱུ་རེད་ཟེར། མགྲོན་ཤོག་དེ་ང་ལའང་ཧ་ལམ་འབྱོར་ཡོད་པ་འདྲ། ང་ལ་མུ་མཐུད་དུ་སྦི་རག་ལས་རྡོས་པའི་དབུ་བས། ལྭ་བ་དཀར་པོ་ཅན་གྱི་སྨན་ཞབས་པས་བཞིན། སྐད་ཆ་ཅི་ཡང་མི་སྨྲ་བར་འཕུར་མཉེད་བྱེད། མིང་བརྗོད་དཀའ་བའི་ཐ་མག་དམིགས་བསལ་བ་དེ། སྦར་ནས་ཚར་ལ་ཁད། མདང་དགོང་། ང་ཧ་ལམ་བཟི་ཡོད་པ་འདྲ། ——- འདྲེ་ཐོས། 2018.10.11 ལ། ༄༅།། དྲྭ་བའི་འཇིག་རྟེན། དྲྭ་ནང་ཆ་མེད་མི་ཡིས་ཆ་མེད་པར།། ཁ་བརྡ་རྩེ་མཚར་ཞོར་དུ་དམའ་སར་འགྲོ།། དམའ་སའི་ཁ་དེའི་དབྱིབས་དང་མདོག་བཅས་པ།། ཤེས་འདོད་ཡོད་ཅེས་སྦ་གསང་མེད་པར་བཤད།། རིམ་གྱིས་རིམ་གྱིས་ཆ་རྒྱུས་ཡོད་པར་མཐོང་།། བསམས་ཤིང་བསམས་ན་ཚོར་བ་ཡོད་པ་འདྲ།། རྩེ་ཞོར་དགོད་ཞོར་ཆགས་ཉམས་ཆགས་གཏམ་ཐོན།། གོམས་ཀྱིན་གོམས་ཀྱིན་ཕན་ཚུན་འདང་ཇེ་ཆེ།། སྤྱིར་ན་དྲྭ་བའི་འཇིག་རྟེན་ལྐོག་གྱུར་རེད།། ཁ་པར་འཆར་ཤེལ་རེ་རེའི་རྒྱབ་ལོགས་སུ།། གང་ལ་མོས་ན་དེ་ཉིད་ཐོབ་འདོད་པའི།། འཇིགས་སུ་རུང་བའི་རྔོན་པ་རེ་རེ་ཡོད།། མ་གཞི་ང་ལ་དེ་འདྲའི་ཐེ་ཇུས་དང་།། བསླབ་བྱའི་ཚུལ་དུ་ཁྱེད་ལ་ལམ་སྟོན་པར།། རྣམ་དཔྱོད་མེད་ཅིང་ཐོབ་ཐང་མེད་ནའང་།། ཁྱེད་ལ་དུངས་པའི་རྐྱེན་གྱིས་འབྲི་དགོས་ཆགས།། ཁྱེད་ཡང་ངི་ཡི་སེམས་ཀྱི་ཏིག་ཏིག་བོ།། ལྷན་དུ་འགྲོགས་ཤིང་མཉམ་དུ་ཉལ་ན་འདོད།། དགའ་བའི་བུ་ག་དེའི་ནང་སྐྱེས་ནའམ།། ཡང་ན་དེ་ཡི་ནང་དུ་འཇུག་ན་འདོད།། མདང་དགོང་རྨི་ལམ་ངོགས་སུ་ཡང་ཡང་དུ།། ཁྱེད་ཀྱི་སྐུ་ལ་མཇལ་བར་གྲངས་ཀ་མེད།། ཁྱེད་དང་ལུས་འབྲེལ་བྱས་པའི་རྨི་ལམ་རྨིས།། བསྐྱར་དུ་ལུས་འབྲེལ་བྱེད་པར་སྟབས་ཀ་འཚོལ།། ཁྱེད་ལ་མགོ་དཀྲིས་དམར་པོ་ཡོད་པ་འདྲ།། དེ་ཉིད་རླུང་གིས་ཁུར་བར་ཁོང་གིས་བརྙབས།། བསམ་ན་ཁྱེད་ཀྱིས་བསམ་བཞིན་བསྐུར་བ་འདྲ།། ང་དང་ཁ་བརྡ་བྱེད་འདོད་རྣམ་པ་བསྟན།། ——- འདྲེ་ཐོས། 2018.10.13 ༄༅།། སྐྱབས་འགྲོ་དང་བླ་མ། སྔོན་མར་བོད་ལ་སངས་རྒྱས་དམ་པའི་ཆོས།། དར་མ་ཐག་དང་ཅུང་ཙམ་དར་བའི་རྗེས།། སངས་རྒྱས་ཁོ་ནར་སྐྱབས་སུ་གསོལ་བ་ལས།། ཡོན་ཏན་གཞི་གྱུར་བླ་མ་ཆུང་ངུར་མཐོང་།། དེའི་ཕྱིར་བླ་མའི་བཀའ་དྲིན་ཡོན་ཏན་བཅས།། འབངས་ཀྱིས་རྟོགས་ཕྱིར་སྐྱབས་འགྲོའི་ཚིག་བཞིའི་འགོར།། སྐྱབས་སུ་མཆི་ཡུལ་དང་པོར་བླ་མ་དྲངས།། གཉིས་པ་དེ་ལ་ད་གཟོད་སངས་རྒྱས་འདྲེན།། སྤྱིར་ན་སངས་རྒྱས་དེ་ནི་བླ་མའི་གཙོ།། བླ་མའི་མ་གྱུར་སངས་རྒྱས་ཡོད་རེ་སྐན།། སངས་རྒྱས་ཡིན་ཞིང་བླ་མ་མིན་པ་དཀོན།། སངས་རྒྱས་སྐྱབས་སུ་བཟུང་ན་བླ་མའང་བཟུང་།། ——- ཤོ་ལོ་ཀ་གསུམ་ལས་དང་པོ་དང་གཉིས་པ་གཉིས་ནི་དྲྭ་གྲོགས་ཤིག་གི་གསུང་བཤད་དེ་ཕབ་ཡིན་དང་། ཤོ་ལོ་ཀ་གསུམ་པ་དེ་ནི་འདྲེ་ཐོ་ང་རང་གི་བསམ་ཚུལ་དེ་ཡི་གེར་བཀོད་ཡིན། 2018.10.13 ༄༅།། ཉལ་སའི་ནང་གི་འགན་གཙོ་བོ། ཉལ་རྒྱུ་ཁོ་ནའི་འགན་ལས་མེད་ཟེར་ན།། ཉལ་སའི་ནང་གི་འགན་དེ་འགན་མིན་ནམ།། ཚེ་གྲོགས་མཉམ་དུ་ཚེ་འདིའི་སྐྱིད་པོ་དེ།། མཉམ་དུ་བསྒྲུབ་རྒྱུའི་འགན་དེ་འཁུར་མིན་ནམ།། ནུ་མོར་དུངས་བཞིན་ཁྱེད་ལ་དུངས་བའི་ཐོག། ཕོ་ཡིས་མོ་ལ་དུངས་བའི་དུང་བ་ཡོད།། དུང་བ་གཉིས་ལྡན་ཞིག་གི་གཅེས་སྐྱོང་ཁྲོད།། འདོད་པའི་ཚ་བས་བསྲེགས་པར་གྲངས་ཀ་མེད།། ནུ་མོའི་ཚད་ལ་བཞག་ཡོད་འཇོག་ནའང་འདོད།། འོན་ཀྱང་ཁྱེད་ཀྱི་སྐྱེ་གཟུགས་འཛུམ་དམུལ་དང་།། ཁྲ་ཆུག་མིག་གི་མདངས་སོགས་དྲན་པའི་ཚེ།། ད་ལྟ་ཉིད་དུ་ཁྱེད་དང་འབྲེལ་ན་འདོད།། ནམ་ཞིག་ཁྱེད་དང་ང་གཉིས་ཕྲད་གྱུར་ཚེ།། ཁྱེད་སྐུའི་གསང་བའི་གནས་དེར་གནས་མཇལ་དུ།། དཀའ་བ་དཔག་ཏུ་མེད་པར་བརྒྱུད་དགོས་ཀྱང་།། ཐེངས་ཤིག་མཇལ་རྒྱུའི་རེ་བ་བཅངས་ནས་ཡོད།། ——- འདྲེ་ཐོས། 2018.10.13 ༄༅།། མཁས་པ་དང་སློབ་མ། སྤྲུལ་སྐུ་མཁས་པ་བླ་མ་ཡིན་མདོག་གིས།། ལུས་ངག་ཡིད་གསུམ་ཁྲེལ་མེད་གྱུར་བྱས་ཏེ།། རང་གི་སློབ་ཕྲུག་དགེ་ཕྲུག་སློབ་མ་བཞིན།། མ་བརྩིས་མ་བསྐྱངས་ཚེ་ན་ཉེས་པ་ཆེ།། སྐྱོན་འཛུགས་ཁྲོད་དུ་ཉེས་པ་ངོས་ལེན་དང་།། འབངས་ཀྱི་ཁྲོད་དུ་ཉེས་པ་བརྗོད་བྱེད་ཅིང་།། ཉེས་པར་རན་པའི་ཁྲིམས་ཆད་གཏོང་དགོས་པ།། རྒྱལ་ཁམས་ཡར་རྒྱས་གཏོང་བའི་ཐབས་ལམ་ཞིག། ཆོས་ཀྱི་ཉེས་པ་ཕོག་དང་མི་ཕོག་དང་།། ཆོས་པས་ཉེས་པ་གཏོང་དང་མི་གཏོང་སྟེ།། ཆོས་པ་དག་གི་ཐུགས་ན་གསལ་ལྷིང་ངེར།། མི་སྐྱ་འདྲེ་ཐོར་མཚོན་ན་རྒྱུས་མེད་ཅིག། —— འདྲེ་ཐོས། 2018.10.14 ༄༅།། ང་། ང་ནི་སྟོང་བ་ཐོས་ཀྱང་སྒྲའང་སྟོང་།། སྒྲ་ནི་སྟོང་བས་ངག་དང་འབྲེལ་ཡང་སྟོང་།། ཆོས་ནི་སྟོང་བ་ཤིན་ཏུ་དཔྱད་པས་སྟོང་།། བདེན་པར་འདོད་པ་སྣང་ངོའི་སྟོང་བས་གྲུབ།། ང་ནི་མི་རྟག་ནམ་འཆི་ངེས་མེད་རེད།། ང་ནི་རྫུན་མ་རྒྱལ་ཁུངས་མི་རིགས་གཞན།། ང་ནི་བཅོས་མ་ཁ་ཁོག་གཉིས་འགལ་རེད།། ང་ནི་བཟོས་མ་སྣ་ཚོགས་བསམ་བློས་བསྐྲུན།། ང་ནི་ཡོད་ཀྱང་དོན་གྱིས་ཡོད་མ་ཡིན།། ཡོད་ཀི་འདོད་པ་སེམས་ལ་སྣང་ཚུལ་ཞིག། སེམས་དང་བྲལ་ཚེ་ལྷག་མ་བེམ་པོ་ཙམ།། ང་ཡི་འདུ་ཤེས་ང་ལས་རྒྱང་དུ་ཕྱིན།། —— སྨྱོས་འདུག་པའི་འདྲེ་ཐོས་བྲིས། 2018.10.14 ༄༅།། ངན་པས་རང་རྩིས། ངེད་ཅག་བོད་པའི་རིགས་ནི་རིགས་མཐོ་ཞེས།། ངན་པའི་རང་བསྟོད་ཡིན་མིན་མི་ཤེས་པའི།། བསྟོད་པ་དེའི་རིགས་ཅུང་ཙམ་ཐལ་དྲགས་པའི།། བསམ་ཚུལ་ཕྲན་བུས་འདྲེ་ཐོ་ཡ་མཚན་བཅུག། མཐོ་སའི་རིགས་སུ་ཚུད་པའི་མི་རིགས་ཤིག། ཡིན་ཞེས་རེད་ཅེས་རང་གི་རིགས་འདི་ལ།། མཐོང་ཆེན་དང་ནི་ཞེ་འདང་ཡོད་པ་དེར།། འདྲེ་ཐོ་དགའ་བར་འོས་པ་འགྲོ་སྟངས་ཤིག། ངན་པར་རང་རྩིས་ཆེ་བའི་དཔེ་བཞིན་དུ།། རང་ཉིད་གཞན་ལས་མཆོག་ཏུ་འཛིན་པའི་ནད།། ནད་ཡམས་ཇི་བཞིན་མང་བོར་ཡོད་གྱུར་ཚེ།། རྒྱལ་ཁམས་ཡར་རྒྱས་གཏོང་བའི་འགག་རྡོའི་གྱུར།། དངོས་གནས་གཞན་གྱི་རིགས་ལས་ཕུལ་བྱུང་གི། རིགས་ཤིག་ཡིན་དང་རིགས་དེ་མཐོ་ཟེར་ན།། ད་ལྟ་རྒྱལ་ཁབ་དང་ནི་རང་དབང་བཅས།། གཞན་འོག་ཚུད་ཅིང་གཞན་དབང་འགྲོ་དོན་ཅི།། དངོས་གནས་གཞན་ལས་ཕུལ་བྱུང་རིགས་ཡིན་ན།། གཞན་གྱིས་མིག་དཔེར་བལྟ་སའི་རྒྱལ་ཁམས་མཁོ།། གཞན་གྱིས་ཡིད་སྨོན་བྱེད་སའི་སྡེ་བ་མཁོ།། གཞན་གྱིས་སེམས་པ་འཆོར་སའི་ཁྱིམ་ཚང་མཁོ།། —— འདྲེ་ཐོས། 2018.10.14 ༄༅།། ཁྱེད་ནི་ང་ལ་དབྱར་ཁའི་མེ་ཏོག་ཅིག ཡུན་རིང་ཡུན་རིང་ཞིག་ཏུ་མ་གྲགས་ཀྱང་།། ཐོ་ཐོའི་སེམས་ན་ཁྱེད་ཉིད་བརྗེད་ཀི་མེད།། སྟོན་ཁའི་ལོ་མ་སེར་པོ་འཐོར་བའི་ཁྲོད།། ཁྱེད་ནི་སྔར་བཞིན་ང་ཡིས་ལྗང་ཁུར་མཐོང་།། སྟོན་ཁའི་རླུང་བུ་རྣ་བར་ཤིར་ཤིར་གྲགས།། སྡོང་འགོའི་ན་ལོ་མིག་ན་ཤུག་ཤུག་ལྷུང་།། དབྱར་དུས་ལྡེམ་ལྡེམ་གཡོ་བའི་མེ་ཏོག་དག། ཡིད་ལ་དྲན་ཐེངས་རེ་ལ་ཁྱེད་ཉིད་དྲན།། ཁྱེད་ནི་ང་ལ་ལོ་མ་ལྗང་ཁུ་སྟེ།། ཁྱེད་ནི་ང་ལ་དབྱར་ཁའི་མེ་ཏོག་ཅིག། ཁྱེད་ཉིད་བརྗེད་ཀི་མེད་ཅིང་དྲན་གི་ཡོད།། ཁྱེད་དང་མཇལ་ཚེ་ཁྱེད་ཉིད་སྐྱིད་ལ་འགོད།། —- འདྲེ་ཐོས། 2018.10.14 ༄༅།། དགེ་བསྙེན་གྱི་སྡོམ་པ། “ གསོད་རྐུ་སྨྲ་དང་ལོག་པར་གཡེམ།། མྱོས་འགྱུར་འཐུང་བ་ལྔ་སྤོང་བ།། དགེ་བསྙེན་གྱི་ནི་སྡོམ་པ་འོ།། སྣ་གཅིག་སྣ་འགའ་ཕལ་ཆེར་སྤྱོད།། ཡོངས་རྫོགས་སྤྱོད་དང་ཚངས་སྤྱོད་དང་།། སྐྱབས་འགྲོའི་དགེ་བསྙེན་རྣམ་པ་དྲུག། རྩ་བ་བཞི་ལས་གཅིག་གཉིས་གསུམ།། འདོད་ལོག་མི་ཚངས་སྤྱོད་སྤོང་དང་།། སྐྱབས་འགྲོ་ཙམ་གྱི་དགེ་བསྙེན་དུ།། ཁས་ལེན་རྣམས་དང་གོ་རིམ་བཞིན།།” རྩ་བ་བཞི་དང་མི་ཚངས་སྤྱོད་པ་བཅས།། རིང་དུ་སྤངས་པའི་དགེ་བསྙེན་སྡོམ་པ་དེ།། ཀུན་ལ་བདེ་བ་འབྱུང་བའི་ཉམས་ལེན་ཞིག། ཀུན་དང་མཐུན་པའི་སྡོམ་པ་ཡ་མཚན་ཞིག། བཟའ་ཚང་མཐུན་པས་་ཁྱིམ་ཚང་བདེ་ལ་འགོད།། ཁྱིམ་ཚང་བདེ་བས་ཡུལ་དེར་བདེ་སྐྱིད་བསྐྲུན།། ཡུལ་ཁམས་བདེ་བས་གླིང་འདི་ཞི་བདེའི་ཆགས།། བསྒྲུབ་འོས་དགེ་བསྙེན་སྡོམ་པ་བདེ་བའི་གཏེར།། ང་ལ་མཚོན་ན་ད་རུང་ཅུང་ཙམ་དཀའ།། སྲོག་གཅོད་ལོག་སྨྲ་རྫུན་སྨྲ་རྐུ་ཇག་བཅས།། ཁྲེལ་མེད་ལུགས་མེད་སྙིང་རྗེ་མེད་མཁན་གྱི།། ཐ་ཤལ་སྤྱོད་པ་དེའི་རིགས་དོར་ན་ཆོག། ཡིན་ཡང་བདུད་རྩི་ཆང་གི་བཟི་ཁ་དང་།། ཐ་མ་ཁ་ཡི་བྲོ་བ་དམིགས་བསལ་བ།། ལྷག་ཏུ་ན་ཆུང་བུ་མོའི་འདོད་གཏམ་དང་།། བརླ་ཤ་འཇམ་པོར་འབྲལ་རྒྱུ་ཁག་པོ་ཞིག། དེ་བས་རེ་ཞིག་དགེ་བསྙེན་སྡོམ་པ་དེ།། མ་འོངས་བསྒྲུབ་བྱའི་རེའུ་མིག་ནང་དུ་བཀོད།། ད་ལྟ་ད་རུང་རྣོ་གྲུབ་མདུང་རྩེ་ཞིག། རི་དྭགས་མིག་ཅན་བརྔོན་ཞིང་བསྣུན་ན་འདོད།། བསྒྲུབ་པར་འདོད་པའི་དགེ་བསྙེན་སྡོམ་པ་དེས།། མཐའ་གཅིག་ཡོངས་སུ་འགོག་པར་མི་བྱ་ཞིང་།། རེ་རེའི་སེམས་དང་གཤིས་ཀར་བསྟུན་བྱས་ཏེ།། གཅིག་ཏུ་མ་ངེས་གདམ་ང་གནང་བ་རྨད།། ཕོ་མོ་གང་རུང་གཉེན་སྒྲིག་བྱས་གྱུར་ཚེ།། གཞན་གྱི་ཆུང་མ་དང་ཁྱོ་ག་ཞེས།། མི་ཡིས་མི་ལ་བདག་དབང་འཛིན་བཅུག་སྟེ།། གང་རུང་ཞིག་ལ་འབྲེལ་ཚེ་ལོག་གཡེམ་བརྗོད།། མི་ནི་སྐྱེ་དུས་གཅིག་བུར་སྐྱེས་ནས་ཐོན།། རྗེས་སུ་འགྲོ་སྐབས་འགྲོགས་མཁན་མེད་ཅིང་ཕྱིན།། དེ་ཡི་ཆུང་མ་དང་ནི་ཁྱོ་ག་ཞེས།། བདག་ཏུ་འཛིན་པ་དོན་གྱིས་ནོར་འཁྲུལ་ཞིག། དེ་བས་ཕོ་མོ་གང་རུང་གྲུབ་པ་ཡི།། ཆུང་མ་དང་ནི་ཁྱོ་ག་གང་རུང་གིས།། ཆུང་མ་གཞན་དང་ཁྱོ་ག་གཞན་མཉམ་དུ།། འདོད་པར་སྤྱད་པར་ལོག་གཡེམ་བརྗོད་མི་བྱ།། ཕ་མ་གཅིག་ལས་སྐྱེས་པའི་མིང་སྲིང་གིས།། ཕན་ཚུན་འཁྲིག་སྤྱོད་བྱས་ཚེ་ལོག་གཡེམ་དང་།། ཕ་སྤུན་མ་སྤུན་ཁྲག་རྒྱུད་གཅིག་པ་ཡི།། གཉེན་ཉེའི་བར་གྱི་འཁྲིག་སྤྱོད་ལོག་གཡེམ་ཡིན།། དེ་ལྟར་བསམ་ན་མི་ཚངས་སྤྱོད་པའི་སྡོམ།། སྣ་ཁ་གཅིག་ལ་དྲངས་ཏེ་བླངས་ན་ཆོག། ཉི་མ་དེ་རིང་ནས་བཟུང་འཆི་བའི་བར།། ལོག་གཡེམ་བྱེད་རྒྱུ་མིན་པར་དམ་བཅའ་འཇོག། —— འདྲེ་ཐོས། 2018.10.15 ༄༅།། བརྔོན་ན་འདོད་པའི་རི་དྭགས་མིག་ཅན་མ། ཤིན་ཏུ་ན་ཆུང་ཡིན་པའི་དུས་ཤིག་ལ།། ངའང་ཕོ་གསར་ཡིན་པའི་སྐབས་ཤིག་ལ།། ཁྱེད་སྐུ་མཐོང་བར་གྲགས་ཀ་ལོན་རྒྱུ་དཀའ།། དེ་དུས་ཁྱེད་ཉིད་སྙིང་རྗེ་སྙིང་རྗེ་ཞིག། 😊 རྗེས་སུ་ཡུན་རིང་ཞིག་ཏུ་འབྲེལ་བ་བརླགས།། གོ་རྒྱུ་ཚོར་རྒྱུ་མེད་པར་ལོ་མང་འགྱངས།། དེ་རིང་བསྐྱར་དུ་ཁྱེད་སྐུར་མཇལ་རྒྱུ་བྱུང་།། ཁྱེད་ནི་བརྔོན་ན་འདོད་པའི་རི་དྭགས་ཤིག། 😘 ཡིན་ཡང་དགེ་བསྙེན་སྡོམ་པར་འགལ་མིན་ཞེས།། སྣ་གཅིག་དྲངས་པ་ཁྱེད་ཀྱིས་མཐོང་ཡོད་འདྲ།། སྲོག་རྐུ་སྨྲ་དང་མི་ཚངས་སྤྱོད་པ་ལས།། གཅིག་དེ་སྤངབྱའི་ཡུལ་དུ་བཞག་ཡོད་ཀྱེ།། 🙏 ——— ཐོ་ཐོས། ་2018.10.15 ༄༅།། ནག་ཚང་བུ་མོའི་མཚན་དཔྱད། ནག་པོའི་ཚང་ན་ཉར་བའི་བུ་བུ་མོ།། དོན་གྱིས་དམར་པོ་ཞིག་གི་ཁུགས་སུ་བསྟིམས།། འོན་ཀྱང་མང་བོ་ཞིག་གིས་ཚོར་གྱི་མེད།། ཡིན་ཡང་ནག་ཚང་བུ་མོ་ཁྱེད་ཀྱིས་རྟོགས།། འདིར་ནག་ཚང་ཞེས་པ་ནི་ང་ཚོ་མུན་ནག་ཏུ་འཇུག་མཁན་གྱི་རིགས་དེས་དབང་བསྒྱུར་བྱས་པའི་ཡུལ་ཁམས་དེ་ལ་གོ་ཆོག་དང་། ཡུལ་ཁམས་དེ་ནི་དཀར་ཕྱོགས་དང་བཟང་སྤྱོད། ཞི་བདེ་བཅས་ཀྱི་ཕྱོགས་ལ་འབད་འབུང་མི་བྱེད་པའི་ནག་ཕྱོགས་སུ་ཡོད་པའི་ནག་པོའི་ཚང་ལྟ་བུ་སྟེ། ང་ཚོའི་མེས་པོ་ལས་མཆེད་པའི་བུ་དང་བུ་མོ་དག་བཙན་དབང་གིས་དེ་ལ་ཉར་ཡོད་པ་དང་། ཉར་ཡོད་པའི་ཐོག ཁོང་ཚོའི་དཔར་པོའི་ལྟ་བའམ་བསམ་བློ་དེས་ཅི་ཐུབ་དང་། གཡོ་ཐབས་སྣ་ཚོགས་ཀྱིས་འགྱུར་བ་དང་བསྒྱུར་བ་གཏོང་ཅི་ཐུབ་གཏོང་གི་ཡོད་པ་ལ་གོ་ཆོག ཡང་“དམར་པོའི་ཁུགས་སུ་བསྟིམས་།” ཞེས་པ་དེའི་སྐོར་མང་ཙམ་རེ་འགྲེལ་ན། དམར་པོའི་ལྟ་བ་འཁྲེགས་འཛིན་བྱས་ཡོད་པའི་དམར་པོའི་དར་ཆའི་བདག་པོ་ཡིན་པའི་དམར་མདོག་དེ་དག་ནི་ཅི་ཞིག་གིས་དམར་པོར་བསྒྱུར་བ་ཡིན་མིན་ལའང་བསམ་གཞིག་བྱེད་རྒྱུ་ཡོད་ལ། དེ་ནི་ཚོན་ལས་གྲུབ་པ་ཞིག་ཡིན་མིན་དང་། ཡང་ན་མི་རིགས་གང་རུང་ཞིག་གི་ཁྲག་ལས་གྲུབ་པ་ཡིན་མིན་དང་། ཁྲག་འདོན་པ་ལ་སེམས་ལྡན་གང་རུང་ཞིག་གི་སྲོག་བརླག་ཏུ་འཇུག་དགོས་པ་དང་སྲོག་གཅོད་དགོས་པ་བཅས་ལ་གཞིག་རྒྱུ་ཡང་ངའི་སྙན་ངག་གམ་ཚིགས་བཅད་དེ་ཚོའི་སཔྱད་བྱའོ། དེ་ནས་གོང་གི་ནག་ཚང་བུ་མོའི་མཚན་དཔྱད་ཅེས་པའི་ཤོ་ལོ་ཀ་དེའི་ཚིག་རྐང་གསུམ་པ་དང་བཞི་བ་ནི། ཧ་ཅང་ལས་སླ་བོའི་ངང་གོ་ཆོག་པ་ཞིག་རེད་འདོད། དེ་བས་འགྲེལ་བར་མི་བྱའོ། ཡང་གཅིག་བཤད་ན། ནག་ཚང་བུ་མོས། ངས་བྲིས་པའི་“ དོན་གྱིས་དམར་པོ་ཞིག་གི་ཁུགས་སུ་བསྟིམས་།”ཞེས་པར། རང་ཉིད་བཙུན་མ་ཞིག་རེད་ཅེས་བཤད་གི་ཡོད་པར་འདོད་པའི་དོགས་པ་དེ་བསལ་ཕྱིར། ངས་འདིར་“ དོན་གྱིས་དམར་པོའི་ཁུགས་སུ་བསྟིམས།” ཞེས་པའི་ཚིག་རྐང་དེ་ལྟ་བུ་ཞིག་ཚིག་རྐང་གཞན་པ་ཞིག་དང་སྦྱར་ཏེ་བྲིས་ན། འདི་ལྟར་ཏེ། འདོད་པས་སྨྱོས་ཀྱང་འདོད་པ་སྦས་དགོས་ཤིང་།། ཉམས་ལེན་ཁྲོད་དུ་འདོད་པ་སྤང་དགོས་པའི།། རབ་བྱུང་བཙུན་མ་དེ་དག་སྙིང་རེ་རྗེ།། དོན་གྱིས་དམར་པོ་ཞིག་གིས་གཡོགས་པ་ཙམ།། འདིར་བཤད་པ་ནི་རབ་ཏུ་བྱུང་བའི་བཙུན་མ་དེ་ཚོ། ང་ཚོ་མི་སྐྱ་དང་མི་འདྲ་ས་ཤིག་ཡོད་པ་ནི་དམར་པོ་ཞིག་གིས་གཡོགས་པ་ཙམ་ལས། ཁོང་ཚོ་ལའང་ཆགས་པ་ནི་ཡོད་སྲིད་ཅེས་པའི་དོན་དང་། ཡོད་ཀྱང་ཁོང་ཚོས་འདོད་ཆགས་དེ་སྦས་ཅི་ཐུབ་སྦས་བྱས་ཏེ། ཉམས་ལེན་དང་སྒྲུབ་སྦྱོང་གི་ཁྲོད་སྤང་ཅི་ཐུབ་སེམས་དང་བརྒྱུད་ནས་སྤང་གི་ཡོད་ཅེས་བཤད་ཡོད་ལ། ཡང་ཞོར་དུ་ཙམ་སྒྲ་དེ་ལས། ཁྱེད་ཚོའི་སྐུ་དེ་རས་དམར་པོ་ཞིག་གིས་གཡོགས་ཡོད་པ་ཙམ་ལས། དངོས་སུ་ལྕགས་དང་རྣོ་ཡིས་གྲུབ་པའི་ཁྲབ་ལྟ་བུ་ཞིག་གིས་བསྟིམས་ཤིང་བསྡམས་མེད་པས། དེ་ལས་ཐར་བར་བྱེད་འདོད་ཡོད་ན་བྱེད་ཆོག་ཆོག་དང་། དེ་ནི་རས་ལྭ་ཙམ་ཞིག་གོ། སྟོན་པའི་ན་བཟའ་ཞེས་བཀུར་བར་འོས་པ་དང་། བརྒོལ་བར་མི་རུང་བ་ཞིག་ལ་མང་བོ་ཞིག་གིས་འདོད་ཀྱང་། དེ་ནི་རས་ལྭ་ཙམ་མོ་ཞེས་རང་གི་སེམས་ཚོར་བརྗོད་ཡོད། དེ་ནས་རིམ་གྱིས་བདེ་སྦྱིན་དཔའ་བོ་ལགས་ཀྱི་དྲི་བ། “ བརྗོད་གཞི འདྲེ་ཐོ་ཐོས་བྲིས་པ་དེ་སྙན་ངག་ཡིན་ནམ། ” ཞེས་པར་ལན་རེ་བརྒྱབ་ན་འདི་ལྟར་ཏེ། སྙན་ངག་ཡིན་མིན་ཞེས་པ་ཚོར་བ་ཞིག། ཀློག་མཁན་རེ་རེར་བསམ་ཚུལ་འདྲ་མིན་རེ།། ཁྱེད་ཀྱིས་ཟླ་བ་མཐོང་ན་དགའ་མ་དྲན།། ང་ཡིས་ཟླ་བ་མཐོང་ན་བག་ལེབ་དྲན།། དེ་ལྟར་དེ་ལ་འགྲེལ་བའི་ཚུལ་གྱིས་ཡང་བསྐྱར་ལན་ཞིག་བརྒྱབ་ན་ཡང་འདི་ལྟར་ཏེ། ཁྱེད་ནི་འདོད་པས་སྨྱོས་ཤིང་འདོད་པར་སྤྱོད་སྙམ་པས།། ཁྱེད་ཀྱིས་ཟླ་བའི་ནང་དུ་དགའ་མའི་ངོ་གདོང་མཐོང་།། ང་ནི་ལྟོགས་སྐོམ་ཁྲོད་ན་ལུས་ཡོངས་གཟེར་གྱིས་མནར།། ང་ཡིས་ཟླ་བ་མཐོང་ཚེ་བག་ལེབ་སྐྱ་བོ་མཐོང་།། དེ་ནས་འདྲེ་ཐོ་ངའི་སྙན་ངག་གི་སྐོར་བགྲོ་གླེང་བྱེད་བཞིན་པའི་སྐབས། ཚོགས་གཙོའི་ཐུགས་ལ་ཕོག་སྟེ་སྐད་ཆ་རིན་ཐང་ཅན་ཞིག་ཡིན་ཞེས་སྨྲས་པའི་ལན་དུ། གཏོང་རྒྱུ་སྐྱག་པ་ཡིན་ན་ཐོན་རྒྱུ་སྐྱག་པ་སྟེ།། གཏོང་མཁན་སུ་ཞིག་ཡིན་ན་སྐྱག་པའི་བདག་པོ་ལགས།། རང་གིས་གང་བྱུང་བཏང་བའི་སྐྱག་པའི་སྐྱག་ཚོགས་ལ།། འཁོར་ཡུག་སྦགས་བཙོག་མེད་ཕྱིར་གཙང་སེལ་བཟོ་རོགས་ཞུ།། དང་། གསང་བའི་ལམ་དང་སྨྲ་བའི་ལམ་གཉིས་ནས།། ཐོན་རྒྱུ་མི་འདྲ་ཁ་ཁ་ཡིན་ནའང་།། གཉིས་ཀར་འདྲ་ས་ཡོད་ཚེ་གཅིག་ཏུ་འཛིན།། གཅིག་ཏུ་བཟུང་བ་གང་ཡིན་རང་བློས་དཔྱོད།། ཅེས་འདྲེ་ཐོའི་སྙན་ངག་དང་། འདྲེ་ཐོ་ངའི་སྐོར་གླེང་བའི་མཚམས་དེ་འདི་ནས་འཇོག་པར་བྱའོ། ———- འདྲེ་ཐོས། 2018.10.15 ༄༅།། མི་གཞི་ཟེར་བ་དང་རིག་གནས། མི་གཞི་་བཟང་བ་ཟེར་བ་དོན་གྱིས་བཟང་ཙམ་ཞིག། རིག་གནས་ཅི་ཡང་མེད་ཚེ་བཟང་ཕྱོགས་བསྒྲུབས་བྱས་ཀྱང་།། བསྒྲུབ་བྱར་བསྒྲུབས་པའི་འབྲས་བུ་དེ་ཙམ་སྨིན་མི་ནུས།། སྨིན་ཡང་ས་ཆའི་ཚོད་ཀྱི་རི་དྭགས་ཞེས་པའི་དཔེ་བཞིན་ནོ།། འགྲོ་བ་མི་ཡི་རང་བཞིན་བྱམས་བརྩེ་ཅན།། བརྒྱུད་ན་སྙིང་རྗེ་ལྡན་པ་དཔྱད་པས་ཚོར།། མཐའ་གཅིག་ངན་པ་བརྒྱ་ཆའི་ཉུང་ཤས་སྟེ།། དེ་བས་རིག་གནས་དེ་ནི་གཙོ་བོར་འདོད།། མི་གཞི་བཟང་བ་ཟེར་བའི་བཟང་དེ་ནི།། དོན་གྱིས་ནུས་པ་ཞན་པའི་གཤིས་ཀ་ཞིག། དེ་ལ་བསམ་བློ་དང་ནི་ཤེས་ཡོན་གྱིས།། རམ་འདེགས་ཅི་ཡང་་མེད་ཚེ་མིང་ཙམ་ཞིག། མདོར་ན་མི་གཞི་བཟང་ངམ་མི་བཟང་ཞེས།། བརྗོད་པར་དཀའ་ཞིང་དཔྱད་པར་ཤིན་ཏུ་དཀའ།། སྣ་གཅིག་བཟང་ཞིང་སྣ་འགའ་བཟང་བ་ཡོད།། ཡོངས་རྫོགས་བཟང་བ་གཅིག་རེ་གཉིས་རེ་བཞུགས།། ——-འདྲེ་ཐོས། 2018.10.16 ༄༅།། ཤོ་རྡེའུ་ལས་ཐོན་པའི་མི་སེམས། ངག་སྒོ་གདངས་བ་ཙམ་་དང་སྨྲ་ལྕེ་འགུལ་ཙམ་གྱིས།། སྤྲུལ་སྐུ་མཁའ་འགྲོའི་རིགས་ལ་དམའ་འབེབ་བགྱི་སྤྲོ་བའི།། ཕོ་མོ་རྒན་གཞོན་སྐྱ་སེར་བསྲེས་མ་ཡིས།། དེ་རིང་རང་ཉིད་སྤྲུལ་བའི་སྐུ་ལ་བསམས།། རང་ཉིད་ཆེ་ན་འདོད་ཅིང་མཐོ་ན་འདོད།། རང་ཉིད་སྤྲུལ་བའི་སྐུ་ལ་བཟུང་ན་འདོད།། དོན་གྱིས་རྫིག་པོ་བྱེད་ན་འདོད་པ་ཞིག། འདི་ནི་དེང་དུས་བོད་མིའི་གཤིས་ཀ་ཞིག། བལྟས་ན་རྩེད་མོ་ཙམ་དུ་སོང་ནའང་།། དོན་གྱིས་རང་ཉིད་རྒྱལ་པའི་ཤོ་རྡེའུ་ཞིག། འབབ་ན་བསམ་པ་ཀུན་གྱི་འདོད་ལོ་ཞིག། དེ་ཡིས་རེ་རེའི་བསམ་བློ་དམར་རྗེན་ཕུད།། དེའི་ཕྱིར་གཞུག་མ་ནས་བཟུང་ཚོམས་འདི་རུ།། སྤྲུལ་སྐུ་མཁའ་འགྲོའི་རིགས་ལ་མི་དམན་རོགས།། དེ་དག་བཟང་ངན་ཅི་ཡང་མི་གླེང་རོགས།། རང་ཁ་རང་གིས་བཀག་སྟེ་བཞུགས་རོགས་གསོལ།། ——- ཐོ་ཐོས། 2018.10.18 ༄༅།། འདྲེ་ཐོའི་བསམ་ཚུལ། ཐེ་ཇུས་ཤིན་ཏུ་བྱས་ཚེ་ཤིན་ཏུ་ནས།། ཇུས་གཏོགས་ཆེ་རུ་འདོད་ཅིང་བསྲུང་མི་བྱ།། མི་ལ་སྤེལ་བའི་ཆོས་ཤིག་ཡིན་གྱུར་ན།། མི་ཡི་ཁམས་དང་ལུགས་ལ་བསྟུན་པར་བྱ།། གོང་གི་ང་རང་གིས་བྲིས་པའི་ཤོ་ལ་ཀ་དེ་ལ་ང་རང་གིས་འགྲེལ་ན། འདི་ལྟར་ཏེ། ཆོས་སྨྲ་མཁན་དག་གིས་མིའི་སྤྱི་ཚོགས་ནང་དུ་ཐེ་ཇུས་མང་དྲགས་ནའམ། ཡང་ན་གང་བྱུང་མང་བྱུང་ལ་ཐེ་ཇུས་བྱས་ཚེ། མི་རྣམས་ཀྱིས་ཚོར་བའི་ནང་དུ་ཆོས་སྨྲ་བ་དག་ནི་ཐེ་ཇུས་བྱེད་རྒྱུར་ཤིན་ཏུ་དགའ་བར་འདོད་པའམ། ཐེ་ཇུས་བྱེད་རྒྱུ་དེ་ཤིན་ཏུ་ནས་ཆེ་དྲགས་སོང་འདོད་དེ། ཆོས་པ་དག་གིས་གཏན་ལ་ཕབ་པའི་བསྲུང་བྱའམ་ཁྲིམས་ལྟ་བུའི་འགྲིག་དེ་དག་འབངས་མི་སེར་གྱིས་བསྲུང་བར་མི་བྱའོ། བསྲུང་བར་དཀའོ། ཞེས་བརྗོད་འདོད་པ་ཡིན་ལ། དེ་མིན་ཆོས་པ་དག་གིས་གསུང་གི་ཡོད་པའི་ནང་ཆོས་དེ། རྒྱུན་ལྡན་དུ་སྨྲ་བཞིན་པའི་ལྷའི་རིགས་ཟེར་བར་མ་ཡིན་པར། ང་ཚོ་མིའི་རིགས་ལ་སྤེལ་བའི་ཆོས་ཤིག་ཡིན་ཚེ། མིའི་སེམས་ཁམས་དང་མིའི་ལུགས། མིའི་གཤིས་ཀ མདོར་ན་འགྲོ་བ་མི་ཟེར་བ་འདིའི་འགྲོ་འདུག་སྤྱོད་གསུམ་སོགས་ལ་བསྟུན་དགོས་པའམ་བསྟུན་ཅི་ཐུབ་བསྟུན་པ་དང་མཐུན་པའི་ཆོས་ཞིག་སྤེལ་ཐུབ་པར་བྱེད་དགོས་ཞེས་པའི་དོན་དང་། བསྟུན་མཁས་བསྟུན་ཤེས་དེ་ལ་དེ་འཚམས་གྱིས།། ཆོས་དག་མི་ལ་བསམས་ཤིང་སྤེལ་རྒྱུ་གཙོ།། དེ་མིན་ཁྲིམས་བཞིན་ཧ་ཅང་ཐལ་དྲགས་ན།། སྨྲ་ཞུ་འགལ་་ཟླར་འགྲོ་བའི་རྒྱུ་རུ་གྲུབ།། ཞེས་ཚིགས་སུ་བཅད་པ་འདིའང་བསྐྱར་བཤད་དང་འགྲེལ་བཤད་ལྟ་བུའི་ཚབ་ཏུ་བྲིས་པ་ཞིག་གམ། ཡང་ན་ངས་བཏང་བའི་ངའི་ངག་གི་མགྲིན་ཚབ་པས་བཤད་པ་ཞིག་སྟེ། ད་ནི་བསྐྱར་དུ་ཉལ་རྒྱུ་ཡིན་ནོ། —- འདྲེ་ཐོས། 2018.10.18 ༄༅།། མོ་ནི་མེད་ཚེ་གོ་ལ་གྲང་བསིལ་བསིལ། མོ་དྲི་མེད་པས་ལྗགས་སྣེ་བསྲིང་ས་དང་།། ལྗགས་དང་འབྲེལ་ནས་མོ་རིགས་བརྗོད་རྒྱུ་བཅས།། ལྗགས་མང་འདུས་སའི་ཚོམས་འདིར་མེད་པ་སྐྱོ།། མོ་ནི་མེད་ཚེ་གོ་ལ་གྲང་བསིལ་བསིལ།། ལྗགས་རྩལ་སྟོན་མཁས་བསྟན་ནའང་འདོད་མཁན་གྱི།། ཕོ་གསར་སྟག་འདྲ་གཟིག་འདྲ་ཡོད་ཀྱང་རུང་།། མོ་གསར་མེད་པས་རང་གི་ཁྱད་ཆོས་དེ།། ངོམ་ས་མེད་པས་རེ་ཞིག་ལེ་ལོས་མནན།། མོ་ནི་འཇིག་རྟེན་ཕྱེད་ཀའི་འབྱུང་ཡུལ་ཏེ།། འགྲོ་བ་མི་ཡི་རིགས་དེ་མོ་ལས་བྱོན།། མི་ཡི་བསམ་བློ་མི་ཡིས་བསྒྲུབས་པ་བཅས།། ཚོར་རྒྱུ་འཛིན་རྒྱུ་ཡོད་ཀྱང་ཁུངས་ནི་མོ།། མོའི་རིགས་མེད་ཚེ་མིའི་རིགས་ཡོད་མ་ཡིན།། མིའི་རིགས་མེད་ཚེ་རྟོགས་པའི་ཤེས་པ་བཅས།། བརྟེན་སའི་ཡུལ་ལམ་གཞིའམ་ལུས་ཀྱང་མེད།། མེད་པས་ཡོད་མེད་རྟོགས་ཤེས་གནས་མེད་ཅིག། མི་ཚེ་ཟེར་བ་རྨི་ལམ་ཙམ་དང་དུས་ཡུན་ཐུང་།། འཚོ་བ་ཟེར་བ་དགའ་སྐྱོ་ཆགས་སྡང་འདྲེས་མ་ཞིག། གང་ཞིག་བསྒྲུབ་འདོད་ཡང་ན་སུ་དང་འགྲོགས་འདོད་པའི།། ཚོར་བ་དེ་འདྲ་བྱོན་ཚེ་ཐེ་ཚོམ་མེད་པར་གྱིས།། —— འདྲེ་ཐོས། 2018.10.17 ༄༅།། རྨི་ལམ་དང་མ་འོངས་པའི་ལམ། རྨི་ལམ་ཡག་པོ་ཞིག་གི་རྫ་ལམ་དུ།། རི་དྭགས་མིག་ཅན་ཁྱེད་སྐུའི་སྒེག་ཉམས་ཀྱིས།། རྨི་ལམ་ནང་གི་རྔོན་པ་གང་ཞིག་གིས།། མིག་གིས་མདའ་མོ་འཕངས་པར་བསུ་རོགས་ཞུ།། སྔོན་མར་རང་གི་ལྟེ་ཁྲག་འཕོས་ས་དེར།། མཚན་རེའི་རྨི་ལམ་ངོགས་ནས་ཡང་ཡང་དུ།། ཐོན་ན་བསམས་ཤིང་འགྲོ་དང་འགྲོ་བཞིན་ཡོད།། གཞུག་མར་ཤི་རྗེས་ལམ་དེ་བརྙེད་ཕྱིར་ལགས།། རྣམ་ཤེས་འདི་ཉིད་གཞུག་མ་འགྲོ་སའི་ཁམས།། ང་རང་སྐྱེ་སར་དངོས་སུ་མ་ཕེབས་ཀྱང་།། བོད་ཁམས་ཡིན་པའི་ས་ཕྱོགས་གང་ཞིག་ལ།། ཕེབས་པར་སྨོན་ཞེས་སྨོན་ལམ་ཐེངས་གསུམ་རྒྱག། མ་འོངས་མདུན་ལམ་ཟེར་ན་ངས་མི་ཤེས།། མདུན་ན་ལམ་ཞིག་ཡོད་པ་ཕྱི་མའི་ལམ།། ལམ་དེར་འཇུག་མཁན་ང་ཡི་རྣམ་ཤེས་ཏེ།། དེ་ནི་ང་ཡི་མ་འོངའ་མདུན་ལམ་ལགས།། འོན་ཀྱང་ད་རུང་ང་ནི་བདེ་ཐང་ངང་།། ལམ་དེར་འགྲོ་རྒྱུའི་དུས་ལ་བསླེབ་མེད་འདྲ།། མི་འགྲོ་འདོད་ཚེ་རང་དབང་ཡོད་གྱུར་ན།། ང་ལ་དེ་འདྲའི་རང་དབང་ཐོབ་པར་ཤོག། —— འདྲེ་ཐོས། 2018.10.19 ༄༅།། རྨི་ལམ་དང་གཟི། མདང་དགོང་རྨི་ལམ་ངོགས་སུ་ཡུར་སྐོར་སྤྲོ་འཆམ་་ཕྱིན།། ཁང་ཆེན་ཞིག་གི་ནང་དུ་འགྲོ་བའི་སྣང་ཚུལ་ཤར།། གང་ཕྱོགས་འགྲོ་དགོས་མ་ཤེས་ཡར་རྒྱུག་མར་རྒྱུག་བྱེད།། ཁང་པ་ཆེན་མོ་དེའི་ནང་ཁང་མིག་མང་བོ་ཞིག། མང་ཕྱོགས་སྟོང་བ་ཡིན་ཞིང་ཚོགས་ཁང་ཡིན་པར་བསམས།། ཁང་པའི་རྩིག་པའི་ཁ་དོག་དམར་ནག་ཡིན་པ་འདྲ།། དེ་ལྟར་ཁང་ཆེན་དེའི་ནང་རྒྱུག་འདུར་བྱེད་ཞོར་དུ།། ཁང་པའི་ཕྱི་རོལ་འགྲོ་སའི་སྒོ་ཞིག་འཚོལ་སྣང་ཤར།། གློ་བུར་ཆུ་ཕྲན་ཆུང་ཆུང་རྡོ་ཡིས་གང་བ་ཞིག། མིག་གིས་མཐོང་སའི་མདུན་དུ་དལ་མོའི་ངང་ནས་བཞུར།། དེ་ཡི་ཉེ་འགྲམ་བསླེབས་ཚེ་ཆུ་ནང་རྡོ་ཡི་བར།། ཁ་དོག་དཀར་ནག་ཅན་གྱི་གཟི་ཞིག་ཡོད་པ་མཐོང་།། སེམས་པ་སྤྲོ་བའི་ངང་དང་ཡ་མཚན་ཐེ་ཚོམ་ངང་།། གཟི་དེར་བརྙབས་ཤིང་ཧེབ་དང་བཅས་ལྷན་བལྟས་བྱས་ཚེ།། དེ་ནི་དཀར་ནག་འདྲེས་མའི་གཟི་མིག་གསུམ་པ་ཞིག། གང་ལྟར་མཐའ་མཇུག་རང་གི་རུམ་དུ་བཅུག་སྣང་རྨིས།། མདང་དགོང་རྨི་ལམ་ནང་གི་ང་ཡི་ལུས་ཐོག་ཏུ།། ནུབ་ལྭ་རྒྱ་ལྭ་མ་ཡིན་འབྲོག་པའི་པགས་རྩག་འདུག། བསམས་ན་གཞུག་མ་རྣམ་ཤེས་འདི་ཉིད་འགྲོ་བའི་ཚེ།། བོད་པའི་པགས་རྩག་གྱོན་ནས་བོད་ལ་འགྲོ་ས་རེད།། ——- འདྲེ་ཐོས། 2018.10.20 ༄༅།། ལུས་སེམས་ནི་ཞིང་ས་གསར་པ་ཞིག ང་ཚོའི་ཐོག་མའི་ལུས་སེམས་འདུ་ཤེས་བཅས།། བྱམས་ཤིང་གཙང་བའི་ཞིང་ས་གསར་པ་ཞིག། ཤེས་རབས་ཉོན་མོངས་བཅས་་ནི་ས་བོན་ཏེ།། འདེབས་མཁན་རང་ཉིད་ཐོན་ཁུངས་གཞན་ནས་སོ།། ས་བོན་གང་ཞིག་ལེན་དང་ཇི་ལྟར་འདེབས།། ས་བོན་གང་ལ་མོས་དང་གང་ནས་ལེན།། ས་བོན་འདེབས་མཁན་རང་གིས་དཔྱད་རྒྱུ་གཙོ།། ས་བོན་ལས་བྱོན་འབྲས་བུར་མང་བོས་སྤྱོད།། སྤྱིར་ན་སྲིད་འདིར་དགྲ་དང་གཉེན་པོའི་ཚོགས། བཟང་ངན་ཡག་བཙོག་དྲང་དང་མི་དྲང་དང་།། དཀར་ཕྱོགས་ནག་ཕྱོགས་དག་མ་བཅོས་མ་བཅས།། ཚང་ཀ་ཤིག་ཤིག་མིའི་སེམས་འཕྲོག་པར་གཉེར།། —— འདྲེ་ཐོས། 2018.10.21 ༄༅།། མདང་དགོང་ཆུང་མ་དང་མཉམ་དུ། འདོད་སྤུ་གྱེན་དུ་བསྒྲེངས་ཤིང་སྒེག་ཉམས་དང་བཅས་ཆགས་པའི་གར་ལ་རྩེན་པའི་གསེང་།། ལྕེ་ཡིས་གར་སྟབས་ངོམ་ཞིང་འཁུན་སྒྲ་སྙན་མོས་རམ་འདེགས་ང་ཡིས་བྱེད་བཅུག་ཅིང་།། དྲག་ཏུ་སྨྱོས་ཤིང་རྫིང་བུར་འཇུག་འདོད་ཉ་བོ་ཆེ་དེའི་ཁྲག་ཤེད་འཕར་གྱུར་ཚེ།། དུང་ལྟར་དཀར་བའི་སྨྱོས་བུམ་གྱིས་ནི་མགོ་བོ་གཡུག་གཡུག་ང་ལ་བསུ་མ་བྱེད།། ——- འདྲེ་ཐོས། 2018.10.24 ༄༅།། སྐད་ཅིག་གནས་ཞོར་སྐད་ཅིག་འཇིག་ཞོར་གནས།། འཛིན་རྒྱུ་མེད་ཅིང་མཐོང་རྒྱུ་མེད་པ་དང་།། རེག་རྒྱུ་མེད་ཅིང་ཐོས་རྒྱུ་མེད་ནའང་།། ཡོད་པར་སྙམ་པའི་སྐད་ཅིག་མ་ཡི་ནང་།། ང་ཡི་ཚོར་ཤེས་ཁྱེད་དང་འབྲེལ་ནས་ཡོད།། དངོས་སུ་མཇལ་ཚེ་མངོན་སུམ་མཐོང་བར་སྣང་།། ཕན་ཚུན་འཁྱུད་ཚེ་དངོས་སུ་རེག་པར་སྣང་།། ཡིད་ཀྱི་ཚད་མ་འབྲེལ་ས་སྣང་བ་ཙམ།། སྣང་ངོར་གྲུབ་པའི་གཟུགས་ཤེས་ཚད་མར་གྲུབ།། དེ་ལྟར་བསྒོམས་ཤིང་དེ་བཞིན་ལོངས་སྤྱད་ཚེ།། གོ་ལ་གཞན་དུ་ཡོད་ཀྱང་ཐོགས་པ་མེད།། རྣམ་ཤེས་ལྟ་བའི་ཚོར་ཤེས་མངགས་བྱས་ཏེ།། མཉམ་དུ་སྦྱོར་བའི་འདོད་པར་རོལ་ཡང་ཆོག། དེ་བས་ང་ནི་འདི་དང་དེ་ན་གནས།། ཕྱི་དང་ནང་དུ་གང་ཡོད་བསྒོམས་པར་གནས།། སྟོང་བའི་ཁམས་སུ་རླུང་དང་འགྲོགས་ནས་གནས།། སྐད་ཅིག་གནས་ཞོར་སྐད་ཅིག་འཇིག་ཞོར་གནས།། ——- འདྲེ་ཐོས། 2018-10-27 ༄༅།། ངའི་སྐྱེ་སྐར། ཆེས་ཐོག་མར། གང་ཞིག་གམ་སུ་ཞིག་ལ་སྐྱེས་པ་སུས་ཀྱང་མི་ཤེས་སྙམ། ཆེས་མཇུག་མཐར། ཇི་ལྟར་མེད་འགྲོ་བའམ་ཚར་འགྲོ་བ། ཡང་ནི་ཤི་འགྲོ་བའང་སུས་ཀྱང་འཆད་དཀའ་སྙམ། གང་ལྟར་འགའ་རེ་སྐྱེ་བཞིན་པའི་ཞོར། འགའ་རེ་འཆི་བཞིན་པའི་སྒང་། འགའ་རེ་རྒུད་བཞིན་པའི་སྐབས། འགའ་རེ་དར་བཞིན་པའི་སྒང་། སྐྱེས་ཕྱིན། བར་མཚམས་ཀྱི་བརྒྱུད་རིམ་ལས། ཐོག་མའི་སྐྱེ་སྟངས་དང་སྐྱེ་ཡུལ་ལ་འཁང་ར་བྱེད་རྒྱུར་གོམས། སྐྱེ་དུས་ནས་རང་གི་རྒྱལ་ཁབ་དེ་བརླགས་ཡོད་རྐྱེན། མིང་དོན་མཚུངས་པའི་ཐོབ་ཐང་ལག་ཁྱེར་ཞིག་རེག་མྱོང་མེད། སྐྱེས་མ་ཐག་ནས་རང་ཉིད་ལ་རྒྱལ་་ཁུངས་མེད་རྐྱེན། མི་རིགས་གཞན་ཞིག་གི་ཐེལ་ཙེ་ལ་བརྟེན་ཏེ། རང་ཉིད་ཀྱི་སྐྱེ་སྐར་ལ་བདེན་དཔང་བྱེད་དུ་འཇུག་དགོས་ཆགས། མདོར་ན། སྐྱེ་ཉིན་དེ་ནས་བཟུང་། ང་རང་། གཞན་དབང་དུ་ཚུད་པའི་“གྲངས་ཉུང་མི་རིགས་”ཟེེར་བ་དེའི་གྱུར། དོན་གྱིས། ཕ་མེས་ཡང་མེས་ཀྱིས་གནང་བའི། ས་གཞི་ཆེན་པོའི་དེའི་སྟེང་། ང་ནི་“ གྲངས་ཉུང་མི་རིགས་”ལ་བསྒྱུར། དེ་ལྟར་སྐྱེས་ཕྱིན། ངས་“གྲངས་ཉུང་མི་རིགས་”ཟེར་བའི་མིང་དེ་ཁུར་ནས། རང་གི་རིགས་དང་རྒྱལ་ཁབ་ཀྱི་ཕྱོགས་ལ། “འདོད་ཆུང་ཆོག་ཤེས་”བྱེད་དགོས་ཆགས། རིམ་གྱིས། ངའི་ལུས་སེམས་གཉིས་ལ། དམར་མདངས་ཀྱི་ཚོན་རྩི་བསྐུས་ནས་བསྒྱུར་རྩིས་བྱེད། རིམ་གྱིས། ངའི་ཕ་མེས་ཡང་མེས་ཀྱིས་བསྐྲུན་པའི་ཕོ་བྲང་དཀར་དམར་དེ། མེ་སྒྱོགས་ཀྱི་ཁ་ནས་གཏོར་མྱོང་བའང་བརྗེད་རྩིས་བྱེད། མེ་ནང་གི་གླེགས་བམ་དེ་དག མེ་ནང་གི་བེམ་པོས་ཚབ། མེ་མདའི་རྩེ་གྲིའི་འགོ་ཡི་ཐང་གའང་། མི་ངོ་མའི་ལུས་པོས་ཚབ། བོའུ་སྐད་དང་རྒྱ་སྐད་གཉིས། གཅིག་འཕྲོར་གཅིག ཉིན་ཁར་མཚན་བྱས་ནས། གཡོ་སྒྱུས་ཁེངས་པའི་འཛུམ་དམུལ་གྱིས་དང་། འཇིགས་སྣང་གིས་ཁེངས་པའི་འཁོར་ཡུག་དེས། ཟུང་འབྲེལ་དང་སྔ་རྗེས་བྱས་ཏེ། ངའི་བསམ་བློ་དང་སེམས་པ་དམ་པོར་བཀྱིགས། ང་དང་ངའི་སྤུན་ཟླ་མང་བོ་ཞིག ཇོ་བོའི་ཕ་ཡུལ་དུ་འགྲོ་དགོས་ཆགས། ཡུལ་གྱར་བའི་མིང་དེ་ཁྱེར། བཙན་བྱོལ་བའི་མིང་དེ་ཁུར། ལུང་པ་གཞན་ཞིག་གིས་གཅེས་སྐྱོང་དང་ཐུགས་འཁུར་འོག རྨི་ལམ་དང་འཆར་སྣང་ལ་བརྒྱུད་དེ། མེས་པོ་དག་གི་ངག་རྒྱུན་དུ་ཡོད་པའི་བཙན་པོའི་དུས་རབས་དེར། ཡང་དང་བསྐྱར་དུ་བསླེབས། ——- ཐོ་ཐོས། 2018-10-28 ༄༅།། ཞི་མོ་ངོ་ཤེས་ཤིག་ལ་བྲིས། སྒོར་སྒོར་ཟླ་བའི་ཞལ་རས།། མུན་ནག་ནང་གི་སྒྲོན་མེ།། མཛེས་མ་ཁྱེད་ཀྱི་ངོ་གདོང་།། རྨི་ལམ་ནང་གི་ཟླ་བ།། རྨི་ལམ་འཇིག་རྟེན་གཞན་ཞིག་རེད།། དེ་ན་ཉི་ཟླ་སྐར་གསུམ་མེད།། མུན་ནག་འགྲིམ་པའི་རྣམ་ཤེས་དེས།། ཁྱེད་གདོང་རྨིས་པས་ཟླ་བར་བསྒོམས།། —— ཐོ་ཐོས། ༄༅།། ཡིག་ལན། གོ་སོང་བུ་ལོ་ཁྱེད་གསུང་ཡིད་ལ་འཛིན། ། ཤེས་སོང་བུ་ལོ་ངོ་མའི་གནས་ལུགས་ལྡན། ། བསླབ་བྱ་ལམ་སྟོན་གནང་བར་ཐུགས་རྗེ་ཆེ། ། སྐུ་ཉིད་ནམ་ཡང་བདག་གི་སྐྱབས་མགོན་ལགས། ། ཁྱེད་ཀྱི་བསླབ་བྱར་འོ་མའི་དྲི་ངད་ལྡང་། ། ཁྱེད་ཀྱི་ལྷག་བསམ་ཟླ་བའི་མདངས་ལ་འཁུ། ། ཁྱེད་ཉིད་ཡོད་པས་ང་ཡི་འཇིག་རྟེནའང་། ། འོད་ཀྱི་ཀློང་ན་ཟེར་བརྒྱ་འཕྲོས་བསྡད་ཡོད། ། ལས་དང་རྐྱེན་གྱིས་འཕྲད་པའི་ཚེ་རིང་བོ། ། འཚོ་བར་བློ་མིག་ལྡོངས་བའི་འབྲོག་ཀློའུ་མར། ། གྱ་གྱུ་མང་བའི་འཁོར་བའི་རབ་ཁ་ནས། ། བརྩེ་བས་སྐྱོངས་ལ་གདོང་གྲོགས་མཛོད་ཅིགའང་། ། —— དབྱིངས་འཕུར་ལྷ་མོས།་བྲིས། ༢༠༡༨-༡༠-༡༣ ལ། འཚོ་བའི་ཁྲོད་དུ་འཚོ་བ་ཡིས།། འཚོ་བཞུགས་མིའམ་ངེད་ཅག་ལ།། བསླབས་ཤིང་བསྟན་པའི་བརྩེ་བ་དེ།། ཕན་ཚུན་རྟག་ཏུ་གཟིགས་ཙམ་མིན།། ཁ་ཕྱོགས་གཅིག་ཏུ་གནས་གྱུར་པའི།། མ་འོངས་རྒྱང་རིང་བྱ་གཞག་གང་།། མཉམ་དུ་བསྒྲུབ་འདོད་རེ་སྨོན་དེ།། གཅིག་ཏུ་སྦྲེལ་བ་བརྩེ་བའི་མཆོག། Life has taught us that love does not consist in gazing at each other, but in looking outward together in the same direction. 生活教会我们,爱并不在于长久地凝视,而在于眺望远方同一方向的希望。—《每日英语》 མི་གཞན་པའི་བསམ་བློའི་ནང་གི་བརྩེ་དུང་ཟེར་བ་ནི་འདི་ལྟར། Love is when you find someone better, yet you stay with the same person you promised to spend forever with. 爱情就是当遇到一个更好的人时,却依然不离不弃的和那个曾发誓要共度一生的人在一起。—《每日英语》 ཐོ་ཐོའི་བསམ་བློའི་ཁྲོད་ཀྱི་བརྩེ་དུང་ཟེར་བ་ནི་འདི་འདྲ་ཞིག 其实真正的爱情就是异性间的相互诱惑和对彼此性欲的渴求与满足。而那种不离不弃的守护和呵护只是一种在父母与儿女间也可以拥有的疼爱和情亲。— 浪子 2018-10-29 ཞེན་ཆགས། སེམས་པ་ཁྱོད་ལ་འཁྲེང་ནས།། ཕྱིར་མིག་ལན་གསུམ་ཤོར་སོང་།། རྡོག་ལམ་མིག་གིས་འཚོས་ཀྱང་།། ལམ་མགོ་ཆོད་པ་མ་བྱུང་།། ལན་གསུམ་ཕྱིར་མིག་ཤོར་སའི།། སྟག་ཤར་གཞོན་ནུ་དེ་ཉིད།། ང་རང་ཡིན་ན་བསམ་བྱུང་།། ཁྱེད་ཀྱི་བཞུགས་ཡུལ་གང་ཡིན།། ཡུལ་འདི་ཆ་མེད་རྒྱུས་མེད།། མི་ཚོགས་འདུ་འཛི་རྒོད་པ།། ཡིན་ཡང་ཁྱོད་རང་མཐོང་བས།། ཡུལ་འདི་ཆ་ཡོད་འདྲ་འདྲ།། ཆ་མེད་རྒྱུས་མེད་ཡུལ་འདིར།། བོད་པའི་བུ་མོ་ཉུང་ཉུང་།། མི་ཚོགས་ཁྲི་འབུམ་འདུས་ཀྱང་།། སེམས་གཏམ་བཤད་ས་རེག་དཀའ།། ང་ཡི་མིག་ལ་ཐོགས་པའི།། ཡིད་འོང་སེམས་ཀྱི་གཞོན་ནུ།། ཞེ་མཐུན་དགའ་རོགས་ཨེ་ཡོད།། ཚེ་གཅིག་བཟའ་ཚང་ཨེ་ཡོད།། ཞེ་མཐུན་དགའ་རོགས་བཤད་ན།། ཚེ་གཅིག་བཟའ་ཚང་ཡོད་པས།། དགའ་རོགས་རེག་རྒྱུ་དཀའ་མོ།། རེག་ཀྱང་འགྲོགས་རྒྱུ་དཀའ་མོ།། - རང་དབང་ལྷ་མོ་ལགས་ལ་ཐོ་ཐོས་བཏབ་པའི་ངག་ལན། ངའི་མེ་ཏོག ང་ཡི་སེམས་ཀྱི་མེ་ཏོག། ཁྱེད་ལ་སྐྱེས་སུ་ཕུལ་ཡོད།། ཁྱེད་ཀྱིས་ཆུ་མོ་བླུགས་ཏེ།། ང་རང་གསོས་ན་ཆོག་གམ།། ང་ཡི་ལུས་ཀྱི་མེ་ཏོག། ཁྱེད་ལ་སྐྱེས་སུ་ཕུལ་ཡོད།། ཁྱེད་ཀྱིས་སེམས་པ་དཀར་པོས།། ང་ལ་གཅེས་སྤྲས་གནང་རོགས།། ཕྱི་ནང་གསང་བའི་མེ་ཏོག། ང་ཡིས་ཁྱོད་ལ་ཕུལ་ན།། ཁྱོད་ཀྱི་དུངས་སེམས་གཙང་མས།། ང་རང་དམ་དུ་འཁྱུད་རོགས།། - རང་དབང་ལྷ་མོས། ༄༅།། འདྲེ་ཐོས་བཏབ་པའི་མེ་ཏོག མེ་ཏོག་ཁྲ་ཁྲ་མ་ཁྲ། སེམས་ཀྱི་འཇའ་ཚོན་སྣ་ལྔ། སེམས་ལ་ཁ་དོག་ལྡན་ན། མི་ཚེར་ངོ་མཚར་ལྡན་ནོ། མདང་དགོང་བཏབ་པའི་མེ་ཏོག འབུལ་སའི་ཞི་མོ་ཁྱེད་ཡིན། ཉི་འོད་ཡོད་སར་འཇོག་རོགས། རྫ་ཆུ་བསིལ་མ་བླུགས་རོགས། སེམས་ཀྱི་ཚོར་བ་དེའང་། མེ་ཏོག་དཀར་དམར་སེར་གསུམ། ལྗང་མདོག་གློ་ཁ་ལྟ་བུ། ཕྱོགས་གཅིག་འབབ་རྒྱུ་ཁག་པོ། མདོར་ན་མི་སེམས་དེ་ནི། མེ་ཏོག་སྣ་ལྔས་གྲུབ་པའི། ཚོར་བ་སྣ་ཚོགས་ཅན་ཞིག དགའ་སྐྱོ་སྐྱིད་སྡུག་འདྲེས་མ། མེ་ཏོག་བརྩེ་དུང་ཡིན་ལ། མེ་ཏོག་སྙན་ངག་ཡིན་ཏེ། བརྩེ་དུང་མེ་ཏོག་གིས་མཚོན། སྙན་ངག་མེ་ཏོག་ནས་སྐྱེ། —- འདྲེ་ཐོས། 悲剧 གཡག་རྒྱབ་སླེ་བོའི་ནང་གི་བྱིས་པའི་རྨི་ལམ་དེ།། རང་གི་ཕ་མ་བཀྲོངས་བྱེད་མེ་མདས་དཀྲོགས་པའི་མཐར།། བདག་མེད་གཡག་རྒོད་འཇིགས་པས་ནགས་དང་རི་ལ་བྲོས།། སླེའི་ནང་བྱིས་པའི་མིག་ཟུང་རྒོད་དང་ཁྭ་ཏས་དྲུས།། —-说书人:带笑的白花 — 记事人:ཐོ་ཐོ། ༄༅།། མོ་མཚན། བུད་མེད་མོ་མཚན་དེ་ནི་གཏེར་མཛོད་ཅིག། གཏེར་བཏོན་བླ་མ་བླ་མ་མཆོག་གྱུར་པ།། སྐྱེ་བུ་རབ་འབྲིང་ཆུང་དང་རྒྱལ་མོ་བཅས།། དེ་ལས་མ་འབྱུང་གཅིག་ཀྱང་ཡོད་མ་ཡིན།། འཛམ་གླིང་ཕྱེད་ཀ་དེའང་དེ་ལས་འབྱུང་།། དེ་ཉིད་མེད་ཚེ་ཆུ་བྲག་ནགས་གསུམ་དང་།། ས་གཞི་རི་རབ་ས་རྡུལ་རྩི་ཤིང་ལས།། རྫས་སྐྱེས་དྲོད་སྐྱེས་མ་གཏོགས་ཡོད་མ་ཡིན།། རང་གི་མོ་མཚན་དེ་ནི་རང་ལུས་སུ།། རང་ལུས་རང་དབང་ཅན་དུ་གྱུར་བྱས་ཚེ།། རང་གིས་ཅི་འདོད་བེད་སྤྱོད་གཏོང་ཡིན་མིན།། རང་གིས་ཇི་ལྟར་ཚོར་བའི་དབང་དུ་ཡོད།། ཚོར་བ་དང་ནི་འདོད་མོས་མེད་པའི་བུའི།། མདུང་རྩེ་རྣོ་ཡང་ཆུ་ཤིང་སྐམ་པོ་ཞིག། བརྩེ་བ་དང་ནི་དགའ་མོས་ཡོད་སའི་བུའི།། མདུང་འགོ་ཟད་ཀྱང་བདེ་བ་དཔག་མེད་འབྱུང་།། ——- ཐོ་ཐོས། 21018-10-02 ༄༅།། འབྲོག་མོ། རང་དབང་མེད་པའི་འབྲོག་མོ་ལ།། རང་ལུས་གཞན་གྱིས་ཚོད་འཛིན་འོག། རང་ལྕེ་གཞན་གྱིས་བཀག་འགོག་འོག། རང་སེམས་གཞན་གྱིས་གསང་མྱུལ་འོག། —— ཐོ་ཐོས། 2018-10-02 ༄༅ སྐྱེས་སྐར། སྤྱིར་ན་འཛམ་གླིང་འདིའི་སྟེང་མི་རིགས་འདྲ་མིན་གྱིས།། སོ་སོའི་སྐྱེས་སྐར་རོལ་སྟངས་འདྲ་ས་མང་མོད་ཀྱང་།། འོན་ཀྱང་བོད་ལ་བོད་པའི་སྐྱེས་སྐར་རོལ་སྟངས་ཤིག། གསར་གཏོད་བྱེད་མཁན་འབྱུང་ན་ཨ་མའི་བུ་ཞིག་ཡིན།། སྤྱིར་ན་འཛམ་གླིང་འདིའི་སྟེང་མི་རིགས་མང་ཕྱོགས་ཀྱིས།། སྐྱེས་སྐར་དུས་ཆེན་ཉིན་དེར་ཤོག་ཞྭ་གོན་རྒྱུ་དང་།། གདོང་ལ་ཚོན་རྩི་བསྐུ་བའི་གོམས་སྲོལ་འདྲ་ནའང་།། དོན་གྱིས་གཅིག་གིས་གཅིག་ལ་ལད་མོ་བྱས་པ་ཙམ།། མི་ལུས་རྩ་ཆེར་བརྗོད་ཅིང་རིན་ཆེན་མི་ལུས་ཞེས།། མི་ཡི་ལུས་རྟེན་ཐོབ་ཕྱིར་མ་ཎི་ཡིག་དྲུག་བགྲེང་།། སྐྱེ་སྐར་རྩ་ཆེན་འདོད་ཅིང་སྐྱེས་པར་བསྔགས་བརྗོད་ཕྱིར།། སྐྱེ་ཉིན་དམིགས་སུ་བཀར་ཏེ་དགའ་བས་བསུ་བར་འོས།། ལོ་ངོ་བཅུ་བཞིའི་སྔོན་གྱི་དེ་རིང་ཉིན་མོ་འདིར།། དྲིན་ཆེན་མ་ལོའི་མངལ་ནས་ཁྱེད་ནི་སྲིད་འདིར་བྱོན།། ཁྱེད་ཀྱིས་ངུ་སྐད་གཅིག་གིས་ཨ་མར་མིག་ཆུ་བཏོན།། ཁྱེད་ཀྱིས་འཕག་འཚག་གཅིག་གིས་ཕ་ལོའི་ལྷིང་འཇགས་གཏོར།། ཁྱེད་ཉིད་སྲིད་འདིར་བྱོན་པར་ང་ཚོས་འཛུམ་གྱིས་བསུ།། ཁྱེད་ནི་ད་དུང་བཞུགས་པར་ང་ཚོས་དགའ་བས་བསུ།། ཁྱེད་ཀྱི་སྐུ་ཚེ་སྔོན་མས་བསོད་ནམས་ཚོགས་བསགས་པས།། ཁྱེད་ཀྱིས་ཚེ་འདིར་མི་ལུས་རིན་ཆེན་ཐོབ་པར་བསྔགས།། ཁྱེད་ཀྱིས་ཡ་རབས་བཟང་སྤྱོད་ཕྱོགས་ལ་སེམས་ཁ་གཏོད།། ཁྱེད་ཀྱིས་དགེ་བ་ཕུན་སུམ་ཚོགས་པ་སྒྲུབས་རོགས་མཁྱེན།། ཁྱེད་ཀྱིས་དྲིན་ཆེན་ཕ་མ་སེམས་ནས་མི་འདོར་རོགས།། ཁྱེད་ཀྱིས་རང་གི་མི་རིགས་འདུ་ཤེས་མི་རླག་རོགས།། ——- འདྲེ་ཐོས། བུ་འབྲིང་བའི་སྐྱེས་སྐར་ལ་འབུལ་འདོད་པའི་སྐད་ཆ་འགའ་ཞིག་ཚིགས་སུ་བཅད་དེ་འདིར་བཀོད་པ་ཡིན་ནོ། 2018-11-4 ༄༅།། ཟུར་མིག་མདའ་མོར་བྲིས། ཆེད་མཁས་ལྷ་བཟོའི་ཕྱག་གིས་ཡོང་མིན་པའི།། མཛེས་པའི་སྨིན་མ་སྟུག་པོའི་འདབ་རོལ་ན།། ཟུར་མིག་མདའ་མོ་བརྐྱངས་པའི་ཡིད་འཕྲོག་མ།། ང་ནི་ཁྱེད་ཀྱི་འབེན་དུ་འོས་སམ་ཀྱེ།། —- ཐོ་ཐོས། 2018-11-05 ༄༅།། དྲྭ་ནང་གི་དྲག་ཆར། དེ་རིང་གློ་བུར་སྤྲིན་ནག་འཁྲིགས་པས་འཇིགས།། ཉི་མའི་འོད་ནས་སྡོད་དུ་མ་བཅུག་པར།། ཆར་བ་དྲག་པོས་ལུས་སེམས་གཙབས་བྱས་ཀྱང་།། རྨ་ཁའི་གསེང་ནས་མེ་ཏོག་སྐྱེ་རུ་བཅུག། ཕར་ཕྱོགས་སྐད་འགོ་མཐོ་རུ་ཕྱིན་དང་མཉམ།། ཚིག་རྩུབ་སྟ་རེས་ཚུར་ལ་གཡུགས་བྱས་ཚེ།། ཕན་ཚུན་སེམས་དེར་རྨ་ཁ་མི་འདོན་ཕྱིར།། རེ་ཞིག་ཕམ་པའི་ཚུལ་གྱིས་ངག་བཅད་བགྱིས།། གཅིག་ཕྱོགས་བདུད་རྩི་ཆང་གིས་བཟི་ཡོད་ཚེ།། དེ་ཡི་བསམ་བློ་གཡོ་སྒྱུས་མི་བསླུ་བར།། རང་ཉིད་བཏང་སྙོམས་ལམ་དུ་གནས་བཅུག་ན།། ཆགས་སྡང་ཞེ་འཁོན་གང་ཡང་འབྱུང་མི་སྲིད།། ——- ཐོ་ཐོས། 2018-11-05 འཛམ་གླིང་འདིའི་སྟེང་གི་མི་རིགས་གང་ཞིག་ཡིན་ཡང་། ག་ཚོད་ཅིག་ལོ་རྒྱུས་དེ་ཇེ་རིང་དུ་བཏང་བ་ན། དེ་ཚོད་ཀྱིས་མི་རིགས་ཤིག་གི་ལོ་རྒྱུས་དངོས་ལ་བདེན་དཔང་བྱེད་ཐུབ་པ་ཞིག་རེད་འདོད། དཔེར་ན་སྐུ་ཞབས་རྨ་དུག་ལྕེ་ལགས་ཀྱི་གསུང་བཤད་དེ་ལས། བོད་བརྒྱུད་ནང་བསྟན་ནམ་བོནད་བརྒྱུད་ནང་བསྟན་དེའང་རྒྱ་བརྒྱུད་ནང་བསྟན་ནམ། ད་ལྟའི་རྒྱ་གར་བརྒྱུད་ནས་བོད་ཁམས་སུ་དར་བ་ཞིག་མིན་པར་ར་སྤྲོད་གསལ་པོ་ཞིག་མཛད་ཡོད་པའི་སྣང་ཚུལ་ཞིག་ཤར་བྱུང་། ད་ལྟ་འཛམ་གླིང་གི་ཆོས་བརྒྱུད་ཆེན་པོ་བཞིའི་ནང་དུ་ཚུད་ཡོད་པའི་ནང་བའི་བསྟན་པ་དེའི་ཐོག་མའི་འབྱུང་ཡུལ་ཡང་བོད་རང་གི་ས་ཐོག་རྡོ་ཐོག་དང་། བོད་མི་རིགས་རང་གི་རྣམ་དཔྱོད་ལས་གྲུབ་པ་ཞིག་ཡིན་པར་གཟི་བརྗིད་ལྡན་པའི་ངང་བདེན་དཔང་བྱེད་ཐུབ་པ་ཞིག་ཏུ་ཆགས་འདུག་སྙམ་མོ། ངས་ཡག་དང་བཟང་ཡོད་ཚད་དེ་དག་རང་གི་མེས་པོའི་སྟེང་དུ་སྦྱར་ན་འདོད་ཀྱང་། ལོ་རྒྱུས་ནི་ལོ་རྒྱུས་ཡིན་པས། མང་བོ་ཞིག་སྦྱར་ཐབས་མི་འདུག་མོད། འོན་ཀྱང་ངའི་མེས་པོའི་མཛད་རྗེས་དངོས་ཡིན་པ་གང་ཞིག་ལས་བལ་སྤུ་གཅིག་ཡིན་ཡང་། གཞན་པའི་སྟེང་དུ་སྦྱར་ན་འདོད་ཀི་མེད། ངས་མ་ཤེས་ཚེ་ང་ལྐུག་པ་བྱས་ནས་འདུག་རྒྱུ་ལས་ཐབས་ཅི་ཡང་མེད། ངས་ཤེས་ཡོང་ཚེ་ངས་བདེན་པ་དེ་གང་ཡིན་ན། དེ་ལ་རྒྱབ་སྐྱོར་བྱེད་ཐག་ཆོད་བྱེད་རྒྱུ་ཡིན། —- ཐོ་ཐོས། 2018-11-06 ལ། ༄༅།། ཉི་གཞོན་གངས་སྲས་ཀྱི་མགོ་ནི་ཐོ་བ་ཞིག ཐོ་བས་ཐོ་བར་ཐེངས་གསུམ་བརྡུངས་བྱས་པ།། དང་པོ་ཁྱེད་ཀྱི་མགྲིན་གསང་གཙང་བཟོའི་ཕྱིར།། གཉིས་པ་བསྐྱར་དུ་དགོད་གཏམ་སློང་བའི་ཕྱིར།། གསུམ་དེ་ཀུ་རེའི་རྟགས་ཅན་ཐོ་བའི་ཕྱིར།། —— འདྲེ་ཐོས། ༄༅།། @སེམས་ཀྱི་མེ་ཏོག སེམས་པའི་མེ་ཏོག་བསམས་ཤིང་ཉར་ན་འདོད་རྒྱུ་མ།། མ་ཎི་ཡིག་དྲུག་ཐུགས་ནས་ཁས་ལེན་ཡོད་མཁན་མ།། ཁྱེད་ཀྱིས་སྤོབས་པའི་ངང་ནས་རྒྱབ་སྐྱོར་མཛད་བགྱིས་པར།། ཐོ་ཐོས་རྫ་ཆུ་བསིལ་མས་མཆོད་གསུམ་འབུལ་ན་འདོད།། @སེམས་ཀྱི་མེ་ཏོག ལགས་ལ་ཡིན། ༄༅།། སེམས་དང་ཡུལ། སེམས་ཀྱི་ནུས་པས་སེམས་ལ་བསྐུལ་བྱས་ཏེ།། སེམས་ཁའི་ཁ་ཕྱོགས་གང་ལ་མོས་བ་དེར།། སེམས་ཁ་བརྟན་དུ་གཏད་པར་བཅུག་བྱས་ན།། སེམས་དང་གཏད་ཡུལ་རིམ་གྱིས་དབྱེར་མེད་འགྱུར།། དེ་དུས་སངས་རྒྱས་བསམ་ན་སངས་རྒྱས་ཏེ།། དེ་དུས་མེ་ཏོག་བསམ་ན་མེ་ཏོག་ཚོར།། དེ་དུས་རང་ཉིད་ཇི་ཞིག་ཡིན་འདོད་པ།། དེ་དུས་མངོན་སུམ་བཞིན་དུ་ཚོར་ནས་ཡོང་།། ——- ཐོ་ཐོས། 2018-11-07 ༄༅།། སེམས་དང་ཡུལ། སེམས་ཀྱི་ནུས་པས་སེམས་ལ་བསྐུལ་བྱས་ཏེ།། སེམས་ཁའི་ཁ་ཕྱོགས་གང་ལ་མོས་བ་དེར།། སེམས་ཁ་བརྟན་དུ་གཏད་པར་བཅུག་བྱས་ན།། སེམས་དང་གཏད་ཡུལ་རིམ་གྱིས་དབྱེར་མེད་འགྱུར།། དེ་དུས་སངས་རྒྱས་བསམ་ན་སངས་རྒྱས་ཏེ།། དེ་དུས་མེ་ཏོག་བསམ་ན་མེ་ཏོག་ཚོར།། དེ་དུས་རང་ཉིད་ཇི་ཞིག་ཡིན་འདོད་པ།། དེ་དུས་མངོན་སུམ་བཞིན་དུ་ཚོར་ནས་ཡོང་།། ——- ཐོ་ཐོས། 2018-11-07 ༄༅།། ཁུངས་མེད་ཀྱིས་གཞན་ལ་དམོད་པ། ཡར་གི་དཀྱིལ་ན་མེད་ནི་ཞིག། མར་གི་ནང་ན་གདོན་རྫས་ཤིག། འབྲི་མར་ནང་ན་མེད་ནི་ཞིག། ཕྱེ་མར་བྱེད་རྒྱུར་གདོན་ནི་ཞིག། དགེ་བ་བསྒྲུབ་དང་རྒྱུ་འབྲས་བརྩི།། ཕན་པ་བསྒྲུབ་དང་ཉམས་ལེན་བགྱི།། མེད་དོ་བསྟན་པའི་ཆོས་ལའང་།། འདུན་པ་མེད་ཅིང་བློ་མི་དཀར།། —— ཐོ་ཐོའོ་སྨྱོ་གཏམ། 2018-11-12 ༄༅།། འཕྱོན་མ་འབུ་མེ་ལྕེབ་ལགས། ཚན་པ་དང་པོ། མཆོང་སའི་མེ་བཞིན་འཇིགས་རུང་བྱ་བའི་ཡུལ།། འཕྱོན་མའི་བྱེད་ལས་ཡིན་པ་རྟོགས་བྱས་ཏེ།། རང་གི་མཚན་ལ་མེ་ལྕེབ་འབུ་ཞེས་བཏགས།། བོད་པ་ཆགས་རྒན་དེ་ཚོར་ཐེངས་མང་འབྲེལ།། འདོད་པས་རབ་ཏུ་སྨྱོས་པའི་ཆགས་རྒན་གང་།། བུད་མེད་དག་གིས་འདོད་ཀི་མེད་པའི་རྐྱེན།། ཉིན་ཞིག་འཕྱོན་མ་དེ་དང་འབྲེལ་སྙམ་པས།། ཁ་པར་ལམ་ནས་མཇལ་རྒྱུ་བྱས་ཡིན་སྐད།། ཁ་པར་རྒྱག་ཐེངས་ཤིག་གིས་ངག་ལན་འབྱོར།། རང་གི་གཟིམ་ཤག་ནང་དུ་མཇལ་རྒྱུ་བྱས།། དངུལ་འབོར་ཆེ་ཙམ་སྤྲད་རྒྱུའི་དམ་བཅའ་ཤོར།། འདོད་པའི་ལོངས་སུ་སྤྱོད་པར་བསྒུགས་ནས་བསྡད།། མཚམས་ཤིག་ཤིན་ཏུ་མཛེས་པའི་འཕྱོན་མ་དེ།། ནམ་མཁའི་ལྷ་མོ་ཕེབས་ཡོང་བསམ་བསམ་ཤིག། ཚོར་དུ་འཇུག་ཞོར་ཁོང་གི་འགྲམ་དུ་ཕྱིན།། དྲན་པའི་ཀ་བས་བསུ་མའི་མགོ་བོ་བསྒྲེངས།། རིམ་གྱིས་ཆགས་ཉམས་སྐྱོ་ཉམས་བསྲེས་མའི་ཁྲོད།། འཕྱོན་མའི་སེམས་ན་སྡུག་ཤིག་ཡོད་པ་ཚོར།། གྱེན་དུ་བསྒྲེངས་པའི་མགོ་བོ་མནན་བྱས་ཏེ།། འཕྱོན་མའི་ཡ་ངའི་ལོ་རྒྱུས་སྨྲས་པར་གསན།། ཚན་པ་གཉིས་པ། འཕྱོན་མས་ཡ་ངའི་ལོ་རྒྱུས་སྨྲ་བཞིན་སྐབས།། ཕེབས་མ་ཐག་ཏུ་མངོན་པའི་སྒེག་ཉམས་དེ།། སྐྱོ་གདུང་རྣམ་པ་ཞིག་གིས་བསུབས་ནས་སོང་།། མིག་ན་མིག་ཆུ་མེད་ཀྱང་སེམས་ན་བཞུར།། མོ་ནི་བྱིས་པ་གཉིས་ཀྱི་ཨ་མ་ཞིག། མིང་བོ་གཅིག་ལས་མེད་ཅིང་ནད་པ་ཞིག། སྤུན་ཡ་མ་ཞིག་ཡོད་པ་ཉམ་ཐག་ཅིག། གནས་ནས་རྒྱང་ཕུད་བཏང་བས་ནང་ལ་ལོག། དེའང་བྱིས་པ་གཉིས་ཀྱི་ཨ་མར་གྱུར།། སེམས་ཡོངས་སྡུག་གིས་ཁེངས་ཤིང་ལས་ངན་འདོད།། ལས་ཀ་གང་ཡང་འཇོན་གི་མེད་པ་འདྲ།། ཁྱིམ་ཚང་དེ་ཡི་གནས་སྟངས་དེ་འདྲ་ཞིག། དེ་འདྲའི་ཉམ་ཐག་འཚོ་བའི་དཀའ་སྡུག་ཁྲོད།། ལོ་ན་ཆེ་ཤོས་འཕྱོན་མ་རང་ཡིན་པས།། དཀའ་བ་མྱི་ཁ་ལ་སོགས་སྣང་མེད་ངང་།། ཁྱིམ་ཚང་དེ་ཡི་ཟས་ཕྱིར་འཕྱོན་མ་བགྱིས།། ............ ཚན་པ་གསུམ་པ་དེ...... གཏམ་རྒྱུད་བཤད་མཁན། ཚོགས་གཙོ། ཡི་གེར་འགོད་མཁན། ཐོ་ཐོ། 2018-11- 07 ༄༅།། ཐོ་ཐོའི་སྐོར། མ་གཞི་ཐོ་ཐོ་ང་ནི་སྨྱོན་པ་ཞིག།། སྐབས་རེར་སྨྱོ་རྟགས་སྟོན་རྒྱུ་ཐལ་དྲགས་འགྲོ།། མཚམས་རེར་གླེན་རྟགས་ཡིན་པ་ཤེས་ཀི་མེད།། གང་ལྟར་སེམས་ལ་སྐོར་ལོག་རྐྱང་རྐྱང་ཤར།། —— ཐོ་ཐོ་རང་གིས་རང་བརྗོད་པ། རྒྱང་ནས་བལྟས་ན་ཁྲོ་ཉམས་ཤིག།། རྩུབ་ནས་བལྟས་ན་ཞི་ཉམས་ཤིག།། ཞི་དྲག་ཉམས་ཀྱིས་འགྱིང་བ་པོ།། རྟ་མགྲིན་རྒྱལ་པོའི་སྐུ་ལ་འདུད།། ——- ཆོས་རྗེ་ཚང་གིས་ཐོ་ཐོའི་སྐོར་བརྗོད་པ། མེད་དོ་འཆལ་བའི་གཏམ་དང་ལུགས།། རྒྱབ་མདུན་མངོན་ལྐོག་མི་མཚུངས་གཤིས།། མཐོ་དམའ་ཁྱད་པར་འབྱེད་པའི་སེམས།། རྟ་མགྲིན་རྒྱལ་པོ་འདྲེ་ཐོ་ཐོར།། ལྡན་ནོ་དཔྲལ་བར་སྤྱང་གྲུང་མིག ། ཡ་ཁོག་བྲང་ན་རྟ་རྒྱུགས་ལམ།། གདོང་ན་ཡིད་འགུག་མཛེས་པའི་འཛུམ།། ཁ་ན་དགོད་སྒྲ་ལྷིང་ལྷིང་གཏམ།། ནག་ཅིང་རིང་ངོ་མགོ་ཡི་སྐྲ།། འདོམ་གྱི་རྡོ་རྗེ་ཤ་ཁྲག་ཅན།། ཡ་ཁའི་ཁ་སྤུ་ནག་པོ་ཡང་།། རྟ་མགྲིན་རྒྱལ་པོ་འདྲེ་ཐོ་ཐོའི།། ——- འབའ་སྲས་ཀྱིས་ཐོ་ཐོའི་སྐོར་བརྗོད་པ། “སྔགས་རྫུན” དང་“མྱི་རྫུན”། “ སྔགས་རྫུན་”རེད་ཟེར་ན། གྲྭ་ལོག་རྣམས་ཀྱང་“མྱི་རྫུན”ཡིན་ནོ། གྲྭ་བ་ནས་ལོག་པས་གྲྭ་ལོག་ཡིན་པ་དང་། གྲྭ་ལོག་ཡིན་པས་མི་སྐྱ་དངོས་མ་ཡིན་པས། འོན་ཀྱང་ངོ་བོ་མི་ཡིན་པས། དེ་བས་གྲྭ་ལོག་དེའི་རིགས་ལ་“མྱི་རྫུན་”ཞེས་འབོད་ཆོག་སྙམ་མོ། འདྲེ་ཐོ་ང་ལ་མཚོན་ན། དེ་རིང་ནས་བཟུང་ངས་ཐ་སྙད་གསར་པ་ཞིག་བེད་སྤྱོད་མི་གཏོང་རང་གཏོང་དུ་ཆགས་སོང་། དེ་ནི་གང་ཡིན་ཟེད་ན། “ མི་རྫུན་ནམ། ཡང་ན་མྱི་རྫུན་” ཟེར་བའི་ཐ་སྙད་འདི་ཡིན། དེས་ན་ཐ་སྙད་འདིའི་འབྱུང་ཁུངས་དེ་གང་ཡིན་ཞེ་ན། དེང་སང་མི་རྣམས་ཀྱིས་རྒྱུན་ལྡན་དུ་གླེང་བཞིན་པའམ། དམོད་པ་བྱེད་ཀྱིན་པའི་“སྔགས་རྫུན་”ཟེར་བ་ལས་བྱུང་། ཅིའི་ཕྱིར་ཞེ་ན། སྔར་གྲྭ་བ་ཡིན་པ་གང་ཞིག རྗེས་སུ་སྡོམ་པ་སྤངས་པ་གང་ཞིག་གིས་སྔགས་ཉམས་ལེན་བྱས་ཏེ་སྔགས་པ་བྱས་ཚེ། དེ་ལ་“ སྔགས་རྫུན་”ཞེས་དམའ་འབེབ་དང་ཁྱད་གསོད། ཡང་ན་འཕྱ་སྨོད་བཟོད་དཀའ་བ་དེ་འདྲ་བྱེད་ཀྱི་འདུག གལ་སྲིད་འཕྱ་སྨོད་བྱེད་མཁན་དེའི་རིགས་ཀྱིས་དེ་ནི་རྒྱུ་མཚན་དང་གནས་ལུགས་ལྡན་པ་ཞིག་ཏུ་འདོད་པའམ། འོས་པ་དང་ཡང་དག་པའི་སྐྱོན་བརྗོད་ཅིག་ཏུ་བསམ་ན། སྔར་གྲྭ་བ་ཡིན་པ་གང་ཞིག རྗེས་སུ་གྲྭ་ལོག་བྱས་པ་གང་ཞིག་ནི། སྔར་མི་སྐྱ་ནས་་གྲྭ་བ་བྱས་པས་སམ་དེང་ཐོག་མི་སྐྱ་བཞིན་སྐྱེས་པ། རྗེས་སུ་སྡོམ་པ་བླངས་ཏེ་གྲྭ་བ་བྱས་སྟབས་གྲྭ་བ་ཡིན་པས། དེའི་རྗེས་སུའང་གྲྭ་ལོག་བྱས་ཏེ། བསྐྱར་དུ་མི་སྐྱའི་ཁུངས་སུ་ཞུགས་པའི་རིགས་རྣམས་ནི་“མི་རྫུན་” ནམ་ “མྱི་རྫུན་”དུ་འབོད་ཆོག་འདོད། མྱི་ཡིན་པ་ཞིག་མྱི་རྫུན་མར་ཆགས་ཚུལ་མེད་ཅེས་དང་། མེད་ཚུལ་གྱི་སྒྲུབ་བྱེད་དུ། མྱི་ཡིན་པས་མྱི་རྫུན་མར་ཇི་ལྟར་ཆགས་ཟེར་ན། དང་ཐོག་མངལ་ནས་མི་བཞིན་སྐྱེས་པས་མི་ཡིན། དེ་ནས་རབ་བྱུང་བསྒྲུབས་པས་མིའི་ནང་གི་གྲྭ་བ་ཡིན། དེ་ནས་ཡང་ཕྱིར་མིའི་ཁུངས་སུ་ཕྱིན་ཏེ་མི་བྱས། བྱས་ཀྱང་་་་་་་་་ ང་ནི་ཚོང་བ་ཞིག་མིན་པས་དང་། “ དངོས་གཙོ་”སྨྲ་བ་ཞིག་ཀྱང་མིན་པས། ངས་རྫུན་མ་འཇོག་སྟངས་དེ། རྒྱུ་སྤུས་སམ་སྤུས་ཀ ཡང་ན་ངོ་བོའི་ཆ་ནས་གཅིག་པོ་མ་ཡིན་པར། སེམས་དང་ཀུན་སྤྱོད། བྱ་བ་དང་བྱེད་ལས་ལ་སོགས་པར་འབྲེལ་ཏེ། རྫུན་མའི་མཚན་ཉིད་དེ་འཇོག་གི་ཡོད་ལགས། དང་ཐོག་མི་བཞིན་མིའི་མངལ་ནས་སྐྱེས་པས་མི། དེ་ནས་རབ་བྱུང་བསྒྲུབས་པས་མིའི་རང་བཞིན་དང་མི་ལ་ཚང་དགོས་པའི་བྱ་སྤྱོད་དང་བཅས་བསྒྱུར་པས་མི་དངོས་མ་ཡིན་པར་བཟོས་ཏེ་མཚན་ལ་གྲྭ་བ་ཞེས་བཏགས། དེ་ནས་མི་ནི་མི་ཡིན་པ་དེ་ཆོས་ཉིད་ཡིན་པས་བསྒྱུར་པ་དེའི་རིགས་ལ་མ་བཟོད་པར་གྲྭ་བ་ནས་ལོག། ཕྱིར་མིའི་ཁུངས་སུ་ཕྱིན། མི་དངོས་གནས་དེ་བྱས། བྱས་ཀྱང་སྐབས་དེ་འདྲ་ཞིག་ལ་སྔར་མི་བཞིན་རང་བྱུང་ངམ་རིམ་པ་བཞིན་མིས་བསྒྲུབ་དགོས་པའི་བྱ་བ་དང་བྱེད་ལས་མང་བོ་ཞིག་བཀག་སྡོམ་བྱས་རྐྱེན། སེམས་ཁམས་དང་ཀུན་སྤྱོད། འཇིག་རྟེན་ལྟ་སྟངས་བཅས་ཀྱི་ཐད་ནས་འགྱུར་བ་ཆེན་པོ་བྱུང་ཡོད་པས། ཀུན་སྤྱོད་དང་ངག་སྨྲ་ཚུལ། རྣམ་འགྱུར་སྟོན་སྟངས་བཅས་མིའི་གཤིས་ཀ་ལས་བརྒལ་ཏེ། འཇིགས་སུ་རུང་བ་དང་ཡ་མཚན་པོ་ཞིག་ཏུ་འགྱུར་ཡོད་པས། གཞན་གྱི་སྣང་ངོར་མི་ཡིན་མིན་ལ་དོགས་པ་བྱེད་དགོས་པའི་རིགས་ཤིག་ཏུ་ཆགས། ཡིན་ཡང་དེ་དག་མི་ཡིན་པ་ནི་སྔར་མི་བཞིན་མིའི་མངལ་ནས་སྐྱས་པས་དེ་ལ་བསྙོན་ཐབས་དང་། དེ་དག་མི་མ་རེད་ཅེས་བསྒྲུབ་རྒྱུ་དང་བཤད་རྒྱུ་དེ་དཀའ་མོ་ཞིག་ཏུ་ཆགས་འདུག འོན་ཀྱང་དེའི་རིགས་ལ་“མྱི་རྫུན་” ཞེས་ཐ་སྙད་གསར་པ་རེ་སྦྱར་ན་དང་མིང་དེ་འདྲ་རེ་བཏགས་ཏེ། ཐ་སྙད་ཀྱིས་དང་ཐ་སྙད་ཀྱི་ཟུར་ནས་དེ་དག་གི་སེམས་ཁམས་དང་ཀུན་སྤྱོད། ངག་སྨྲ་ཚུལ་བཅས་མཚོན་ཐུབ་པ་ཞིག་བཟོས་ན། གཡས་གཡོན་གྱི་མི་དེ་ཚོས་ཀྱང་དེ་མ་ཐག་ཏུ་མི་དེའི་རིགས་གྲྭ་ལོག་ཅིག་ཡིན་པའི་ཐོག་ཏུ། སེམས་ཁམས་དང་ཀུན་སྤྱོད་བཅས་ཀྱི་ཕྱོགས་ནས་མི་དམིགས་བསལ་བའམ། མིའི་མཚན་ཉིད་ཚང་བ་ལས་མི་ཚང་བར་བཟོས་ཤིང་། མི་ཚང་བ་ལས་ཀྱང་ཚང་བར་བཟོས་པ། ཕྱིས་སུ་བཟོས་པ་དེའང་སྐྱོན་ཅན་དུ་ཆགས་པའི་མི་དེའི་རིགས་ཡིན་པ་ཤེས་འགྲོ་ལ། དེའི་རིགས་ནི་ཅ་ལག་རྫུན་མ་ལྟར་དབྱིབས་དང་ཆེ་ཆུང་བཅས་ཀྱི་ཐད་ནས་བདེན་པར་འདོད་ཀྱང་། ནང་གི་སྤུས་ཀའམ་རྒྱུ་ཆའི་ཕྱོགས་ནས་ངོ་མ་དང་མི་འདྲ་བ་བཞིན། མི་དེའི་རིགས་ཀྱང་དབང་བོ་ལྔ་ལྡན་དང་རྐང་ལག་བཅས་ཚང་བའི་མི་ཡིན་པ་གཅིག་མཚུངས་ཡིན་ཡང་། ནང་གི་སེམས་་དང་བསམ་བློ། ཀུན་སྤྱོད་བཅས་ཀྱི་ཐད་ནས་མི་སྤྱི་ལ་ཆ་སྙོམས་སུ་ལྡན་པ་དེ་ལས་བཟློག་ཏེའམ་བརྒལ་ཏེ། མི་འདྲ་བ་དང་མི་མཐུན་པ་རྐྱང་རྐྱང་གི་བྱ་བ་བྱེད་པ་དང་བྱེད་ནུས་པས། བྱེད་ཕོད་པས། བྱེད་རྒྱུར་འཛེམ་དོགས་མེད་པས། ད་གཟོད་མི་དེའི་རིགས་ལ་ངས་“མྱི་རྫུན” ཞེས་པའི་ཐ་སྙད་དེ་སྦྱར་ན་འདོད་ཡིན་དང་། མིང་དེ་འདྲ་ཞིག་བཏགས་ཡིན། འོན་ཀྱང་། འདིར་གསལ་བཤད་བྱེད་འདོད་པ་ཞིག་ནི། གལ་སྲ྄ིད། མི་དེའི་རིགས་ཀྱིས་མི་གཞན་ལ་“སྔགས་རྫུན” དང་ “སྤྲུལ་རྫུན”། “ བླ་རྫུན”ཞེས་འཕྱ་སྨོད་དང་དམོད་པའམ་ངན་སྨྲས་མ་བྱས་ཚེ། ཡང་ན་བྱེད་ཀྱི་མེད་པའི་གྲྭ་ལོག་ཅིག་ཡིན་ཚེ། དེ་དག་ལ་“མྱི་རྫུན”ཞེས་པའི་ཐ་སྙད་དེ་སྦྱོར་ཐབས་མེད་ཅེས་པ་དེ་ངའི་ལྟ་བའམ་བསམ་ཚུལ་ཡིན། ཅིའི་ཕྱིར་ཞེ་ན། དེ་དག་ལ་འགྱུར་བ་དང་། བསྒྱུར་བ་དེ་འདྲའི་ཚད་ལས་བརྒལ་བ་ཞིག་བྱུང་མེད་པའི་ཕྱིར་རོ།་་་་་་་ སྨྱོན་པ་ཐོ་ཐོའི་བསམ་ཚུལ་ཡིན། 2018-11-14 ལ། ལད་བཟློས་བྱས་པའི་ཤོ་ལ་ཀ་གཅིག སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ།།    རྟ་མཆོག་ཁྲོས་པའི་བཀའ་ཡི་རྒྱས་བཏབ་པའི།།    སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས།།    སུམ་ཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས།། ” སྙིང་སྟོབས་དྲག་ཏུ་འཕྱོ་བའི་མེ་རི་ལ།། རྒྱལ་བོ་ཤིན་ཏུ་དགྱེས་ཤིང་མཚོན་བཏབ་པས།། གདོང་དམར་སྲིན་པོ་ལྟ་བུའི་བོད་དམག་གིས།། སུམ་ཉིས་ས་ཡི་དཀྱིལ་འཁོར་བདག་ཏུ་བཟུང་།། ——- ཐོ་ཐོས་ལད་བཟློས་བྱས་པ་ཡིན། དེ་རིང་གི་མྱོང་ཚོར། དགྲ་རུ་མ་འདོད་ཚེ་ན་དེ་ལས་རྣམ་པར་རྒྱལ་སེམས་བཞག། གཞན་གྱི་རྨ་ཁར་འཇིགས་པས་དུག་ལྕེ་ཡིན་ཡང་སྨན་ལྕེར་བསྒོམས།། འོད་ནི་འོད་ཀྱི་ལམ་ན་གཟི་བོར་འཕྲོ་ཞིང་འོད་ལམ་ལམ།། བླ་མས་བྲང་ལྡན་མར་འབྲེལ་གསང་སྔགས་རྟོགས་པའི་སྐལ་བཟང་བརླགས།། —— ཐོ་ཐོས། 2018-11-14 ༄༅།། རྩེ་སྒྲོ། མེས་པོའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལས།། རང་གི་རྣམ་དཔྱོད་ཀྱིས་དང་ལག་རྩལ་གྱིས།། རྩེ་སྒྲོའི་བཟོ་སྟངས་ངོ་མཚར་བསླབས་བགྱིས་པས།། གནམ་ལོ་གསར་པ་འཇའ་ཚོན་སྣ་ལྔས་སྤྲས།། ཚོན་མདངས་རྣམ་པར་བཀྲ་བའི་རྩེ་སྒྲོ་འདིས།། རྒྱུས་མེད་མགོ་སེར་ལུང་པར་འཁྱམས་བྱས་པའི།། འཁྱམ་པོ་ངའི་སེམས་ཐེངས་ཤིག་བོད་ལ་ཁྲིད།། སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་དྲན།། ——འདྲེ་ཐོས། 2018-11-18 ༄༅།། ལྷ་ཆོས་མི་ཆོས། བསྐྲུན་ཏོ་འཆར་སྣང་གིས་དང་རྣམ་རྟོག་གིས།། མེད་དོ་ལྷ་དང་ལྷ་མོ་འདྲེ་འདྲེ་མོ།། སློབས་ཤིག་འཇིག་རྟེན་མི་ཆོས་ཡ་རབས་ལུགས།། བཞུགས་ཤིག་དབུ་མའི་ལམ་ཆེན་སྟེང་དུའོ།། ལྷ་བྱེད་འདོད་ཅིང་ལྷ་དང་ལྷ་མོར་གྲོགས་པོ་སྒྲིག་འདོད་པས།། ལྷ་ཆོས་ཉམས་སུ་ལེན་ཞིང་ལྷ་ཡི་རྟོགས་བརྗོད་གཙུག་ཏུ་འཛིན།། མི་བྱེད་འདོད་ཅིང་མི་ཡི་མཚན་ཉིད་ཅི་ཡིན་ཚང་འདོད་པས།། མི་ཆོས་རྩེ་གཅིག་བསླབས་ཤིང་མི་ཡི་གྲས་སུ་འདྲེ་རུ་མི་མཐོང་སྒྲུབ།། —— ཐོ་ཐོས། 2018-11-19 ༄༅།། གཞས་ལ་གཞས་ལན་བཏབ་པ། རྫ་ཁྲ་ཁྲའི་སྒང་ལམ་འགྲིམ་པའི།། དགྲ་ངོམས་མེད་རི་སྤྱང་སྔོན་མོ།། རི་ལ་ལུང་རྒྱུག་འདུར་དགོས་རུང་།། ངེད་གཡང་དཀར་ལུག་ཁྱུ་མ་གཏོར།། ༼ངེད་གཡང་དཀར་ལུག་ཁྱུའི་ཚོགས་ནི།། ངེད་བོད་པ་ཚང་གི་སྒོ་ཕྱུགས།། དེའི་ནང་གི་འབྲོག་པའི་རྒྱན་ཞིག། ངའི་སྡོད་གནས་རྫ་རི་སྤང་རི།།༽ ཡུལ་རྒྱུས་མེད་ས་མཐར་བསྐོར་བའི།། མི་བློ་མེད་ནག་ཆེན་ཁྲམ་པ།། རུ་སྡེ་བ་དཀྲུགས་ཤིང་དགོས་རུང་།། ངེད་ཕུ་ནུའི་དཔུང་རྡང་མ་གཏོར།། ༼ངེད་ས་མཐར་སྐོར་ཞོར་ཡོད་ཀྱང་།། ངེད་ཅག་གི་དཔུང་བ་མཉམ་གཤིབ།། ངེད་ཅག་གི་བསམ་བློ་ཆིག་སྒྲིལ།། རི་སྡེ་བའི་སྟག་ཤར་རྐྱང་རྐྱང་།།༽ ལུང་རིགས་པའི་རྒྱབ་རྟེན་མེད་པའི།། ལག་འཛིན་མེད་རྩོམ་པ་(མཁན)ཁ་ཤས།། སེམས་གང་ཤར་ཚོད་འཛིན་མེད་རུང་།། ངེད་ཕ་མེས་རིག་གཞུང་མ་བརླག། ༼ངེད་དྲིན་ཅན་ཕ་མེས་ཡང་མེས།། ལུང་བསྟན་པ་རླུང་ལ་སྐུར་མཁན།། ངེད་ས་མཐའི་སྟག་ཤར་མ་རེད།། ཁྱེད་གྲོང་གི་རྒྱ་མ་བོད་རེད།།༽ ——- ཐོ་ཐོས་ལན་བཏབ་པ ༄༅།། གཏམ་ཡོད་ཚད་དྲག་ཆར་མ་རེད། སྡེ་ཆེ་བོའི་དཀྱིལ་གྱི་ཞི་མོ། འགྲོས་རོགས་པ་མེད་ཅིང་ཁེར་འགྲོ། སྟག་ཤར་རས་རིག་ན་སྐྱོ་སྣང་། ནང་སྡེ་བས་ཚོར་ན་སྡུག་སྣང་། ཁྱེད་ཁེར་འགྲོ་བྱེད་རྒྱུ་ཟེར་རུང་། ཁྱེད་ཁེར་བཤད་མ་བྱེད་སྒུགས་དང་། ང་ཐོན་ནས་ཉི་མ་ཞིག་ལ། ངེད་གཉིས་ཀྱིས་སྙིང་གཏམ་བཤད་ཆོག མིག་ཡོད་ཚས་སོ་བ་མ་རེད། གཏམ་ཡོད་ཚད་དྲག་ཆར་མ་རེད། ལྕེ་ཡོད་ཚད་རལ་གྲི་མ་རེད། མ་བུ་མོའི་སེམས་ལ་དེ་ཟུངས། —— ཐོ་ཐོས། 2018-11-21 ༄༅།། གངས་སེང་མིན། གངས་སེང་མིན། གངས་སེང་མིན་ན་རི་སེང་ཡིན། རིའི་རྒྱལ་བོ་རི་རབ་དག ལྕགས་ཀྱི་སྡེར་མོས་འདྲད་མཁན་གྱི་ཚོགས་དེ་དག ཚར་གཅོད་བྱེད་འདོད་མཁན་གྱི་རི་སེང་ཡིན། གངས་སེང་མིན། གངས་སེང་མིན་ན་ནགས་སེང་ཡིན། ཁ་བའི་ཡུལ་ལྗོངས་ཀྱི་ནགས་ཀླུང་དག ལྕགས་ཀྱི་སོ་བརྩེགས་བར་ནས་འཆའ་མཁན་དེ་དག རྒྱང་ཕུད་དུ་གཏོང་འདོད་མཁན་གྱི་ནགས་སེང་ཡིན། —— ཐོ་ཐོས། ༢༠༡༨-༡༡-༢༣ ༄༅།། ངའང་གནའ་སྔ་མོ་ཞིག་ནས་འཆི་སྲིད། ང་ནི། ངའི་འཚོ་སྟངས་འདིས་ཡིད་ཚིམས་ནས་བསྡད་ཡོད། རྒྱུ་མཚན་ནི། ངའི་འཚོ་བའི་ཟུར་ཁ་རེ་རེ་དང་འགུལ་སྐྱོད་རེ་རེའི་སྣེ་དེ་ན། ཁྱེད་ཀྱི་སྣང་བརྙན་དང་ཁྱེད་ཀྱི་འཛུམ་དམུལ་དེ་མངོན་འདུག ངས་ང་རང་འཚོ་བྱེད་ཀྱི་དབུགས་དེ། འབྱིན་ཐེངས་རེ་དང་རྔུབ་ཐེངས་རེ་ལའང་། ཁྱེད་ཉིད་དྲན་ཞོར་དུ། ངའི་ཚེ་སྲོག་གི་རྒྱུན་དེ་མུ་མཐུད་དུ་སྐྱོང་གི་ཡོད། གལ་སྲིད། ངའི་ཡིད་དབང་འགུགས་པའི་བུ་མོ་ཁྱེད་ལྟ་བུ་ཞིག འཇིག་རྟེན་འདི་ལ་མེད་ན། ངའང་གནའ་སྔ་མོ་ཞིག་ནས་ཡོད་མི་སྲིད། ངའང་གནའ་སྔ་མོ་ཞིག་ནས་འཆི་སྲིད། ——- ཐོ་ཐོས། 2018-11-26 ལ། ༄༅།། བྱོལ་མ། གཞོན་དུས་གསར་རྒོད་ཡིན་དུས་གསར་ཉམས་དོན་ཞོར་དུ།། ཕ་ཡུལ་མེ་ཏོག་ཐང་ནས་འབྲོག་མོར་ལ་གཞས་གྱེར།། ད་ལྟ་བྱོལ་མ་བགྱིས་ནས་ས་མཐར་འགྲིམ་པའི་དུས།། སྲང་ལམ་དོག་མོ་ཞིག་ན་ཆང་ཕོར་སྐྱོར་ཞོར་འཁྱམ།། མི་ཚེའི་ལྷག་མ་བྱོལ་མའི་ཁྲོད་ནས་ཚར་ས་རེད།། ལུས་ཀྱི་བདེ་ཐང་ཆང་གི་བཟི་ཁས་ཉམས་ས་རེད།། སེམས་ཀྱི་ཕུག་འདུན་རྩོད་པའི་ཁྲོད་ནས་བོར་ས་རེད།། མཛེས་མའི་ཚོགས་དེ་ལོ་ན་རྒས་པས་གནའ་ནས་བརླགས།། ——- ཐོ་ཐོས་ཆང་གྲོགས་ཚོར་ཕུལ་བའི་སེམས་ཚོར། ༢༠༡༨-༡༡-༣༠ ལ། ༄༅།། དཔའ་བོ་དཔལ་ལྡན་རྒྱ་མཚོ་ལགས་ལ། ཁྱེད་སྐུར་རྒྱ་རྒན་ཚང་གིས་མནར་གཅོད་ཚད་མེད་བཏང་།། ཁྱེད་ཐུགས་རྒྱ་མི་དེ་ཚོས་དམར་པོར་བསྒྱུར་རྩིས་བྱས།། འོན་ཀྱང་དཔའ་རྒོད་ཁྱེད་ནི་བཙོན་གྱིས་ཞུམ་མ་བཅུག། སྙིང་སྟོབས་དགུ་འགྱུར་བླ་སྲོག་དཔལ་ལྡན་ཁྱེད་ལ་ལྡན།། —— ཐོ་ཐོས། ༢༠༡༨-༡༡-༣༠ ལ། ༄༅།། ལྷ་ཡུལ་གྱི་ལྷ་མོ་དང་མི་ཡུལ་གྱི་མཛེས་མ། ལྷ་ཆོས་ལུགས་ཀྱི་མཛེས་མ་མཁའ་འགྲོ་མར།། སྒོམ་གྱི་ནུས་པས་བདེ་པའི་དཔལ་ལ་རོལ།། མི་ཆོས་ལུགས་ཀྱི་མཛེས་མ་ཐང་ཉལ་མར།། མངོན་སུམ་འཁྲུལ་མེད་ཤེས་པས་དགའ་བར་སྤྱོད།། —ཐོ་ཐོ་ངས་རྨ་དུག་ལྕེའི་དགོངས་ཚུལ་དང་ཉམས་ལེན་བྱེད་སྟངས་དེ་རྐུན་པ་བརྒྱབ་པའི་བདེན་དཔང་ངོ་། ༢༠༡༨-༡༡-༣༠ ལ། ༄༅།། གཏམ་བཤད་བྱེད་སྟངས། ལྷ་དང་ལྷ་མོའི་ལུང་བསྟན་རེད་ཅེས་དང་།། བླ་མ་གང་གིས་གསུངས་རེད་མི་སྨྲ་བར།། ཚན་རིག་དང་ནི་གནས་ལུགས་རྒྱུ་མཚན་བཅས།། སྒྲུབ་བྱེད་བསྒྲུབ་བྱར་སྦྱར་ཏེ་སྨྲ་བར་གཙོ།། —- ཐེངས་ཤིག་ཐོ་ཐོ་ངས་དྲྭ་གྲོགས་ཚོས་གཏམ་བཤད་ལ་ཉན་བཞིན་ཡོད་ཟེེར་བའི་བདེན་དཔང་ཙམ་དུ་བྲིས་པ་ཞིག་ཡིན་ནོ། ༄༅།། ཟུར་མིག་མདའ་མོ་དང་སེམས་ཀྱི་མེ་ཏོག འཁྱུད་དོ་སེམས་ནས་འཁྱུད་ཞོར་མཐེ་བོང་བསྒྲེངས་བྱས་པས།། འདྲེ་ཐོའི་ཤ་གསེང་རུས་གསེང་རེ་ཞིག་བཟི་བཅུག་འདུག། ཀྱེ་ཧུད་སྙིང་གི་དཀྱིལ་དུ་སྔར་ནས་སྦས་བྱས་པའི།། ཟུར་མིག་མདའ་མོ་ཁྱེད་ནི་སེམས་ཀྱི་མེ་ཏོག་ལགས།། འཁྱུད་ཅིང་སེམས་ཚོར་མེ་ཏོག་གཟུགས་ལ་བསྡེབས།། དཀའ་སོང་སྙམ་པས་ coffee ཞིམ་པོ་གནང་།། གྲོགས་ལ་གུས་བརྩི་མཚོན་ཕྱིར་ཐལ་མོ་སྦྱར།། འདི་འདྲའི་དྲྭ་གྲོགས་མ་ཧཱ་ཚང་གི་རྒྱན།། ཉིན་འདིར་ཁྱེད་གཉིས་སྤྱད་པའི་བདེ་བ་ནི།། བདག་ལ་མཚོན་ན་བདེ་བ་ངོ་མ་ཡིན།། ལུས་འབྲེལ་ལུས་ཀྱི་ཚོར་བ་དེ་ཙམ་ལས།། སེམས་འབྲེལ་སེམས་ཀྱི་ཚོར་བ་བདེ་བའི་མཆོག། སེམས་ཀྱི་ཁང་བ་ལྟ་བུའི་ལུས་པོ་དང་།། ཁང་བའི་ཀ་བ་ལྟ་བུའི་སེམས་པ་གཉིས།། གཅིག་ལ་གཅིག་བརྟེན་བྱས་ནས་གནས་ཡོད་པས།། སེམས་ནས་མྱངས་པ་ལུས་ཀྱི་མྱངས་པ་ཡིན།། སྔ་སྔགས་ལུགས་ཀྱི་ཁུ་བ་ཡར་འདྲེན་སོགས།། བདག་ལ་མཚོན་ན་དགོས་པ་ཆུང་ན་ཡང་།། ལུས་སེམས་གཉིས་ལས་སེམས་ཀྱི་བདེ་བ་ནི།། བདག་ལ་མཚོན་ན་ཁུ་བ་ཡར་འདྲེན་ཡིན།། ཁ་སང་ཐེངས་གསུམ་འཁྱུད་པས་དྲོད་ཁོལ་དེས།། ད་ལྟ་ད་དུང་ངའི་སེམས་དྲོད་ལྷང་ལྷང་།། དེ་རིང་ཐེངས་གསུམ་འཁྱུད་ཅིང་སེམས་གཉིས་སྦྱར།། སེམས་ཐག་ཉེ་རུ་བཏང་བ་ཡིན་ནམ་ཀྱེ།། འཁྱུད་གསུམ་བདེ་བའི་གནང་སྦྱིན་སེམས་གསོའི་སྨན། ། ནོར་བུ་དམར་པོ་གསུམ་གྱི་གནང་སྦྱིན་མཆོག ། བདུད་རྩི་ཀོང་བུ་གསུམ་གྱི་དགའ་ཚོར་འདི། ། འགྱུར་མེད་ཚེ་ནོམ་ཡིན་པར་ཡིད་ཆེས་ཡོད། ། ——- ཐོ་ཐོས་མ་ཧཱ་བྷ་ར་ཏྭའི་དེའི་ནང་དུ་ཁ་བརྡའི་ཞོར་དུ་ཟུར་མིག་མདའ་མོ་དང་སེམས་ཀྱི་མེ་ཏོག་གཉིས་ལ་བྲིས་པའི་སེམས་ཚོར། ༄༅།། སེམས་འདྲེ་གཉིད་ཀྱིས་བཏུལ། ང་དང་འབྲེལ་བའི་རྩོམ་དང་སྐད་ཆའི་རིགས།། ང་ཡི་རྣ་བས་ཉན་ཙམ་ཐོས་ཙམ་ཁྲོད།། ང་ལ་བསམ་ཚུལ་ཅི་རིགས་ཤར་ནའང་།། ང་རང་བདེ་ཕྱིར་གཉིད་ཀྱི་འཇིག་རྟེན་འགྲིམས།། ང་ཡི་སེམས་ཀྱི་ཞིང་ཁམས་ངོ་མཚར་བར།། རྨི་ལམ་ཕྱི་ནས་བཙན་འཛུལ་བྱེད་དོགས་པས།། ང་རང་གཉིད་པས་ངའི་སེམས་རང་གིས་བསྐྱབས།། རྨི་ལམ་ནང་དུ་རྒོལ་མཁན་བྱོན་བཅུག་མེད།། —— ཐོ་ཐོས། 2018-12-03 ལ། སྤྲུལ་སྐུ་ཛ་རེ་ཛོ་རེ་ལྔ་བརྒྱ་ཡོད་པ་ལས་འདི་ལྟ་བུའི་དགེ་བཤེས་གཅིག་དང་གཉིས་རེ་ཡོད་ན། ང་ཚོའི་བསོད་ནམས་ཡིན་དང་། ང་ཚོ་ལ་དོན་དམ་པའི་མི་ཆོས་ཕྱོགས་ནས་དང་ལྷ་ཆོས་དག་མའི་ཕྱོགས་ནས་ཏེ། ཕྱོགས་གཉིས་ཀའི་འགྲོ་ལུགས་འགྲོ་སྟངས་དང་། སྤྱོད་ལུགས་སྤྱོད་སྟངས། སྒྲུབ་པ་ཉམས་ལེན་བྱེད་སྟངས་བཅས་དྲང་བདེན་དང་གཟུར་གནས་ཀྱིས་འབྱུང་སའི་བསོད་ནམས་ཀྱི་སྣོད་ཆེན་པོ་རེ་ཡིན་ནོ།—- ཐོ་ཐོས། 🙏🙏🙏 ༄༅།། དྲན་པ་འཁྱག་ལ་མ་སྦྱར། དུངས་སེམས་ཀྱི་གཞིས་ན་དྲོད་ཀྱིས་འཚོས་བའི། ། མཛའ་གཅུགས་ཀྱི་གྲོགས་ཁྱོད་བདེ་མོ་ཡིན་ནམ། ། འཛུམ་དམུལ་གྱི་གདོང་རིས་བཏང་བ་དགའ་ཡང་། ། གསལ་བཤད་ཀྱི་ཆ་ཙམ་མེད་པས་མ་མགུ ། མཚན་སྨག་གི་རླུང་བུ་ཤུགས་ཀྱིས་གཡུགས་ཏེ། ། དགུན་འཁྱག་གི་གྲང་ངར་རུས་ལ་ཟུག་རུང་། ། བྲང་གཞུང་གི་དམ་ཚིག་རླུང་ལ་བསྐུར་མེད། ། ཡ་ཁོག་གི་དྲན་པ་འཁྱག་ལ་སྦྱར་མེད། ། མཁའ་དབྱིངས་ན་རྒྱུ་བའི་ཟླ་བ་ཁེར་བགྲོད། ། སྙིང་གཏམ་འདི་ཉི་འོད་ངོགས་ལ་བསྐྱལ་ཏེ། ། འཕྲིན་ལན་ཞིག་ཚུར་ལ་འཁྱེར་རྒྱུ་མ་བརྗེད། ། ལྷིང་འཇགས་ཀྱི་གྲུ་ག་འདི་ནས་བསྒུག་འདུག ། —— འབྲོག་མོ་ཞིག་གིས་ཐོ་ཐོ་ལ་བྲིས། ༄༅།། ངས་ནི་ཉི་མ་ཁྱེར་ཏེ་སྨག་ནག་གཏོར་དུ་འོང་། ༼ལན་བཏབ་པ༽ ང་ནི་བྱ་རྒྱལ་རྒོད་པོ་ཞིག་ལ་སྤྲུལ་བྱས་ཏེ།། གཤོག་བརྐྱངས་གཅིག་གིས་ཁྱེད་སར་མྱུར་བར་འཕུར་ནས་ཡོང་།། ཁྱེད་ཉིད་གནས་སའི་ཡུལ་དེེ་ལྡིང་སྐོར་མང་མང་རྒྱག། རླུང་བུ་ཤུགས་ཀྱིས་གཡུགས་པའི་མཚན་མོའི་སྨག་རུམ་ཁྲོད།། དགུན་འཁྱག་གྲང་མོས་མནར་བའི་ཡིད་ཀྱི་གཉེན་ཉེ་མ།། ངས་ནི་ཉི་མ་ཁྱེར་ཏེ་སྨག་ནག་གཏོར་དུ་འོང་།། གལ་སྲིད་རྨི་ལམ་ངོགས་སུ་ཁྱེད་ནི་བཞུད་ཡོད་ཚེ།། ང་ནི་རྨི་ལམ་བརྒྱུད་ནས་ཁྱེད་ཉིད་འཚོལ་དུ་འོང་།། ངེད་གཉིས་མཉམ་དུ་ལྐོག་གྱུར་གནས་ཤིག་འཚོལ་བར་བྱ།། ——ཐོ་ཐོས། 2018-12-01 ༄༅།། ལྟ་གྲུབ། རིགས་རུས་ལྟ་གྲུབ་གང་ཡིན་མི་གཙོ་སྟེ།། གང་གིས་འགྲོ་དོན་བསྐྱང་བར་ཕན་གྱུར་བ།། དེ་དག་དམིགས་སུ་བཀར་ཞིང་གཙིགས་སུ་སྣང་།། ཞི་དྲག་ཕྱེད་མའི་ཚུལ་གྱིས་འཇིག་རྟེན་སྐྱོངས།། —- ཐོ་ཐོའི་བསམ་ཚུལ། ༄༅།། མུན་པ་གཏོར་བའི་གདམས་ངག མུན་པ་དེའང་དགྲ་ལ་མ་བསམས་པར། སེམས་འཆོར་སའི་མཛེས་མ་ལྟ་བུར་བསམས་ཏེ། རང་གི་མིག་ཟུང་འོད་ཀྱིས་ཁེངས་པར་བསྒོམས་ཤིང་། འོད་དེའང་མེ་ཏོག་དང་གཡུ་བྱུར་གྱིས་སྤྲས་པའི་མདའི་གཟུགས་སུ་བསྒོམས་ནས། ཕར་མུན་པ་སྟུག་པོ་དེར་དགའ་ཉམས་དང་ཆགས་ཉམས་གཉིས་ལྡན་གྱི་རྣམ་པ་བསྟན་ཞིང་སེམས་ཚོར་མངོན་ཞོར་མིག་གིས་བལྟས་པ་ནི་མདའ་འཕངས་པ་ལ་བསམས་པ་ན། མུན་པ་དེ་ཉིད་དེ་མ་ཐག་ཏུའམ། ཡང་ན་རིམ་གྱིས་འཐོར་བར་འགྱུར་རོ། ཞེས་པའི་ལག་ལེན་འདི་ནི་འདྲེ་ཐོ་ཐོའི་གསང་བའི་གདམས་ངག་གོ། —— ཐོ་ཐོས། ༄༅།། དྲྭ་ཚོམས། སྐད་གདངས་ཆེ་རུ་འགྲོ་ཞོར་ཞེ་སྡང་ཡང་།། ཆེ་རུ་མཐོ་རུ་འགྲོ་བའི་བགྲོ་གླེང་ཁྲོད།། རང་གིས་རང་ཉིད་འོན་པར་བཟོ་ཐུབ་ན།། གཞན་གྱིས་ལྐུག་པར་འདོད་ཀྱང་རྒྱལ་ཁ་ཞིག། —— ཐོ་ཐོའི་བསམ་ཚུལ། ༄༅།། མེ་ཏོག་ལམ། མེ་ཏོག་ལམ་དུ་འཇུག་པར་སྤྲོ་བ་དང་།། མེ་ཏོག་ལམ་དུ་འདྲེན་པར་མོས་པ་ཚོ།། གཤིན་རྗེ་གཤེད་མའི་ལག་ནས་ཐར་འདོད་ན།། འབའ་སྲས་མོ་ཡི་གཏམ་ལ་ཐེངས་ཤིག་གསོན།། —— ཐོ་ཐོས། ༡༡-༡༢-༢༠༡༨ ལ། ༄༅།། བསམ་ཚུལ་ནོར་སྲིད། ང་ཚོའི་མིག་ནང་དུ་མ་རབས་དང་མཁྲེགས་བཟུང་དུ་མཐོང་གི་ཡོད་པ་དེ། ཕར་ཕྱོགས་ཀྱི་བསམ་བློའི་ནང་དུ་མི་རིགས་ཤིག་གི་སྤོབས་པ་དང་མི་རིགས་རང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ལ་ངོས་འཛིན་བྱེད་མི་སྲིད་པ་ཞིག་མ་རེད་ཅེས་བཤད་འདོད་སོང་། —— ཐོ་ཐོའི་བསམ་ཚུལ་ཡིན། ༄༅།། འཆི་བ་དང་རང་སེམས་སྐྱབས་བཅོལ་སའི་ཡུལ་སྟོང་བ། འཆི་བར་མི་འཇིགས་སྣང་བ་འཕྲུལ་སྣང་ཙམ།། འཇིགས་ཀྱང་བཟློག་མེད་ཐབས་དང་ལམ་ཟད་པས།། རང་སེམས་བདེ་ཕྱིར་འཇིག་རྟེན་གཞན་ཞིག་བསྐྲུན།། ཤི་རྗེས་ལྷ་མིའི་ལུས་རྟེན་ཐོབ་རབས་སྨྲས།། དོན་དངོས་དག་ཞིང་དང་ནི་བདེ་ཞིང་སོགས།། ཡོད་པར་སྣང་བ་འཇིགས་པ་བསླུ་ཕྱིར་ཏེ།། བཟློག་ཐབས་མེད་པའི་འཆི་བའི་འཇིགས་པ་ལས།། རང་སེམས་བདེ་ལ་འགོད་ཕྱིར་བཟོས་པ་ཞིག། ༜ དེ་རིང་གི་སེམས་ཚོར་ཙམ་ཏེ། ད་རུང་ནད་དང་རྒས་པས་རྟགས་གང་ཡང་བསྟན་མ་བྱུང་བས། འཆི་བར་ཐག་རིང་སྙམ་པས་འདི་ལྟར་བྲིས་སོ། འོན་ཀྱང་འཆི་བ་མི་རྟག་པ་ཡིན་པས་དང་ནམ་ཡོང་རྒྱུས་མེད་ཡིན་པས། ཉིན་ཞིག་གམ། ཡང་ན་དོ་དགོང་དང་སང་ཉིན་ལྟ་བུ་ལ་འཆི་བ་དེ་རང་མགོའམ་རང་ཐོག་ཏུ་སྨིན་གྱི་ཡོད་པ་འདོད་ཚེ། དེ་རིང་གི་ཚོར་བ་དེ་ལས་སམ་དེ་རིང་བྲིས་པ་ནང་བཞིན་དེ་འདྲའི་དཔའ་བོ་ཞིག་ཡིན་མིན་སུས་ཤེས། ཧ་ལམ་དེ་རིང་གི་སེམས་ཚོར་དེ་ལྟ་བུ་ལས་འགྱུར་རྒྱུ་ཡིན་པ་ཁོ་ཐག་ཅིག་ཡིན་རྒྱུ་རེད་འདོད། —- ཐོ་ཐོས། ༡༣-༡༢-༢༠༡༨ ལ། —— འདྲེ་ཐོས། 2018-12-13 ལ། ༄༅།། ས་གཞི། ང་ཚོས་ང་ཚོའི་གནས་ཆགས་སའི་ས་གཞིའི་འདིའི་འོག་ན་གསེར་དངུལ་ཟངས་ལྕགས་སོགས་ལས་གྲུབ་པའི་གཏེར་རྡོ་རྩ་ཆེན་རིགས་ཡོད་པ་དེ་ཤེས་བ་ཙམ་ལས། ས་གཞིའི་འདིའི་འོག་ཏུ་ང་ཚོ་ལ་རྒྱལ་ཁབ་སྐྲུན་མཁན་དང་འཚོ་གནས་སྐྲུན་མཁན་གྱི་སྲོག་དགྲ་ལག་ཏུ་ཤོར་བའི་དཔའ་རྒོད་རྐྱང་རྐྱང་གི་རུས་པས་ཁེངས་ཡོད་པ་དེའི་རིགས་ཚོར་གི་མེད་པ་འདྲ། ཐོ་ཐོས་བྲིས། ༄༅།། གངས་རི་དང་མཛེས་མ། གངས་རི་དཀར་པོའི་རྩེ་ན།། ཉི་མ་འཆར་སྟངས་ཡག་གི། སྤྲིན་པ་འཕྱུར་སྟངས་མཛེས་ཀི། རེ་ཞིག་ཕ་ཡུལ་དྲན་བྱུང་།། མཛེས་མ་ཁྱེད་ཀྱི་གདོང་ན།། འཛུམ་གྱི་མེ་ཏོག་ཡག་གི། མཆུ་སྒྲོས་སེའུ་དམར་མཛེས་ཀི། ཐེངས་ཤིག་མཇལ་ན་བསམ་བྱུང་།། མི་ཚེ་ཟེར་བ་མི་རྟག། བརྩེ་དུང་ཟེར་བ་སྨྱོན་པ།། ཚོར་ཤེས་འདི་ནི་ལྐོག་གྱུར།། ཅི་བྱུང་ངེད་གཉིས་མི་ཚོར།། —— ཐོ་ཐོས། 2018-12-13 ༄༅།། མ་ཉེས་ཁ་གཡོགས། ཉི་མ་གནམ་ནས་ལྷུང་ཡང་དེ་རིང་ནི།། རྒྱ་སེ་མེ་ཏོག་གཅིག་ལ་རེ་བཅོལ་ཏེ།། ཤིན་ཏུ་ལྐོག་གྱུར་ཡིན་པའི་སེམས་ཚོར་འདི།། མེ་ཏོག་གསེང་དུ་སྦས་ཤིང་ཁྱེད་ལ་འབུལ།། སེམས་ཁུངས་མཆི་མས་བརླན་པའི་ཚོར་བ་ཞིག། མཚོ་མོའི་རྦ་རླབས་ཇི་བཞིན་བཟློག་མེད་དུ།། རྒྱལ་རོང་བུ་མོའི་ཐུགས་ལ་འཕྱུར་བྱས་པས།། ངའང་སྐྱོ་བའི་མིག་ཆུས་བརླན་བྱས་སོང་།།་ དཔྱོད་ལྡན་ཡིན་པ་གང་གི་བསམ་བློ་དེ།། སྐབས་རེར་བྱིས་པའི་བློ་ལས་མ་འདུས་པར།། གློ་བུར་སྐྱོ་བའི་མིག་ཆུ་ཟགས་འདི་ནི།། ངན་དུ་བསྙོན་པར་གང་ལ་དཀར་འདོན་ཞིག། ——- ཐོ་ཐོས། 2018-12-16 ༄༅།། ཟུར་མིག་མདའ་མོ། མིག་གིས་ཟུར་བལྟས་ཙམ་གྱིས་ང་ནི་སྦར་བྱེད་པའི།། ཟུར་མིག་མདའ་མོའི་མིང་ཅན་མཛེས་མའི་ཆོ་ལོ་ཅན།། ཁྱེད་སྐུ་ལྷ་བཟོ་ཞིག་གི་ཕྱག་གིས་བྲིས་བྱས་ན།། ངས་ནི་ལྷ་མོར་བསམས་ཤིང་མཆོད་པར་བཤམ་ན་འདོད།། —-ཐོ་ཐོས་@ཟུར་མིག་མདའ་མོ། ལགས་ལ་ཡིན། ༄༅།། འདོད་པའི་ཟས། དམར་པོའི་རྒུན་ཆང་ཁ་ཡིས་རོལ་བ་ལས།། གང་གིས་ཟླ་མཚན་འཛག་པའི་ཐིགས་པ་དེ།། ཆགས་པའི་བདུད་རྩིར་སྙམ་ཏེ་ལྕེ་སྣེ་འདིས།། ཐུག་ཙམ་རོལ་ཙམ་བྱེད་རྒྱུར་སྒུག་ནས་ཡོད།། [—- ཐོ་ཐོས། 2018-12-16 ༄༅།། རེབ་གོང་གཅེས་ལོ། བོད་པ་ཚང་ལ་ཉམས་ཐག་གཅེས་ཕྲུག་མང་།། རེབ་གོང་གཅེས་ལོ་བོད་པའི་གཅེས་ཕྲུག་ཅིག། གཅེས་ལོ་རང་ལའང་གཅེས་རྒྱུའི་གཅེས་ཕྲུག་མང་།། ཉམས་ཐག་སློབ་མའི་ཚོགས་དེ་གཅེས་ལོས་གཅེས། གཅེས་ལོའི་ཞལ་ན་ཁ་བ་གངས་ཅན་ཡོད།། གཅེས་ལོའི་ཐུགས་ན་གངས་ཅན་བོད་མི་ཡོད།། གཅེས་ལོའི་སྤྱན་ན་གངས་རིའི་མིག་ཆུ་ཡོད།། གཅེས་ལོའི་ཕྱག་ན་ཁ་བཏགས་དཀར་པོ་ཡོད།། ཨ་མའི་ལོ་ལོ་ཡིན་པའི་གཅེས་ལོ་ཡི།། སྐྱོ་སྡུག་བསྲེས་མའི་མི་ཚེ་བརྒྱུད་རིམ་དེས།། ཉམས་ཐག་བོད་པ་ཚང་གི་གནས་སྟངས་མཚོན།། རྒྱལ་ཁབ་ཤོར་བའི་འབངས་ཀྱི་ལས་དབང་མཚོན།། བོད་པ་ཚང་གི་བོད་མི་ཕལ་ཆེ་བར།། སྤྲང་བོའི་རྣམ་པ་དེ་ཙམ་མེད་ཀྱང་རུང་།། མི་རིགས་ཆེན་པོ་ཚང་གི་ལྟ་སྟངས་ལ།། འཁྱམ་པོ་མེད་པོའི་ཚོགས་ལས་མ་འདུས་སོ།། རང་གིས་རང་ལ་རང་རྩིས་ཆེར་བཞག་སྟེ།། གཅེས་ལོ་ལྟ་བུའི་མི་ལ་དམའ་འབེབས་དང་།། ཤིན་ཏུ་མཐོང་ཆུང་བྱེད་རྒྱུར་གོམས་གྱུར་པའི།། ངེད་ཅག་བོད་པ་འདི་ཚོ་སྙིང་རེ་རྗེ།། གཅེས་ལོའི་གྱོན་གོས་བོད་ལྭ་དག་མ་ཡིན།། གཅེས་ལོའི་སྐད་ཆ་བོད་སྐད་གཙང་མ་ཡིན།། གཅེས་ལོའི་གཅེས་མགུར་བོད་པ་ཚང་གི་མགུར།། གཅེས་ལོའི་གཞས་ལ་རྒྱ་གླུའི་ལྷད་ཞུགས་མེད།། ——- 2018-12-19 ལ། ༄༅།། ཞེ་འཁོན། དམག་དར་ལྷབ་ལྷུབ་གཡོ་སའི་བཙན་པོའི་རུ་ཁག་དེ།། དམར་པོའི་དར་ཆ་ཞིག་གིས་བཙན་འཛུལ་འོག་ནས་འཇིག། ཞེ་འཁོན་རྣོ་ལྕགས་ལྟ་བུའི་བཞུ་རྒྱུ་མེད་པ་དེས། སྙིང་རྩ་ཡོངས་སུ་བཏུམས་ཤིང་དགྲ་ཤ་ལེན་པར་དམིགས།། ——- ཐོ་ཐོས། 2018-13-23 ༄༅།། ངལ་གསོ་དང་རྨི་ལམ། རྨི་ལམ་ཡོད་པའི་གཉིད་དེ་ངལ་གསོ་མིན།། ངལ་གསོའི་དུས་ཆེན་དེའང་ངལ་གསོ་མིན།། ངལ་གསོ་ཡིན་པར་འདོད་པའི་སྣང་ཚུལ་དེས།། ཅིས་ཀྱང་ཁྱེད་ཀྱི་བསམ་བློར་འགུལ་ཤུགས་སྤྲོད།། གཉིད་ཀྱི་ལམ་ནས་སྐྱིད་སྣང་ཤར་འཇུག་པའི།། རྨི་ལམ་ཇི་འདྲ་རྨིས་ཀྱང་རྨི་ལམ་ཏེ།། འཕུར་ནས་ཧི་ལ་ཡི་གཡང་རྩེ་རུ།། འབྱོར་ཡང་རྨི་ལམ་ཡིན་པས་འཛིན་རྒྱུ་མེད།། ——- ཐོ་ཐོས། ༄༅།། ཐོ་ཐོ་། ཤེས་ཀྱང་ཤེས་པ་དེའང་དོགས་སློང་ཡུལ།། བཤད་ཀྱང་བཤད་པ་དེའང་རྩེ་མཚར་ཚུལ།། རྟོགས་པར་རྟོགས་པ་ཡིན་མིན་སོམ་ཉི་ཅན།། བློ་དམན་ཐོ་ཐོ་་བརྗོད་ན་འདི་འདྲ་ཞིག། ཤེས་དང་མི་ཤེས་ཡོད་ཡོད་ཚད་ཚད་པོ།། མན་ངག་ཡིན་མདོག་ཕན་པ་ཡོད་མདོག་གིས།། གང་དྲན་ཁ་ནས་ཐོན་མཁན་ཐོ་ཐོ་མིན། ཐོ་ཐོའི་གཤིས་ཀ་བརྗོད་ན་འདི་འདྲ་ཞིག། མཐོ་དམན་དབྱེ་བ་འབྱེད་རྒྱུར་གོམས་མེད་ཅིང་།། ཁ་ཡག་ངོ་སོ་འཛིན་རྒྱུའི་སྲོལ་མེད་པའི།། ཐོ་ཐོའི་གཤིས་ཀ་དེ་ལ་གཡོ་ཟོལ་མེད།། འོན་ཀྱང་ཡ་རབས་ཕྱོགས་ལ་དགའ་ནི་ཞིག། མང་བོས་མཁས་པར་འདོད་ཅིང་བཀུར་བའི་མིར།། ཐོ་ཐོའི་བཀུར་བྱར་འོས་མིན་དཔྱད་པར་བྱ།། གང་ཞིག་དོན་དངོས་མཁས་པ་རེད་སྙམ་ཚེ།། དེ་ལ་ཐོ་ཐོས་མཐའ་གཅིག་རྒྱབ་སྐྱོར་གནང་།། ལྟ་ལོག་སྤྱོད་ལོག་རེད་ཅེས་མི་བུ་འགར།། འགའ་རེས་ཇི་ལྟར་དམོད་མོ་བྱས་ཀྱང་རུང་།། གསུངས་བར་རྒྱུ་མཚན་གནས་ལུགས་ལྡན་སྙམ་ཚེ།། ཐོ་ཐོས་གཙུག་ཏུ་བཀུར་བ་རང་ལུགས་ཡིན།། —— ཐོ་ཐོས། 2018-12-23 ལ། ༄༅།། ཁ་བ་་དཀར་པོས་འཚམས་འདྲི། ཁ་བའི་ཡུལ་གྱི་ཁ་བ་དཀར་པོའི་ཁ་བཏགས་རིང་མོས་གཡོགས་བྱས་པའི།། གཡུ་ཡི་མདངས་ལྡན་ལྗོན་ཤིང་དེ་དག་བདེན་པའི་གཡུལ་ལས་རྒྱལ་བར་ཤོག། མེས་པོའི་རྒྱལ་ཁམས་མཛེས་པར་བསྐྲུན་ཞིང་ཞི་བདེར་འགོད་མཁས་མེ་ཏོག་ཁྱེད།། ཁ་བའི་ཡུལ་ནས་འཚམས་འདྲིར་ཕེབས་པའི་ཁ་བའི་ཟེགས་མའི་གཅེས་ཕྲུག་ལགས།། ཞེས་འདྲེ་ཐོ་ཐོས། ༢༠༡༩-༠༢-༠༨ ལ། ༄༅།། ཇ་ཁང་ནང་གི་གཏམ། ཇ་ཆང་གཉིས་ལས་ཆང་ལ་ཉུང་ཙམ་དང་།། ཇ་རྒོད་མང་མང་བཏུང་ན་ལོ་རྒས་སྨན།། ཤ་མར་ཐུད་གསུམ་སྦྲང་དཀར་ཙམ་པ་བཅས།། བོད་པ་ཚང་གི་མཆོག་གྱུར་ཟས་སྣའི་རིགས།། འབྲོག་མོ་སྙིང་ལ་རྗེ་བོའི་ལག་ཟས་དང་།། རོང་མོ་བློ་ལ་འབབ་མའི་ཞིམ་ཟས་རིགས།། བོད་པ་ཚང་གི་ལོ་སར་སྡེར་བཤམས་ཁྲོད།། མི་རིགས་གཞན་པའི་ཟས་ལས་མང་བར་སྨོན།། རང་རིགས་རང་ཟས་གཞན་རིགས་གཞནས་ཟས་ལས།། མང་བོ་ཤོམས་ཞེས་བསྐུལ་ན་འདོད་ཀྱང་རུང་།། མི་རིགས་དབྱེ་འབྱེད་ཟས་རིགས་དབྱེ་འབྱེད་ཅེས།། ཤོག་བུའི་ཞྭ་ཞིག་མགོ་ལ་འབབ་པར་འཇིགས།། —— ཐོ་ཐོས། ༢༠༡༩-༠༡-༠༢ ལ། མེ་ལོང་ལས་མཐོང་བའི་རང་ཉིད་དེ་ནི་ཇི་འདྲ་ཞིག་ཡིན་ཡང་རུང་། དེ་ནི་རང་གི་ཕྱིའི་སྐྱི་ལྤགས་ཙམ་ལས་གཞན་གང་ཡང་མཐོང་མི་ཐུབ་ཞིང་རྟོགས་ཀྱང་དཀའ་བས་ན། རང་གིས་རང་ལ་དཔྱད་པ་གཏོང་རྒྱུ་དེ་མེ་ལོང་ནང་དུ་བལྟས་པ་ཙམ་མ་ཡིན་པར། གཙོ་བོ་དེ་ནི་ནང་གི་སེམས་དེ་ལ་དང་། བསམ་བློ་དེ་ལ་དམིགས་ཏེ་རང་ལ་སྡོམ་ཚིག་འཇོག་རོགས་ཞེས་པའི་རྟགས་མཚོན་ཡིན་པ་འདྲ། —- ཐོ་ཐོའི་བསམ་ཚུལ། ༄༅།། ཁ་བ། གཙང་བོ། འཁྱག་རོམ། ཁ་བ་ཅན་གྱི་ཁ་བས་ཀྱང་ནི་ཁ་བའི་ཡུལ་ལྗོངས་སུ།། བྷོ་ཊའི་མི་འབོར་ཉུང་དུ་འགྲོ་བར་ཐུགས་ཀྱིས་མ་བཟོད་པས།། གཙང་བོའི་རྒྱུན་དེར་ཁ་བའི་འདབ་མའི་ཁ་བཏགས་དཀར་པོ་ཕུལ།། འཁྱག་རོམ་གྱིས་ནི་ཚེ་སྲོག་འཕེལ་ཕྱིར་ཕོ་མོའི་འབྲེལ་སྟངས་མངོན།། ——- ཐོ་ཐོའི་སྐད་ཅིག་གི་ཚོར་བ། ངའི་སྙན་ངག ཨ་ལ་རྩེད་མོ་ཡིན། འབྲི་མི་ཤེས་ཀི འབྲི་རྒྱུར་ངོ་ཚ་རྒྱུ་ཤེས་སོང་། ལྷག་པར་དུ་ཧོར་གཙང་འཇིགས་མེད་དང་། རྨ་དུག་ལྕེ་གཉིས་ཀྱི་སྙན་ངག་དེ་བཀླགས་རྗེས། རང་གིས་བྲིས་པའི་སྙན་ངག་དེའི་རིགས། སྙན་ངག་ཅིག་མིན་པ་ཤེས་སོང་། ངའི་སྙན་ངག་ནི་ཤོག་ལེབ་སྟོང་བ་ཞིག ཤོག་ལེབ་དཀར་པོ་ཞིག འོན་ཀྱང་། ང་རང་ནི་སྙན་ངག་ཅིག འདྲེ་ཐོ་ནས། ༢༠༡༩-༠༡-༢༡ ལ། 震源 噶尔嘛巴与台湾女 震因 淫乱 深度 看似很神秘但也很浅 震醒 佛教圈与信仰者 震动 藏人社会 震碎 围绕噶玛巴的人际网络 震伤 无数人的脆弱的心灵 震惊 印度与西藏政府 ༄༅།། གསལ་ལེར་རྒྱལ། ས་གནས་ག་གེ་མོ་ཞིག་ནའམ་ཡུལ་ཁམས་དེ་རུ་གནས་པའི་གཞོན་སྐྱེས་རིགསཤིག་སྟེ། བསམ་བློ་དང་ཡོན་ཚད་སོགས་ཕྱོགས་མང་པོ་ཞིག་ནས་མངོན་པར་རྒྱལ་འདུག་པ་སྟེ། གསལ་ལེར་རྒྱལ་ཞེས་པའི་གཞོན་ནུ་རང་ཚུགས་དང་རང་དབང་འཚོལ་མཁན། ཡང་ན་གཞུང་ག་གེ་མོ་ཞིག་གི་འོག་ཏུ་རང་ཉིད་ལ་མདུན་ལམ་དང་འཇོན་ཐང་མེད་པར་སྙམ་ཏེ། རང་ཉིད་རང་གི་འདུ་ཤེས་གསལ་ལ་མི་གསལ་བ་དེའི་བྲན་གཡོག་ལྟ་བུ་བྱས་ཏེ་འདུག་མི་འདོད་མཁན་གྱི་གཞོན་སྐྱེས་རིགས་ཤིག་ལ་གསལ་ལེར་་རྒྱལ་ཞེས་འབོད་ཀི་ཡོད་པ་འདྲ། དེས་ན་གསལ་ལེར་རྒྱལ་ཞེས་པའི་མིང་དེ་འབྱོར་པའི་གཞོན་སྐྱེས་དེའི་རིགས་ཀྱི་བསམ་པ་ལ། ང་ཚོས་འཇིག་རྟེན་དེ་ཤེས་ཀི་མེད་ལ། འཇིག་རྟེན་གྱིས་ཀྱང་ང་ཚོ་ངོ་ཤེས་ཀི་མེད་སྙམ་ཏེ། ཁོ་ཚོས་འཇིག་རྟེན་འདི་ཤེས་བའི་ཆེད་དང་འཚོལ་པའི་ཕྱིར། འཛམ་གླིང་གང་ས་གང་ནས་ཡོང་བའི་མི་རིགས་སྣ་ཚོགས་ལ་འབྲེལ་བ་བཟུང་སྟེ། འཇིག་རྟེན་འདི་ལ་བརྟག་དཔྱད་དང་ཞིབ་འཇུག་ཞོར་དུ་ཁོ་ཚོ་དང་བོད། བོད་མི། བོད་པའི་རིག་གཞུང་། དེ་མ་ཡིན་པའི་ལྷག་པར་དུ་སྐབས་དེའི་བོད་གཞུང་དང་རྒྱ་གཞུང་གཉིས་ཀྱི་གནས་སྟངས། སྔོན་གྱི་ལོ་རྒྱུས། ལྷག་པར་དུ་བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་སོགས་འཛམ་པོའི་གླིང་ལ་ངོ་སྤྲོད་བྱས་དང་བྱེད་བཞིན་པ་རེད། དེ་ནི་སྐབས་དེའི་ངའི་མིག་ནང་དང་སེམས་ནང་གི་གསལ་ལེར་རྒྱལ་ཏེ་གསལ་ལྷང་ངེར་གཡས་གཡོན་གྱི་མི་རྣམས་ལས་རྒྱལ་འདུག་པ་དང་རྒྱལ་འདུག་སྙམ་པའི་སྤོབས་པ་དང་ཡིད་ཆེས་ཡོད་མཁན་གྱི་གཞོན་སྐྱེས་ཕོ་གསར་སྐྲ་རིང་ཅན་དེ་ཚོའི་རིགས་རེད། སྐབས་དེར། གཡུལ་ས་ལྟ་བུར་ཆགས་ཡོད་པའི་རྡ་སའི་རི་སྒང་དེའི་ཐོག་ཏུ་བཞུགས་ཡོད་མཁན་གྱི་གཞུང་ཞབས་པ། གྲྭ་བ། གྲྭ་ལོག་སོགས་ཀྱི་བར་ན་གསལ་ལྷང་ངེར་མཐོང་ཐུབ་པ་དང་རྟོག་ཐུབ་པའི་ཕྲག་དོག་དང་འགྲན་རྩོད་ཀྱི་ཁྲོད་དུའམ་ནང་དུ་ཚུད་མེད་པའི་གཞོན་སྐྱེས་སྐྲ་རིང་བ་དེ་དག་ནི། བསམ་བློ་དང་ཡོན་ཚད་སོགས་ཕྱོགས་མང་བོའི་ཐད་ནས་ཧ་ཅང་ཡར་རྒྱས་ཡོང་ཡོད་མཁན་གྱི་རིགས་ཤིག་ཡིན་ལ། ཁོ་ཚོའི་བསམ་པ་ལ། ང་ཚོ་ནི་ཕྲག་དོག་གི་འགྲན་རྩོད་ཀྱི་ནང་དུ་ཁྱི་སྨྱོན་ལྟར་བརྒྱུག་རྒྱུར་མོས་པ་མེད་ཅེས་པའི་བསམ་བློ་དེ་འདྲ་ཞིག་བཟུང་ཏེ། ཁོང་ཐམས་ཅད་མཁྱེན་པ་ལ་ཡིད་ཆེས་བརྟན་པོ་ཞིག་དང་། ཁོང་ཐམས་ཅད་མཁྱེན་པའི་བྱམས་བརྩེ་དང་ལྷག་བསམ། མཛད་རྗེས་བཅས་ལ་འགྱུར་བ་མེད་པའི་དད་མོས་ཤིག་དང་ལྷན་དུ། མི་གཞན་དང་གཞུང་དེ་ལ་ཕོག་ཐུག་ཅི་ཡང་མི་གཏོང་བར་སོ་སོའི་ཐད་ན་རང་ཁ་རང་གསོ་བྱས་ནས་བསྡད་ཡོད་པའི་ཕོ་གསར་སྐྲ་རིང་ཅན་རིགས་ཤིག་སྟེ། ཕོ་གསར་དེའི་རིགས་ནི་ངའི་མིག་ནང་དང་སེམས་ནང་གི་གསལ་ལེར་རྒྱལ་ཟེར་བའི་གཞོན་སྐྱེས་དེའི་རིགས་ཡིན་ནོ།། ཞེས་འདྲེ་ཐོ་ཐོས། ༢༠༡༩-༠༡-༡༢ ལ། ༄༅།། བོད་མི་ཚོས་རྒྱ་གཞུང་གི་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པའི་ཁུངས་མེད་གཏམ་འཆལ་་ལ་ལན་འདེབས་བྱས་པ། 藏人回复中国外交部发言人的无稽之谈 —— 涛魔 既然任何外国势力不容干涉,那么请问汉族势力是什么势力?外族人对藏人的侵略是合法的吗? 美国人只是想访问藏区,并不是想占领和控制藏区。我们藏人是欢迎美国人民的! 藏人不仅可以欢迎美国人,也相信美国人民是友善的。中国政府应该让藏人自己来回音,而不是由一贯的所谓外交部的那种毫无道理可言的和无稽之谈的言论来回音那些替藏人声援的友邦国家的人民和领导人士。 我们藏人坚决反对在被中国政府的无人道行为下进行的残暴镇压和与世隔绝的不透明的监狱般的管理法和统治法。 中国政府一贯把侵略说成是所谓的“解放”,并无休止地伤害藏人和打压藏人中的精英分子和佛教徒。 所以我们要在这里用明确的态度来 慎重建议中国政府必须开放藏人区域,并要求实实在在的尊重藏人的政治权利和人生自由。 其实藏人的事应该由藏人自己来决定。既然中国政府知道对于藏人的事不容任何外国势力来干涉,那么请问由汉人组建军队和警察以及中央领导人为何干涉西藏内政?为何侵略?为何镇压?为何一个拥有本民族语言文字文化的和一个拥有本民族国家国旗国土的硬说成是中国的一部分? 藏人有自己的天和地,有自己的国土和信仰,有自己文字语言,有自己的建筑法,就像有我们藏人自己的国旗一样。 历史上只有一位松赞干布和被他迎娶的一位文成公主一样。西藏(བོད)也自古以来以来只有一个,那就是只属于图博人自己的家园和国家。 实际上的分裂分子不是我们藏人,而是在被侵略后把整个大藏区分成东西以及分割在所谓的各省之下共产党政府。所以请不要分裂我们的图博和我们图博人。 因此,我在这里也替我们藏人郑重声明:任何外国势力和外族人不容干涉刻在我们藏人心里的那个国与那个只属于我们藏人的家。虽然在中国政府的文件和地图上已经删除和抹去了藏人的国与旗,但是那个刻在每个藏人心里的和融入到每个藏人血管里的那个国与雪山狮子之旗是任何强权政府和外族人是无法删除和无法抹去的。这是永恒不变的真理和历史。 对我们藏人来讲,现如今的在被强迫下挂在各个寺院和村庄的五星红旗,只是一条不吉利的红布,只是一个颜色,但也是一个让我们藏人想起被共产党人所组织的枪口和刺刀下杀害的千万个藏族儿女鲜血的血一样的颜色。其实共产党人的五星红旗,可以说是被万万个冤魂的鲜血所染成的。 丑陋的共产党人,最害怕日本人和美国人。最欺负藏人和新疆人。至于对蒙古人?中国政府什么都不敢讲,因为怕蒙古人学他们。怕有一天蒙古人也会说:“ 北京历来是是蒙古帝国的一部分”!因为在中国人通常讲的“中国有五千年的历史”当中的大多数历史是属于蒙古人和满足人,以及其他民族的历史和国事。按照共产党人自己的说法,共产党政府其实是个不合法的强权政治下的强盗政府。 “根据这项法律,美国向北京发出强烈信息,即它需要遵守国际人权准则,而不仅仅是贸易”,国际声援西藏运动主席梅卡奇在其网站上发表声明说。“国际声援西藏动”是美国一个倡导保护西藏人民人权的非营利组织。 “《西藏旅行对等法》的颁布确实是一个分水岭时刻”,梅卡奇说,“除非中共改变其允许美国人进入西藏的政策,就像中国人能够进入美国一样,否则这些中国官员将不再能够再自由进入美国。” 梅卡奇还表示,“通过这项具有影响力和创新性的法律,美国让北京知道其官员将面临歧视美国人和藏人的真正后果,并为其它国家开辟了一条道路。” 美国总统川普周三(12月19日)签署《西藏旅行对等法》,使其正式成为法律。根据该法,美国对于那些阻止美国人进入西藏的中国政府的官员,同样对等地禁止他们入境美国。 “因为该法要求美国国务院认定参与和执行限制美国人前往西藏旅行政策的中国官员,并禁止这些官员来美国旅行,中国政府和官员应该意识到,他们对待美国人的不公做法是会有代价的。此外,该法对美籍藏人也有重大意义,那就是,中方今后歧视性对待美籍藏人,不允许他们去西藏和藏区探亲的做法是不能被接受的。” —— 涛魔 ༄༅།། མིག་ཆུ་དང་ཁྲག་ཐིགས་ནི་སྨྱུ་གུ་ཡ་གཅིག་དེའི་སྣག་ཚའོ། ང་ནི། ཁྱེད་ཀྱི་མདུན་ངོས་སུ་བཞག་པའི་ཙན་དན་གྱི་ཅོག་རྩེ་དེའི་སྟེང་དུ། དར་ཆ་དམར་པོ་དང་བཤིབས་ནས་འགྲེང་ཡོད་པའི། སྨྱུག་སྣོད་དེའི་ནང་གི་སྨྱུ་གུ་ཡ་གཅིག་དེ་ཡིན་ན། མྱ་ངན་དང་ཟུག་རྔུས་མནར་བའི་མིག་ཆུའི་རྡོག་པ་རེ་རེ་དང་། ཞེ་འཁོན་གྱི་རྨ་ཁ་གདངས་པའི་སོར་མོ་རེ་རེ་ལས་ཟགས་པའི། ཁྲག་ཐིགས་དྲོན་མོ་རེ་རེ་ནི། སྨྱུ་གུ་ཡ་གཅིག་དེའི་སྙན་ངག་འབྲི་བྱེད་ཀྱི་སྣག་ཚ་ཡིན་སྲིད། ཁ་བ་དཀར་པོའི་སེང་རས་ཀྱིས་དཀྲིས་པའི་ཡུལ་ཁམས་རྨས་མ་དེའང་། སྨྱུ་གུ་དེས་སྙན་ངག་འབྲི་སའི་ཟིན་ཤོག་ཁོ་ན་དེ། ཡིན་ཡང་སྲིད། འོན་ཀྱང་། དར་དེ་དང་བཤིབས་པའི་སྨྱུ་གུ་དེ་ཉིད། ང་ནི་མིན་ལ་ངའི་ཡང་མིན། མངོན་སུམ་གྱི་བདག་པོ་དེ་ནི་ཁྱེད་ཉིད་ཡིན་པ་འདྲ། རྗེས་དཔག་ཏུའམ་དོན་དངོས་སུ་ཁྱེད་ལའང་མི་དབང་འདྲ། གང་ལྟར། མྱ་ངན་དང་ཞེ་འཁོན་ལས་ཐོན་པའི་མིག་ཆུ་དང་ཁྲག་ཐིགས་ནི། ངས་བཟུང་བའི་སྨྱུ་གུ་འདིའི་སྣག་ཚ་ལྟ་བུ་ཡིན་ལ། སེང་རས་དཀར་པོས་བཏུམས་པའི་རྨས་མ་ལྟ་བུའི་ཁ་བའི་ཡུལ་ལྗོངས་དེའང་། ངའི་སྨྱུ་གུ་འདིས་སྙན་ངག་འབྲི་སའི་ཤོག་བུ་ཉག་གཅིག་དེ་ཡིན། དམག་དར་ལྷབ་ལྷུབ་གཡོ་སའི་བཙན་པོའི་རུ་ཁག་དེ།། དམར་པོའི་དར་ཆ་ཞིག་གིས་བཙན་འཛུལ་འོག་ནས་འཇིག། ཞེ་འཁོན་རྣོ་ལྕགས་ལྟ་བུའི་བཞུ་རྒྱུ་མེད་པ་དེས། སྙིང་རྩ་ཡོངས་སུ་བཏུམས་ཤིང་དགྲ་ཤ་ལེན་པར་གསོལ།། སྟག་གི་སྡེར་འོག་སྤྱང་ཀའི་ཁ་ན་ཡོད་བཞིན་དུ།། སྟག་དང་སྤྱང་ཀིའི་གདུག་རྩུབ་སྨྲ་བར་འཇིགས་དགོས་སམ།། སྡེར་མོའི་རྩེ་དང་མཆེ་རྩེ་ཤ་རུས་གསེང་ལ་ཟུག། ཁྲག་གི་ཐིགས་པས་གངས་རིའི་ཁ་དོག་དམར་པོར་བསྒྱུར།། འབྱོར་ཕྱིར་རྔུལ་ཆུ་བཏོར་ཡང་ཡར་རྒྱས་རྣམ་པ་མེད།། བདེ་ཕྱིར་ཞི་བདེར་འབད་ཀྱང་གདུག་རྩུབ་ཇེ་ཆེར་གཏོང་།། མཐུན་ཕྱིར་མི་རིགས་རང་ལུགས་སེམས་ནས་དོར་ནའང་།། ནག་མེད་ཁྲིམས་ལ་སྦྱར་ཏེ་ཁྲིམས་མེད་ལུགས་མེད་བྱེད།། ——- ཅེས་ཐོ་ཐོས། ༢༠༡༨-༡༢-༢༧ ལ། ༼སེམས་དགོན་གནས།༽ འཇིགས་པའི་སེམས་ལ་ཞི་བདེ་བསྐྲུན་སའི་ཁམས།། བྲེལ་བའི་སེམས་ལ་ལྷིང་འཇགས་ཐོབ་སའི་གཞི།། ངལ་བའི་སེམས་ཀྱིས་ངལ་གསོ་བྱེད་སའི་ཡུལ།། མནར་བའི་སེམས་དག་བཙན་བྱོལ་ཕེབས་སའི་གནས།། ངེས་འབྱུང་སེམས་ལ་སྟོང་ཁམས་འཇིག་རྟེན་གཞན།། སེམས་དགོན་གནས་འདི་སེམས་ཀྱི་ཚོགས་ལ་བཏབ།། ཞེས་འདྲེ་ཐོ་ཐོ་ནས་མཁར་དང་རྩིག་པ་གང་ཡང་མེད་པའི་སེམས་དགོན་གནས་ཞེས་པ་འདི་ནི་དབྱིབས་དང་ཁ་དོག་མེད་པའི་སེམས་ཀྱི་རྣམ་པར་ཤེས་པར་བཏབ་པའི་སེམས་ཀྱི་ཚོགས་གནས་སའི་དགོན་གནས་སམ་དབེན་གནས་སྟོང་བ་སྟོང་རྐྱང་ཞིག་སྟེ། དགོན་གནས་འདིའི་མཆོད་ཆས་དང་གཙོ་སྐུ། ལྷ་སྐུ། ཐང་ག གླེགས་བམ་བཅས་ནི་སོ་སོའི་སེམས་ནང་ནས། སོ་སོའི་སེམས་ཀྱིས་འཚོལ་བར་བྱའོ། སོ་སོའི་སེམས་ཀྱིས་བསྐྲུན་པར་བྱའོ། ཡང་ན་སོ་སོའི་སེམས་དང་འབྲལ་བར་བྱའོ། སོ་སོའི་སེམས་ཀྱིས་བསུབ་པར་བྱའོ། ཡང་གཅིག་བཤད་ན། སེམས་དགོན་གནས་ཞེས་གཙོ་བོ་སེམས་ཀྱི་ཚོགས་ལ་དམིགས་ཏེ་བཏབ་པའི་དགོན་གནས་སམ་དབེན་གནས་འདི་ནི། བརྡ་འཕྲིན་དར་ཁྱབ་ཀྱི་དུས་རབས་འདིར། དྲྭ་ཚོམས་འདྲ་མིན་མང་བོ་ཞིག་ཏུ་དྲྭ་འཇུག་བྱེད་མཁན་མང་བོ་ཞིག་གིས་སྨྱོ་ཆུ་འཐུངས་པ་ནང་བཞིན། གཅིག་གིས་གཅིག་ལ་དམའ་འབེབས་གཏོང་བ། གཅིག་གིས་གཅིག་ལ་སྡང་རེས་བྱེད་པ། གཅིག་གིས་གཅིག་ལ་ཚིག་རྩུབ་སྨྲ་བ། གཅིག་གིས་གཅིག་ལ་འཕྱ་སྨོད་དང་ཟུར་ཟ་བྱེད་པ། མདོར་ན་སེམས་མང་བོ་ཞིག་ནི་མཚོན་སྣ་ཚོགས་ཕོག་པའི་རྨས་མ་ལྟ་བུར་གྱུར་ཏེ། སྤྱི་ཚོགས་དང་མི་རིགས། ཐ་ན་འཇིག་རྟེན་འདི་ལ་ཡིད་ཐང་ཆད་དེ་སེམས་རྣམས་གནས་ངེས་མེད་ལྟ་བུར་གྱུར་ནས། ངག་འཆལ་བའི་རིགས་གང་མང་ཞིག་གིས་ངག་འཆལ་གྱི་ཕུང་བོ་གཟུགས་སུ་མ་གྲུབ་པ་དེ་དག་གཟུགས་ལྡན་གྱི་དུག་མདའ་དང་དུག་མདུང་ལྟ་བུར་བཟོས་ཏེ། སེམས་ཀྱི་ཕུང་བོའི་ཚོགས་རྣམས་གནས་སའི་བར་སྣང་ངམ། སེམས་དང་སེམས་ཀྱི་བར་མཚམས་སུ་རྒྱུ་བའི་མཁའ་དབུགས་གཙང་མ་དེ་དག་སྦགས་བཙོག་ཏུ་བཟོས་ཤིང་། སེམས་རྣམས་སྦགས་བཙོག་གི་མཁའ་དབུགས་དེ་དག་གི་འགྲོས་སྣ་ཚོགས་དང་སྦྱོར་བར་བྱེད་ཅིང་། ཡང་ན་སྦྱར་དུ་བཅུག་ནས་བར་སྣང་དུ་དཔྱངས་པར་བྱེད་དུ་བཅུག འཆི་བར་ཉེ་རུ་གཏོང་ཞིང་དགྲོང་བར་ཉེ་རུ་འཇུག་པའི་ཡིད་འཇིགས་པ་དང་ཡིད་སྐྱོ་བའི་དུས་འདི་འདྲ་ཞིག་ལ། གཉོམ་པའི་སེམས་ཀྱི་ཚོགས་ལ་སེམས་ཀྱི་དགྲ་གང་རུང་ལ་གཡོལ་སའི་དགོན་གནས་སམ་དབེན་གནས་སེམས་དགོན་གནས་ཞེས་བྱ་འདི་སེམས་རྣམས་ཀྱིས་སྐྱབས་བཅོལ་སར་དམིགས་ཏེ་དྲྭ་བའི་འཇིག་རྟེན་དུ་བཏབ་པའི་དགོན་གནས་སམ་དབེན་གནས་ཁྱད་པར་བ་ཞིག་གོ།། འདིར་སེམས་རྣམས་སེམས་སུ་བསམས་ཤིང་། སེམས་ཀྱི་བདག་པོ་སེམས་ལ་བསམས་ཏེ། སེམས་དེ་སྲོག་འཚོ་ཕྱིར་ཁོ་ནར་བསམས་ཤིང་། སེམས་ཀྱི་ལྟ་བ་ཟེར་བ་དང་། ལྟ་གྲུབ་ཟེར་བ། འདོད་ཚུལ་ཟེར་བ། སེམས་སུ་ཉར་བའི་མི་རིགས་ཟེར་བ། རྒྱལ་ཁབ་ཟེར་བ། ཞེ་འཁོན་ཟེར་བ། ཡོངས་སུ་རྫོགས་པ་དེ་དག་སྤངས་པར་བྱས་ཏེ། རང་ཉིད་མི་དཀྱུས་མ་ཞིག་ཡིན་པའི་བསམ་བློ་ཁོ་ན་དེ་གཅིག་པུས་བཟུང་སྟེ། དེ་ཁོ་ནའི་ཚུལ་བསྟན་ཏེ། གཅིག་གིས་གཅིག་ལ་བརྩེ་བ་དང་། གཅིག་གིས་གཅིག་ལ་སྡང་རེས་དང་འཚེར་སྣང་མེད་པ། འཛེམས་དོག་དང་འཁོན་འཛིན་མེད་པའི་ངང་། ཁ་བརྡ་བྱེད་པ། སེམས་གཏམ་བརྗོད་པ། སེམས་ཐག་ཉེ་རུ་གཏོང་བ། གྲོགས་སྒྲིག་པ། ཕན་ཚུན་བར་མགྲོན་འབོད་བྱེད་པ། མཉམ་དུ་ཇ་འཐུང་བ། མཉམ་དུ་ཙམ་པ་ཟ་བ། ཕན་ཚུན་བར་ཀུ་རེ་ཁ་མཚར་རྩེ་བ་དང་བཅས་ཐང་ཆད་པའི་སེམས་ཀྱི་ཚོགས། ཁེར་རྐྱང་དུ་གནས་པའི་སེམས་ཀྱི་ཚོགས། སྦས་ཤིང་བསྐུངས་པའི་སེམས་ཀྱི་ཚོགས། རྨིས་མར་གྱུར་བའི་སེམས་ཀྱི་ཚོགས་ཏེ། སེམས་དེ་དག་གི་རིགས་ཁོ་ན་ལ་དམིགས་ཤིང་བཏབ་པའི་སེམས་དགོན་གནས་འདི་རུ། སེམས་རྣམས་སེམས་དང་སེམས་པར་འབྲེལ་ཏེ། ལྷིང་འཇགས་ཀྱི་དགོན་གནས་སམ་དབེན་གནས་འདི་རུ། སོ་སོ་མི་ཡིན་པའི་སེམས་དང་། མི་དཀྱུས་མ་ཞིག་ཡིན་པའི་སེམས་དེ་ཉིད་འཚོར་རོགས་ཞུ། བརྙེད་པར་སྨོན། ཞེས་ལྷ་ཐོ་ཐོ་མ་ཡིན་པར། མིང་ལ་འདྲེ་ཐོ་ཐོ་འབོད་པས། སེམས་ཕྱིར་སེམས་དགོན་གནས་འདི་བཏབ་པ་དགེའོ། འདིར་སེམས་དང་སེམས་ཀྱི་བར་ཐག་དེ་ཉེ་བར་གཏོང་བར་ཕན་ཐོགས་རྒྱ་ཆེ་ལྡན་པའི་ལྷན་སྐྱེས་ཀྱི་བྱམས་བརྩེ་དེ་བརླག་ཏུ་མི་འཇུག་པར། ཡང་ན་བརླགས་སོང་བ་དེ་དག་བསྐྱར་དུ་བསྐྲུན་ཕྱིར། ཕན་ཚུན་གྱི་བར་ལ་སོ་སོའི་སེམས་པ་དེ་བེད་སྤྱད་དེ། སེམས་ལས་གྲུབ་པའི་ཟམ་པ་ཞིག་འཛུགས་རོགས་ཞུ། དེང་གི་དུས་འདིར། ང་ཚོ་བོད་ཟེར་བ་འདི་ཁ་ཐོར་དུ་སོང་སྟེ། འཛམ་གླིང་གང་ས་གང་དུ་ཁ་ཐོར་ངང་གནས་ཡོད་པའི་མི་རིགས་ཤིག་རེད། མདོར་ན་བོད་ཐོར་བས་བོད་འབངས་ཀྱང་ཐོར་ཡོད་པ་རེད། འབངས་ཐོར་བས་བོད་མི་རིགས་ཀྱི་བསམ་བསམ་བློ་བ་དང་མཁས་པ་མང་བོ་ཞིག་ཀྱང་བར་སྣང་ནས་བཀད་ཅིང་འཛམ་གླིང་གང་ས་གང་ལ་ལྷུང་བའི་སྐར་རྡོ་བཞིན་ཐོར་ཡོད་པ་ཞིག་རེད། འོན་ཀྱང་། སེམས་ཕམ་པ་ཞིག་ལ་བོད་ཅེས་པའི་གླེང་སྟེགས་ཆེན་མོ་དེའི་སྟེང་དུ། མཁས་པ་དང་བསམ་བློ་བ་རྣམས་ཀྱི་བཞེད་ཚུལ་མ་མཐུན་པས། དེ་དག་བར་གྱི་སེམས་ཐག་ཀྱང་ཇེ་རིང་ནས་ཇེ་རིང་དུ་འགྲོ་བཞིན་ཡོད། དེ་ནི་ཡག་རྟགས་ཤིག་མ་ཡིན་པར་མ་ཟད། བོད་མི་རིགས་འདི་ཆེས་འཚེེར་དགོས་སའི་དང་གཡོལ་དགོས་སའི་གནས་ཚུལ་ཛ་དྲག་གམ་རྫབ་ཆེན་ཞིག་རེད་འདོད། རྒྱུ་མཚན་དེ་འདྲ་ཞིག་གི་དབང་གིས། མི་དཀྱུས་མ་ཞིག་གིས། དཀྱུས་མ་མ་ཡིན་པའི་བསམ་བློ་བ་དང་མཁས་པའི་ཚོགས་ལ། མི་དཀྱུས་མའི་ཚུལ་དུ་འཛོམས་སའི་ཡུལ་དབེན་གནས་ཤིག་བཙུགས་ཏེ། དེ་དག་ལ་ལྷོད་ལྷོད་ངང་ཁ་བརྡ་བྱེད་ས་དང་། ལྷོད་ལྷོད་ངང་གཅིག་གིས་གཅིག་ལ་རྒྱུས་ལོན་བྱེད་སའི་འཁོར་ཡུག་ཅིག་བསྐྲུན་ཐུབ་ན། བོད་མི་རིགས་ལ་ཕན་པའི་བྱ་བ་ཡག་པོ་ཞིག་རེད་འདོད་སོང་། ཞེས་སེམས་དགོན་གནས་ཀྱི་སེམས་བདག་འདྲེ་ཐོ་ཐོས། ༢༠༡༩-༠༢-༠༩ ལ། སེམས་དགོན་གནས་ཀྱི་སེམས་གྲོགས་ཚོར་སེམས་གཏིང་ནས་ཕུལ། 🌺🌺🌺 🙏🙏🙏 ༄༅།། སེམས། སེམས་སྒོར་སྒོ་ལྕགས་བརྒྱབ་ཀྱང་ལྡེ་མིག་ཀྱང་ནི་སེམས།། སེམས་པ་ཇི་ལྟར་སྦས་ཀྱང་སྦ་ས་དེའང་སེམས།། སེམས་ཐག་ཇི་ལྟར་རིང་ཡང་ཉེ་རུ་གཏོང་བྱེད་སེམས།། སེམས་ནས་ཇི་ལྟར་སྡང་ཡང་ཕོག་ས་རང་གི་སེམས།། ཞེས་སེམས་དགོན་གནས་ཀྱི་སེམས་བདག་འདྲེ་ཐོ་ནས། ༢༠༡༩-༠༢-༠༩ ལ། ༄༅།། སེམས་ཅན། ལྷ་ལ་ལྷ་ཡི་ལུགས་དང་ལྷ་ཡི་སེམས།། མི་ལ་མི་དང་བསྟུན་མཁས་མི་ཡི་སེམས།། འབྲོང་ལ་འབྲོང་གི་གཤིས་ཀ་འབྲོང་གི་སེམས།། གང་ལྟར་སེམས་ཅན་རེ་ལ་སོར་བཞག་སེམས།། ཞེས་འདྲེ་ཐོ་ཐོས་སེམས་དགོན་གནས་ཀྱི་སེམས་གྲོགས་ཚོར་ཕུལ་བའི་བསམ་ཚུལ་ཞིག ༢༠༡༩-༠༢-༡༠ ལ། ༄༅།། སེམས་དགོན་གནས་སུ་ཇི་ལྟར་གནས་པ་དང་ཇི་ལྟར་འགྲོགས་པ། མིག་གིས་མཛེས་པར་མཐོང་བར་སེམས་ཀྱིས་མཛེས་པར་འདོད་པའི་འདུ་ཤེས་དང་།། རྣ་བས་སྙན་པར་ཐོས་པར་སེམས་ཀྱིས་སྙན་པར་འདོད་པའི་ཀུན་སློང་དང་།། སྣ་ཡིས་དྲི་ཞིམ་ཚོར་བར་སེམས་ཀྱིས་དྲི་ཞིམ་ཡིན་པར་ཡིད་བརྟན་བཅས།། ཡོད་ཚད་སེམས་ལ་སྦྱར་ཏེ་སེམས་ཀྱིས་ནུས་པས་རང་གཞན་བསྒྱུར་བ་གཙོ།། ཞེས་འདྲེ་ཐོ་ཐོས་སེམས་དགོན་གནས་ཀྱི་སེམས་གྲོགས་ཚོར་རེ་འབོད་ཀྱིས་ཚུལ་དུ་སྤྲིངས་པའི་ཚིགས་བཅད་ཅིག ༢༠༡༩-༠༢-༡༠ ལ། ༄༅།།སེམས་ཀྱི་ངོ་བོ། སེམས་ཀྱི་ངོ་བོ་སྲིད་པ་འབྱུང་སའི་སྟོང་ཁམས་ཏེ།། ཇི་ལྟར་སྙམ་པར་ཇི་བཞིན་ས་བོན་འབུས་སའི་ཞིང་།། ཚོར་ཤུགས་དྲག་པོས་བསྐུལ་བའི་སེམས་ཀྱི་གཡོ་འགུལ་ལས།། སྐབས་རེར་རང་གཞན་ཕུང་བའི་རལ་གྲི་སྣ་ཚོགས་འབྱུང་།། ཞེས་འདྲེ་ཐོ་ཐོས་རང་གི་སེམས་དེ་གནས་ཡོད་པར་སྙམ་པའི་བྲང་ཁའི་སྟེང་དུ་ལག་གཡས་བཞག་སྟེ། སེམས་ཀྱི་ངོ་བོ་དེ་ནི་འདི་འདྲ་ཞིག་ཡིན་རྒྱུ་རེད་བསམས་པའི་བསམ་ཚུལ་དེ་ཚིགས་སུ་བཅད་དེ། སེམས་དགོན་གནས་ཀྱི་སེམས་གྲོགས་ཚོར་ཕུལ། ༢༠༡༩-༠༢-༡༠ ལ། ༄༅།། འདྲེ་ཐོས་རང་གིས་རང་ལ་བཏང་བའི་བསླབ་བྱ། བཟློག་ཏུ་མེད་པ་སེམས་ཀྱི་འཆར་སྣང་སྣ་ཚོགས་ཏེ།། བཟློག་ཏུ་ཡོད་པ་དེ་དག་འབྲེལ་བའི་རྣམ་རྟོག་ཉིད།། ཇི་ལྟར་སྙམ་པ་དེ་ལྟར་ཡིན་མིན་སེམས་ཀྱིས་དཔྱོད།། དཔྱད་པའི་མཐའ་མར་ཕན་པ་གང་ཞིག་གཙིགས་སུ་ཟུངས།། ཞེས་འདྲེ་ཐོ་ནས་རང་གིས་རང་ལ་དུས་རྒྱུན་དུ་གཏོང་བཞིན་པའི་བསླབ་བྱ་འདི། དེ་རིང་སེམས་དགོན་གནས་ཀྱི་སེམས་གྲོགས་ཚོར། ལེགས་སྐྱེས་ཤིག་གི་ཚུལ་དུ་འབུལ་བ་ཡིན་ནོ། ༢༠༡༩-༠༢-༡༢ ལ། ༄༅།། སེམས་བདག་འདྲེ་ཐོའི་འབོད་སྐུལ། སེམས་ཀྱི་ཚོགས་ལ་སྦས་པའི་ཁེར་རྐྱང་སེམས།། གཅིག་པུར་བསྐུངས་ནས་མི་སྡོད་མངོན་པར་གསོལ།། རྒོད་དུ་སོང་བའི་སེམས་ཉིད་ཞི་དུལ་ངང་།། འཇམ་པོའི་ཚིག་གི་དངོས་གྲུབ་གནང་རོགས་ཞུ།། སུན་པོར་གྱུར་པའི་སེམས་དེ་སྤྲོ་སྣང་གིས།། འཛུམ་དང་ཀུ་རེའི་ཁྲོད་ནས་སྐྱིད་པར་ཤོག། ངེས་འབྱུང་སྐྱེས་པའི་སེམས་དེས་འཇིག་རྟེན་འདིར།། བསྐྱར་དུ་ཐེངས་ཤིག་སྐྱེ་རྒྱུ་སྙམ་པར་སྨོན།། ཞེས་སེམས་དགོན་གནས་ཞེས་པའི་དྲྭ་ལམ་གྱི་དབེན་གནས་ཏེ། གཟུགས་དང་རྩིག་པ་མེད་པའི་དགོན་གནས་ལྟ་བུ་འདིའི་ནང་གི་དབྱིབས་དང་ཁ་དོག་མེད་པའི་སེམས་ཀྱི་ཚོགས་ལ། སེམས་བདག་འདྲེ་ཐོ་ཐོ་ནས་སྐད་འཇམ་པོའི་ངང་འབོད་སྐུལ་འདི་ཞུས་པ་ཡིན་ནོ། ༢༠༡༩-༠༢-༡༢ ལ། ༄༅།། འདྲེ་ཐོས་རང་ཉིད་བརྗོད་པ། འདྲེ་མིང་ཐོ་ཐོ་བཏགས་ནས་དྲྭ་ལམ་དུ།། འདྲེ་སེམས་བྱམས་བརྩིས་གཡོགས་པས་འགྲོས་བྱས་ཏེ།། འདྲེ་ཁ་རྒྱུན་དུ་བཙུམས་ཤིང་ངག་འཇམ་ངང་།། འདྲེ་མིན་ལྷ་ཡི་ཚུལ་དུ་ང་ནི་འཚོ།། འདྲེ་རྐང་ཆག་ལ་ཉེ་བ་གཟེར་གྱིས་མནར།། འདྲེ་མིག་ཞར་ལ་ཉེ་བ་དྲྭ་ངོས་མནར།། འདྲེ་ལུས་རྒུད་དུ་སོང་བ་རྒས་པས་མནར།། འདྲེ་ལག་བྱེད་རྒྱུའི་བསྐལ་བ་ང་ལས་ཡལ།། ཞེས་འདྲེ་ཐོ་ཐོས་རང་དང་རང་གི་གནས་སྟངས་དེ་ཇི་བཞིན་བརྗོད་པ་ནི་འདི་ལྟར་རོ། ༢༠༡༩-༠༢-༡༣ ལ། ༄༅།། ཧོར་གཙང་འཇིགས་མེད་ལགས་ཀྱི་སྙན་རྩོམ་ཤོ་ལོ་ཀ་གཅིག དྭངས་གསལ་རིག་པ་གཏི་མུག་རྫོང་ལས་གྲོལ། ། སྣང་བའི་བུ་མོ་དམར་སེར་འཛུམ་གྱིས་སྒེག ། བྱེའུ་ཆུང་ཅོ་གས་ཞོགས་པའི་ལྷིངས་འཇགས་དཀྲོགས། ། བག་ཆགས་ཀློང་ན་ཁྱེད་ཀྱི་ལྷ་ཡུལ་འགུལ། ། འདྲེ་ཐོས་འགྲེལ་བརྒྱབ་པ། གཏི་མུག་རྫོང་ནས་གྲོལ་བ་དྭངས་གསལ་རིག་པ་ཉིད།། དམར་སེར་འཛུམ་གྱིས་སྒེག་པ་སྣང་བའི་བུ་མོ་ལགས།། ཞོགས་པའི་ལྷིངས་འཇགས་དཀྲོགས་པའི་བྱེའུ་ཆུང་ཅོ་ག་ངས།། ཁྱེད་ཀྱི་ལྷ་ཡུལ་གློ་བུར་བག་ཆགས་ཀློང་ནས་འགུལ། ། ཚིག་གི་འགོ་མཇུག་ཅིག་བརྗེས་པ་དང་། ཚིག་རྐང་གསུམ་པ་དེའི་ནང་གི་ཅོ་ག་དེ་ཉིང་ལ་ངས་ཞེས་པ་སྦྱར་ཏེ། ཅོ་ག་དེ་རྩོམ་པ་པོ་རང་ཡིན་པ་བསྟན་ཡོད། དེ་ནས་ཚིག་རྐང་བཞི་བ་དེར་གློ་བུར་ཞེས་པའི་ཐ་སྙད་ཅིག་བསྣན་ཡོད་ལ། ཀློང་ན་འགུལ་ཞེས་པའི་ན་ཡིག་དེ་ནས་ཞིག་བྲིས་ཡོད། ༢༠༡༩-༠༢-༡༣ ལ། ༄༅།། ཧོར་འཇིགས་ལགས་ཀྱི་སྙན་རྩོམ། ཚོར་འདུའི་རླུང་གིས་འདོད་པའི་ན་བུན་གཡོ། ། དྲན་པའི་གཡའ་ཆུས་མེ་ཏོག་ཟེ་བ་སྦག ། སྐྱོ་སྣང་འཇག་མས་ན་ཟུག་བཤུག་པ་གྱེར། ། སྣང་སྟོང་གཤིས་ཀྱིས་བདག་ལ་ཀྱལ་ཀ་མཛད། ། འདྲེ་ཐོ་ནས་འགྲེལ་ཞོར་དུ་རང་སྣང་གི་ཚོར་བར་སྦྱར་བ། རླུང་གིས་འདོད་པའི་ཚོར་འདུའི་ན་བུན་གཡོ།། མེ་ཏོག་ཟེ་བ་དྲན་པའི་གཡའ་ཆུས་སྦག། བཤུག་གླུ་གྱེར་པའི་འཇགས་མའི་ན་ཟུག་གིས།། འཁྱམ་པོ་བདག་ལ་སྙིང་རྗེས་ཀྱལ་ཀ་མཛད།། འདིའང་ཧོར་གཙང་འཇིགས་མེད་ལགས་ཀྱི་སྙན་ངག་དེ་འགྲེལ་བའི་ཚུལ་གྱིས་འདྲེ་ཐོ་རང་གི་ཚོར་སྣང་ཞིག་སྦྱར་ཏེ། སེམས་གྲོགས་ཚོར་ཕུལ་བ་ཡིན་ལགས། ༢༠༡༩-༠༢-༡༣ ལ། ༄༅།། དེ་རིང་ཡང་ཧོར་གཙང་འཇིགས་མེད་ལགས་ཀྱི་སྙན་རྩོམ་་ལ་འགྲེལ་དང་ཞོར་དུ་རང་གི་ཚོར་བ་ལ་སྦྱར་བ་ནི་འདི་ལྟར། ཧོར་གཙང་འཇིགས་མེད་ལགས་ཀྱིས། ཉི་མའི་ཞལ་རས་ནུབ་ཀྱི་བདག་མོས་བསླུས། ། བྱིང་རྨུག་སྤྲིན་གྱིས་ཚོགས་དྲུག་རི་བོ་གཡོགས། ། ཤིན་ཏུ་དབེན་པ་བསམ་གཏན་དྲ་མིག་ཏུ། ། སྟོང་སྣང་པིར་གྱིས་སྒྱུ་འཕྲུལ་ལྷ་མོ་བཞེངས། ། འདྲེ་ཐོ་ཐོ་ནས། ཉི་མ་གཞོན་ནུའི་གདོང་རས་ནུབ་ཕྱོགས་ལྷ་མོའི་མཚམས་སྤྲིན་དབུ་སྐྲ་སེར་པོའི་དཀྱིལ་དུ་འཐིམ།། གཟིམ་ལ་ཉེ་བའི་སྤྲིན་པ་སེར་དམར་མཁའ་འགྲོའི་ཚོགས་ཀྱིས་གོ་ལའི་དབང་བོའི་ཤེས་པ་བཏུམས།། ལྷིང་འཇགས་ཡིན་པའི་སེམས་དགོན་གནས་འདིའི་སེམས་ཀྱི་ཚོགས་ནི་བསམ་གཏན་གཉིས་པའི་གནས་སུ་བཞུགས།། སེམས་དགོན་གནས་ན་སེམས་དོན་གཉེར་ཕྱིར་བྲེལ་བའི་ཁྲོད་ན་བདག་གི་སོར་མོ་་གློག་གིས་འཆིང་།། ཞེས་ཐོ་ཐོ་ནས། ༢༠༡༩-༠༢-༡༤ ལ། ༄༅།། སེམས་དང་འབྲེལ་བའི་རྣམ་རྟོག ཀུ་རེ་ཁ་མཚར་དང་ནི་སྙིང་ཉེའི་ཁ་བརྡ་འོ་མའི་རྫིང་བུའི་ཁྲོད།། ཤིན་ཏུ་མཁྲེགས་པོའི་སེམས་འདི་བྱམས་བརྩེ་དང་ནི་ཀུ་ཡངས་སེམས་སྦྱོངས་ཀྱིས།། རབ་ཏུ་སྙི་བ་མེ་ཏོག་པདྨའི་ངོ་བོར་སེམས་ཀྱིས་བསྒྱུར་བྱས་ཏེ།། རྣམ་རྟོག་འདམ་རྫབ་རིགས་དག་པདྨའི་མེ་ཏོག་གིས་བཞིན་དོར་བར་མཛོད།། ཅེས་འདྲེ་ཐོ་ནས་སེམས་དགོན་གནས་ཀྱི་སེམས་གྲོགས་ཚོའི་སེམས་ལ་དམིགས་ཏེ་བྲིས་པ་ཞིག ༢༠༡༩-༠༢-༡༨ ལ། ༄༅།། རྫིང་བུ་དང་དཔལ་འབར། ཐོག་མར་ལྕེ་ཡི་གར་སྟབས་ཁྱེད་སྐུ་ལང་ཚོའི་སྡིངས་ཆའི་སྟེང་།། སྙན་པའི་འཁུན་སྒྲའི་འགྲོས་དང་བསྟུན་ཞིང་དལ་གྱིས་གར་ལ་འགྲོ།། རིམ་གྱིས་མེ་ཡིས་སྦར་བ་ཇི་བཞིན་ཤིན་ཏུ་ཚ་བ་ཡི།། བདག་ལུས་དཔལ་འབར་དེ་ཉིད་ཁྱེད་ཀྱི་རྫིང་བུས་གསོད་དུ་འཇུག། ཅེས་འདྲེ་ཐོ་ནས། ༢༠༡༩-༠༢-༡༨ ལ། 君赠一首诗, 天涯共享鸣; 天赐一轮月, 照之世人心。 今天我也设法写一首格律诗,押韵上肯定有错误,但还是发给您。因为我写的不好,让你笑一笑,也算是心对心的一种回赠。—— 雪山浪子 2019-02-19 གོང་གི་རྒྱ་ཡིག་ནང་བྲིས་པ་དེ་འདི་ལྟར་བསྒྱུར་ན་ག་འདྲ་འདུག ངས་ནི་སྙན་ངག་ཅིག་གིས་འབུལ་བ་བྱེད།། ཀུན་གྱིས་མཉམ་དུ་སྤྱོད་ཅིག་གདངས་ཀྱང་མཉམ།། གནམ་དེས་ཟླ་བ་ཞིག་གི་ལེགས་སྐྱེས་གནང་།། མི་རྣམས་ཡོད་དོ་ཅོག་གི་སེམས་དེས་གསལ།། —- སྒྱུར་མཁན་འདྲེ་ཐོ་རང་ཡིན། ༄༅།། འཛུམ་དང་དགོད་སྒྲའི་ཕྱིར། འཛུམ་གྱི་བདག་མོའི་འཛུམ་ནི་ཟླ་བ་མོ་ཡི་དཀྱིལ་འཁོར་རེད།། འཛུམ་གྱི་བདག་པོའི་འཛུམ་དེ་ཉི་མ་གཞོན་ནུའི་འོད་ཁྱིམ་རེད།། ང་ཚོས་དགོད་སྒྲ་ལྷང་ལྷང་མི་རེའི་གདོང་ནས་འཛུམ་རེ་སྟོན།། ང་ཚོས་དམར་ཆུང་སེམས་འདིར་ཕན་ཚུལ་འབྲེལ་བའི་གསེར་སྐུད་འཐེན།། ཞེས་ཡང་བསྐྱར་འཛུམ་རེ་དང་དགོད་སྒྲ་རེ་སློང་ཕྱིར་སེམས་དགོན་གནས་ཀྱི་སེམས་གྲོགས་ཚོར་འཛུམ་དང་དགོད་སྒྲས་ཁེངས་པའི་སེམས་བདག་འདྲེ་ཐོ་ནས། ༢༠༡༩-༠༢-༡༩ ལ། ༄༅།། སྤུན་ཁོ་སྦྱིན་པ་ལ། ལྷ་སྐུ་བླ་མའི་ཚོགས་ཀྱི་ཞིང་ཁམས་སུ།། མགོ་བོ་སྔར་ལས་མཐོ་རུ་བསྒྲེངས་བྱས་ཏེ།། ཕོ་གསར་རྫིག་ཉམས་སྔར་ལས་ངོམ་བྱེད་པའི།། འབྲོག་ཕྲུག་རྒོད་པོའི་སེམས་དེ་རྒོད་དྲགས་སྙམ།། ཅེས་སྤུན་ཁོ་སྦྱིན་པ་ལ་ཕུ་བོ་འདྲེ་ཐོ་ནས་ ཁ་བརྡའི་ཚུལ་དུ་ཕུལ་བ་ཡིན་ལགས། ༢༠༡༩-༠༢-༡༨ ལ། ༄༅།། ནམ་རྒྱུད་ང་དང་ངའི་གྲོགས་ཡོད་སའི་ ཟ་ཁང་གི་ཉེ་འགྲམ་དུ་ཡོང་ནས་ཞབས་བྲོ་ འཁྲབ་མཁན་གྱི་རྒན་མོ་སྨྱོན་པ་ཞིག་ཡོད་ལ། དེ་རིང་ངས་མོ་ལ་གཤམ་གྱི་སྐད་ཆ་དེ་བཤད་རྗེས་ ཡིད་བཞིན་གྱི་ནོར་བུ་ཞིག་ཐོབ་པ་ནང་བཞིན་ འཛུམ་དང་བཅས་ཏེ། བྲོས་ནས་འགྲོ་སོང་། You have to understood, the most people can feel there is a sound or some kind of music in this visible space, but not everybody going to dancing with it. By Gyalpo Tamding 2019-02-19 ༄༅།། ཟླ་བ་དང་པདྨ། གནམ་ན་ཟླ་བ་ཞིག འདི་ན་པདྨ་ཞིག ཟླ་བ་འཛུམ་དམུལ་དམུལ། པདྨ་དམར་ལྷེམ་ལྷེམ། ཞེས་བྲིས་པ་འདི་ནི་ཟླ་བ་ཤར་བའི་མཚན་མོ་འདིར། རང་གི་ཆུང་མ་དང་མཉམ་དུ་འདོད་པའི་གར་ལ་འཇུག་སྐབས། ཆུང་མ་འདི་ལ་འདོད་པ་རབ་ཏུ་རྒྱས་པས་གདོང་ནི་དམར་མདངས་ཀྱིས་གཡོགས་པའི་པདྨའི་མེ་ཏོག་དམར་ལྷེམ་ལྷེམ་འདི་དང་། ཡང་ཆུང་མ་འདིའི་ཤིན་ཏུ་ནས་དམར་ཞིང་སྔོ་ནག་གི་ཤ་མདོག་གང་ཡང་མེད་པའི་མོ་མཚན་འདིའང་བདག་གི་མིག་ན་ཟེའུ་འབྲུའི་བཅུད་ཁུ་ཡིས་་ཁེངས་ཤིང་འཇིབ་ན་འདོད་ཅིང་འཇིབ་བཞིན་ཡོད་པའི་དམར་ལྷེམ་ལྷེམ་དང་དམར་ལྡེམ་ལྡེམ་གྱི་པདྨའི་མེ་ཏོག་ཅིག་གོ། ༄༅།། རིགས་མི་འདྲ་བའི་པདྨའི་མེ་ཏོག དངོས་སུ་རྣམ་པར་བཀྲ་བའི་པདྨ་ལ།། ཟླ་བའི་འཛུམ་དང་ཟུར་མདའ་འཕངས་པས་ན།། འདོད་པའི་གར་ལ་ད་དུང་ཞུགས་མེད་པའི།། བཅུ་དྲུག་ལང་ཚོ་མས་བཞིན་གཡོལ་ཞིང་ཟུམ།། ཚ་བའི་གདུང་བས་དྲག་ཏུ་སྲེག་བཞིན་པའི།། ཆུང་མའི་མདོམས་ཀྱི་མེ་ཏོག་པདྨའི་དཀྱིལ།། ཟླ་བ་སྟོང་གི་འོད་དེ་ཕོག་ཀྱང་རུང་།། བདག་ལ་ཟུམ་པར་མི་བྱེད་བསྐལ་བརྒྱར་གནས།། ཅེས་གོང་གི་དྲྭ་གྲོགས་ Neten ལགས་ལ། “ ཟླ་བ་ཤར་དུས་པདྨ་བཞད་རྒྱུ་མེད་པ་་་་་་ཨ་་་་་་་ ” ཞེས་བྲིས་ཡོད་པའི་ལན་དུ་ཕུལ་བ་ཡིན་ནོ། འདྲེ་ཐོ་ཐོ་ནས། ༢༠༡༩-༠༢-༢༠ ལ། སྐབས་རེར་གཟེངས་བསྟོད་ནི་ཁྱེད་ཉིད་ཟླ་བའི་སྟེང་དུ་ བསླེབ་ཐུབ་པར་བྱེད་པའི་མེ་ཤུགས་འཕུར་མདའ་ཞིག — འདྲེ་ཐོ་ནས། ༢༠༡༩-༠༢-༢༠ ལ། @རྨ་དུག་ལྕེ ། ལགས། ཐུགས་དང་ཕྱག་ནས་བསྒྲེངས་པའི་མཐེ་བོང་ཚོགས།། འདྲེ་ཐོ་ང་ལ་ཤིན་ཏུ་རྩ་ཆེན་ལགས།། སེམས་ཚོར་འབྲི་བའི་སེམས་ཤུགས་སྤྲིན་གྱི་ཕུང་།། སེམས་ཀྱི་གནམ་མཁའ་འདི་རུ་དྲག་ཏུ་ལྡིང་།། ཞེས་ཚོགས་གཙོ་དུག་རྒན་ལགས་ཀྱིས་ང་ལ་སེམས་གསོའམ་སེམས་མི་ཕམ་པའི་ཕྱིར། ངས་ཉག་ཉོག་ཏུ་བྲིས་པའི་ཚིགས་བཅད་དག་ལ་མཐེ་བོང་གི་ཚོགས་བསྟན་པར། བཀའ་དྲིན་ཞུ་ཕྱིར་རམ་ལན་ཕྱིར་བྲིས་པ་ཞིག་གོ། ༄༅།། བོད་པ་ཚང་གི་སེམས་ཀྱི་དགྲ། མུན་དཔལ། ༼མུན་པ་སེལ་བའི་དཔལ་འབར་གྱིས་མུན་པ་གང་ཞིག་གསལ་བའི་ངོ་བོར་གཏོང་བར་བྱའོ།༽ ཕྱི་བཞུགས་དག་གིས་ནང་ཁུལ་སྨད།། ནང་ཁུལ་བ་ཡིས་ཕྱི་སྡོད་སྨད།། བྱེ་གྲག་སྨྲས་ཚེ་ཀུན་ལ་སྦྱར།། སྒེར་གྱི་སྐྱོན་ཆ་གྲུབ་མཐར་སྦྱར།། སྒེར་བ་གང་ཞིག་ནོར་གྱུར་ཚེ།། སྤྱི་བ་གང་ཞིག་ནོར་འདུག་ཅེས།། ནོར་མཁན་སྡེ་དེ་གང་ཡིན་ན།། སྡེ་དེར་སྦྱར་ཏེ་སྡེ་དེར་སྨད།། དེ་ཉིད་དེ་ཡི་རྗེས་འཇུག་ཅེས།། སྨད་དུ་འདོད་པའི་སྐྱེ་བོའམ།། དམའ་འབེབས་བྱེད་སའི་གྲྭ་བ་གང་།། གང་གི་རྗེས་འཇུག་ཡིན་ཞེས་སྨད།། གང་ལྟར་གོང་དུ་སྨྲས་པ་དག། ཅི་ནུས་གང་ནུས་དོར་བྱས་ཏེ།། བོད་པའི་སེམས་དེ་གཅིག་དྲིལ་བྱོས།། ངོ་མའི་དགྲ་དེ་ཤེས་པར་གྱིས།། རྒྱ་དགའ་འམ་ནི་དགྲ་དགའི་རིགས།། རྒྱ་དམར་ལག་དམར་བཙན་འཛུལ་བའི།། ལག་རོགས་ཅི་ནུས་བྱེད་དང་བྱས།། དགྲ་དགའ་གཉེན་སྡུག་སྒྲུབ་དང་བསྒྲུབས།། བསྐལ་བ་སྟོང་ཞིག་འདས་ཀྱང་རུང་།། རྒྱ་དམར་གུང་ཁྲན་ཏང་དང་དམག། བོད་པ་ཚང་གི་སེམས་ཀྱི་དགྲ།། བོད་འབངས་གསོད་པའི་ལག་དམར་ཡིན།། རྒྱ་དམར་གཞུང་དང་བསྟུན་བྱས་ཏེ།། རང་རིགས་ཕམ་པའི་ཉག་ཉོག་གཏམ།། སྨྲ་མཁན་དེའི་རིགས་ཤེས་པར་གྱིས།། དེ་དག་བོད་པའི་དགྲ་ཡིན་ནོ།། དད་པར་རང་དབང་མེད་ཅེས་ནས།། རྒྱ་དམར་གཞུང་གི་གསང་ཉུལ་བ།། དོལ་ཚོགས་རྒྱ་དགའི་རིགས་དེ་དག། དོལ་རྒྱལ་གཞན་དང་ཅུང་མི་འདྲ།། དོལ་རྒྱལ་ཡོད་ཚད་ཐ་ཤལ་མིན།། སྒེར་གྱིས་དད་ཀྱང་སྒེར་དོན་ཞིག། བོད་འབངས་སྤྱི་ལ་གནོད་བྱེད་པའི།། དོལ་ཚོགས་དག་ལས་ཕྱི་ལ་བུད།། ཅེས་དེ་རིང་འདི་ཙམ་གྱིས་ཆོག་ནི་བྱེད། ཀློག་མཁན་དག་གིས་གོང་དུ་བྲིས་པར་གནས་ལུགས་རེ་འདུག་སྙམ་ན། མུ་མཐུད་དུ་འབྲི་ཆོག རྒྱའི་གསང་བའི་ལས་ཁུངས་དང་འབྲེལ་ཏེ་བོད་འབངས་དཀྲུག་མཁན་གྱི་རྒྱ་དགའ་དོལ་རྒྱལ་བའི་རིགས་ནི་ནམ་ཡང་ང་ཚོས་ཁ་གཏད་བྱེད་དགོས་སའི་བོད་ནང་ཁུལ་གྱི་དགྲ་བོ་རྫབ་ཆེན་དེའི་རིགས་ཡིན། འོན་ཀྱང་རྒྱའི་གསང་བའི་ལས་ཁུངས་དང་འབྲེལ་བ་མེད་པའི་དོལ་རྒྱལ་བའི་རིགས་དེ་ནི་བོད་སྤྱི་ལ་མཚོན་ན་དེ་འདྲའི་འཇིགས་སྣང་སྐྱེ་དགོས་ས་དང་མ་རབས་ཐ་ཤལ་བའི་རིགས་ཤིག་རྩ་བ་ནས་མ་ཡིན་ནོ་སྙམ་མོ། 2019.02.24 ༄༅།། ཐོ་བ་དང་རྒུན་ཆང་དམར་པོ། མགོ་ལ་ཐོ་བས་བརྡུངས་བྱས་ཀྱང་་།། ལན་དུ་རྒུན་ཆང་འདྲེན་བྱེད་པའི།། བྱམས་བརྩེ་ཀུ་ཡངས་བཟོད་སྒོམ་ཅན།། དམ་པ་ཁྱེད་ལ་སྐུ་ཚེ་རིང་།། ཐོ་ཐོས། ༢༤-༠༢-༢༠༡༩ ལ། 关于我“འདྲེ་ཐོ་ཐོ”། དེས་ན་ཁྱེད་ཀྱིས་ངའི་སྐོར་དེ་ཟུར་ཙམ་རེ་ཤེས་འདོད་ཡོད་དམ། ང་ནི། 有些人想是我疯了,因此对这些人我更是要疯狂些。有些人认为我便没有疯,因此在这些人面前我要做一个温顺的人。在我一个人的时候或和家人一起的时候,我就会是我自己,一个对孩子很负责任的,一个对妻子几乎是百依百顺的人。—- འདྲེ་ཐོ་ནས། 2019-02-23 ༄༅།། སྙན་གཞུང་དང་རྒྱན། སྙན་ངག་གི་གཞུང་ཟེར་བ་དེ་ནི། ཁྱེད་ཀྱིས་འདི་ལྟར་ཕྲིས་དང་འདི་ལྟར་གོ ཁྱེད་ཀྱིས་དེ་ལྟར་ཕྲིས་དང་དེ་ལྟར་གོ ཞེས་སྙན་ངག་དེ་འབྲི་འགོ་བརྩམས་དུས་ནས། མཇུག་ཏུ་གང་ཞིག་འབྲི་དགོས་པ་དང་། མཇུག་དེ་ཇི་ལྟར་རྫོགས་དགོས་པ་བཅས་གསལ་བོར་བསྟན་ཡོད་པ་ཞིག་སྟེ། འབྲི་མཁན་རང་གི་བསམ་བློ་དང་རང་གི་ཚོར་བ་དེ་སྙན་ངག་གི་གཞུང་ཟེར་བའི་བཙོན་ར་ལྟ་བུ་དེ་ལ་བཙན་གྱིས་འཇུག་དགོས་ཤིང་དེ་ལས་ཐར་ཐབས་མེད་པ་ཞིག་རེད་འདོད། ཡང་གཅིག་བཤད་ན། བོད་མི་རིགས་ཀྱི་བུད་མེད་དག་གི་རྒྱན་དུ་འདོད་པའི་སྐེ་རྒྱན་གྱི་རིགས་དེ་དག གནའ་ནས་ད་བར་དུ། གཡུ་བྱུར་དང་གཟི་གཙོ་བོ་བྱས་པའི་སྐེ་རྒྱན་ནམ་མགུལ་རྒྱན་ལས་རིན་པོ་ཆེ་གཞན་དང་བསྲེས་པའི་སྐེ་རྒྱན་མི་འདྲ་བའམ། ཁྱད་པར་ཅན་ནམ་དམིགས་བསལ་བ་ཞིག ད་ལྟའི་བར་དུ་བོད་རིགས་བུད་མེད་དག་གི་སྐེ་ལ་འདོགས་རྒྱུ་རྙེད་མེད། རག་མེད། ཐོབ་མེད། དེ་དག་གི་ཁྱོ་གའམ་བཟའ་ཟླ་ཚོས་ཀྱང་ལེགས་སྐྱེས་སུ་འབུལ་རྒྱུ་དེ་བོད་མིའི་རྒྱན་ཆའི་ཁྲོམ་ར་རུ་བཙོང་རྒྱུ་མེད་པས་ཉོ་རྒྱུའང་རག་མེད་སྙམ། དེས་ན་སྙན་ངག་གི་གཞུང་ཟེར་བ་དང་། རྒྱན་ཟེར་བ་དེ་ནི་གང་འདྲ་ཞིག་ལ་ངོས་འཛིན་བྱེད་རྒྱུ་ཡིན་ཞེས་ང་ལ་དྲི་བ་ཞིག་བཏང་ཡོང་ན། ངས་འདི་ལྟར་ལན་རྒྱག་སྲིད། སྙན་ངག་གི་གཞུང་དང་རྒྱན་ཟེར་བ་དེ་ནི་བོད་པའི་བུ་མོ་ཚོའི་ལུས་ཀྱི་རྒྱན་ཆ་ནང་བཞིན་དང་། ཤོམ་འཇོག་སྟངས་ནང་བཞིན་གནའ་ནས་ད་བར་དུ་འགྱུར་བ་དང་། ཇེ་མཛེས་ཇེ་ལེགས་སུ་གཏོང་རྒྱུ་གང་ཡང་མེད་པའི་བསྐྱར་བཟོ་དང་བསྐྱར་དཔར་བྱས་ནས་འདོགས་བཞིན་ཡོད་པའི་རྒྱན་ཆ་དེ་དག་གི་རིགས་དང་གཅིག་མཚུངས་ལྟ་བུ་ཤིག་རེད་ཅེས་བཤད་འདོད་སོང་། མདོར་ན། སྙན་ངག་གི་གཞུང་ཟེར་བ་འམ་རྒྱན་ཟེར་བ་དེ་དག་ནི། རྙིང་དྲི་དང་། རུལ་དྲི་བྲོ་བའི་ཚོར་བའི་ཁུར་པོ་ཞིག་རེད། ཚོར་བའི་བཀག་རྡོ་ཞིག་རེད། ཚོར་བའི་ལག་དམར་ཞིག་ཀྱང་རེད། ཅེས་སྙན་ངག་གི་གཞུང་མི་ཤེས་པའི་འདྲེ་ཐོ་ཐོ་ནས། ངོ་གནོང་ཞོར་དང་། སེམས་འཚབ་ཞོར། ལག་འདར་ཞོར་བྲིས་ཏེ་སྙན་ངག་གི་གཞུང་མཁྱེན་པའི་སྙན་ངག་པ། སྙན་ངག་མཁན་དག་ལ་འབུལ་བ་ཡིན་ལགས། ༢༠༡༩-༠༢-༢༢ ལ། ༄༅།། གཙང་བོ་དང་རྣམ་ཤེས། གཙང་བོ་ཀྱག་ཀྱོག་ཅིག་གི་ཕ་རོལ་ན།། རྣམ་ཤེས་རྨས་མ་མང་བོའི་རེ་སྒུག་ཡོད།། གཙང་བོ་ཀྱག་ཀྱོག་དེ་ཡི་ཚུར་རོལ་ནས།། མ་བུ་ཞམ་ལྕེབས་མང་བོའི་ལོ་རྒྱུས་བྱུང་།། ཞེས་འདྲེ་ཐོ་ནས། དེ་རིང་ཕ་ཡུལ་རྨ་ཆུ་ཡི་གཙང་བོ་དེའི་འདྲ་པར་འགའ་རེ་མཐོང་རྗེས། གློ་བུར་དུ་འདི་འདྲའི་ཚོར་བ་ཞིག་ཐོན་བྱུང་། ༢༤-༠༢-༢༠༡༩ ལ། ༄༅།། གཟིམ་ས་བདེ། “གཟིམ་ས་བདེ།”་་་་་་ ཐུགས་རྗེ་ཆེ། ཁྱེད་ལའང་ངའི་ཕྱོགས་ནས། གཟིམ་ས་བདེ་ཞེས། ཉལ་རན་ཁའི་འཚམས་འདྲི་ཞིག ཉལ་རན་ཁའི་སྙིང་གཏམ་དྲོན་མོ་ཡི་མར་མེ་ཚ་ལམ་ལམ་ཞིག ངའི་སེམས་གཏིང་ནས་སྦར་ཏེ་ཁྱེད་ཀྱི་སྔས་མགོ་དེར་འཇོག་འདོད་ཀྱང་། སྐབས་འདིར། ཁྱེད་ཉིད་ཧ་ལམ་གཟིམས་ཚར་ཡོད་པས། ཁྱེད་ཕྱོགས་སུ་གདོང་གཏད་དེ། རབ་རིབ་ཀྱི་སྒོམ་ལམ་ཞིག་ནས། ཁྱེད་ལ། ཡང་ན་གཉིད་ལམ་དུ། འཇིག་རྟེན་གཞན་ཞིག་འགྲིམ་བཞིན་པའི། ཁྱེད་ཀྱི་རྣམ་ཤེས་དེར། རྨི་ལམ་ཡག་ཅེས། འཚམས་འདྲི་ཞིག་བྱས་ཡོད་ལགས། སང་ཉིན་ཞོགས་པའང་། ངེད་གཉིས་ཀྱིས་ཕན་ཚུན་བར་དུ། སྔ་དྲོ་བདེ་ལེགས་ཤིག་གི་ཟམ་པ་དེ། བསྐྱར་དུ་འཛུགས། དོ་དགོང་གི་ཟླ་བ་དེ་ལ། ཕྱེད་ཀ་མེད། ་་་་་་ ཅེས་འདྲེ་ཐོ་ཐོ་རང་ནས། སྔར་བྲིས་པའི་ཤིན་ཏུ་བསྡུས་པ་བྱས་པའི་འཚམས་འདྲི་ཐུང་ཐུང་ཞིག་ཅུང་ཙམ་ཁ་གསལ་བོའི་ངང་རྒྱས་བཤད་ཀྱིས་ཚུལ་དུ་བྲིས་པའོ། ༢༤-༠༢-༢༠༡༩ ལ། ༄༅།། མི་སྐད་གྲགས་ཅན། མི་ག་གེ་མོ་ཞིག་སྤྱི་ཚོགས་ཁྲོད་དུ་རིམ་གྱིས་སྐད་གྲགས་གང་ལ་གང་མཚམས་ཅན་ཤིག་ཏུ་ཆགས་ཡོང་དུས། མི་དེའང་རིམ་གྱིས་རྩོད་གཞི་ཅན་གྱི་མི་ཞིག་ལ་འགྱུར་འགྲོ་བ་དེའང་བཟློག་ཏུ་མེད་པའི་ཆོས་ཉིད་ཅིག་རེད། སྐབས་དེ་འདྲ་ཞིག་ལ་མི་དེའི་རིགས་ཀྱིས་ཆེས་གཟབ་དགོས་ས་དེ་ནི་རང་ཉིད་ཀྱི་བྱ་སྤྱོད་དང་རང་གིས་འཆད་འདོད་པའི་སྐད་ཆ་དག་ཡིན། སྤྱོད་ལམ་ཡག་པོ་སྟོན་པ་དང་སྐད་ཆ་ཡག་པོ་ཞིག་བཤད་མ་ཤེས་ཚེ། མི་དེའི་རིགས་ནི་མི་རིགས་ཤིག་གི་མཐུན་སྒྲིལ་དང་ཆིག་སྒྲིལ་གཏོར་མཁན་གྱི་མི་ནག་ཉེ་ཅན་ལྟ་བུའི་ཆགས་སྲིད། ཅེས་འདྲེ་ཐོ་ཐོ་ནས། ༢༤-༠༢-༢༠༡༩ ལ། 🙏🙏🙏 ༄༅།། མིས་མི་ལ་དང་མིའི་བར་གྱི་བསམ་བློའི་འཛིན་སྟངས། ངས་སྔར་ཁྱེད་ཚོ་ལ་དགོས་མཁོ་ཡོད་པས་དང་། ཕན་ཞིག་ཐོགས་ན་བསམས་ཏེ་ཅི་ནུས་ཀྱིས་བྱ་བ་དེ་བསྒྲུབས་ཡིན། ཁྱེད་ཚོས་ཀྱང་དེ་ལྟར་བསམས་ཤིང་གང་ནུས་ཀྱིས་མི་གཞན་པའི་དགོས་མཁོ་དང་འདོད་པ་ལྟར་བྱ་བ་དག་སྒྲུབས་པར་གྱིས་ཤིག —— འདྲེ་ཐོ་ཐོ་ནས། ༢༤-༠༢-༢༠༡༩ ལ། 🙏🙏🙏 ༄༅།། གནམ་འོག་གི་བུད་མེད་ཚོ་ལ་འབོད་སྐུལ། འདི་འདྲའི་ལང་ཚོ་དང་ནི་སྒེག་མའི་རིགས།། བོད་ཁམས་ཡུལ་ན་མཐོང་རྒྱུ་དཀོན་པ་འདྲ།། བོད་པའི་བུ་མོས་ཡོད་ཚད་སྦས་བྱས་པས།། འདྲེེ་ང་མུན་ནག་ཁྲོད་ཀྱི་ཞ་ར་ཞིག། ཅེས་ཐོ་མིང་འཛིན་པའི་ཆགས་རྒན་སྐྲ་རིང་ཅན་གྱིས། བདེ་སྐྱིད་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ནི་བུད་མེད་དང་འབྲེལ་བའི་སེམས་ཁམས་དེ་ཡིན་པར་འདོད་པས། བུད་མེད་ཚོར་འབོད་སྐུལ་ཞིག་བྱེད་འདོད་པ་ནི། ཁྱེད་ཚོའི་ལང་ཚོ་དང་སྒེགས་ཉམས་དེ་ལྐོག་གྱུར་གྱི་གནས་ལྟ་བུ་ཞིག་ལ་འདོད་དུ་བཅུག་ཅིང་། དེ་ཉིད་སྦས་ནས་མི་འདུག་པར། སྐབས་རེེེར་རང་དང་འགྲོགས་པའི་བཟའ་ཟླ་དང་། རང་ཉིད་དགའ་སའི་ཕོ་གསར་དེ་ལ་ཟུར་ཙམ་རེའམ་ཆ་ཤས་ཙམ་རེ་སྟོན་རོགས་ཞུ་ཞེས་ཞུ་འདོད་པ་དེ་ཡིན་ལགས། ༢༥༠༢-༢༠༡༩ ལ། ༄༅།། འདྲེ་ཐོས་རང་ཉིད་ལ་འཛངས་པ། ཁ་སྤུ་དཀར་པོར་གྱུར་ཡང་ཨ་མས་ང་ལ་ད་རུང་གཅེས་ཕྲུག་འབོད།། གཅེས་ན་འདོད་རྒྱུའི་ཞབས་ཞུ་ཡག་པོ་ཨ་མ་ལགས་ལ་བསྒྲུབས་ནི་མེད།། གཅེས་ན་ཆོག་པའི་མཛད་རྗེས་རླབས་ཆེན་གངས་ཅན་ཡུལ་ལ་བཞག་ནི་མེད།། ང་ནི་སྐྱག་ཕྲུག་ང་ནི་ཀླད་སྟོང་ང་ནི་དྲྭ་འབུ་སྨྱོན་པ་ཞིག། ང་ནི་བྱབ་ཆུང་བོད་དོན་ཕྱོགས་ལ་ང་ལས་སྡར་མ་མེད་པ་འདྲ།། ང་ནི་འཁྱམ་པོ་ངས་ནི་ཕ་ཡུལ་དགྲ་བོའི་ལག་ནས་བསྐྱུར་ཞིངབྲོས།། ང་ནི་ཆང་བཟི་སྐབས་རེར་ཐ་མག་དཀར་ནག་སེར་གསུམ་གཉེན་དུ་བསུ།། ང་ནི་ཅོལ་ཆུང་མཚམས་རེར་རང་གི་ལྟ་བ་མགྲིན་པའི་སྒོ་རུ་ཐོན་མི་འཇུག། ང་ནི་རྫུན་མ་དྲྭ་ཚོམས་ནང་དུ་རྫུན་མའི་གདོང་དང་རྫུན་མའི་གཏམ།། ང་ནི་ཆགས་རྒན་མཛེས་མའི་ཚོགས་ལ་སྙན་ངག་མེ་ཏོག་ཕུལ་བ་མང་།། ང་ནི་ཁྲེལ་མེད་སྙན་ངག་ཇི་བཞིན་མཛེས་མའི་འདོོད་པ་བསྐངས་ཐུབ་མེད།། ང་ནི་རྩྭ་མྱི་བདག་མོ་ཡོད་བཞིན་ཚོར་བ་རླུང་གིས་གནས་གཞན་འཚོལ།། ཞེས་འདྲེ་ཐོ་ཐོས། རང་གིས་རང་ལ་ངན་ཐག་ཆོད་ཅིག་འཛངས་དོན་ནི། གདོང་མེ་ལོང་དུ་གཏད་དེ་མེ་ལོང་ནས་རང་ལ་ལྟ་བ་ནང་བཞིན། རང་གི་ལུས་ཆ་ཚང་བ་འདི་དང་འབྲེལ་བའི་ལུས་ངག་ཡིད་གསུམ་དེ་དག་བསམ་གཏན་གྱི་ལམ་ནས་དམིགས་པའི་ཕྲ་མཐོང་ཆེ་ཤེལ་དུ་བཞག་ཅིང་། སྐར་ཆ་འགའི་རིང་དུ་བལྟས་ཤིང་དཔྱད་པ་ན། འདི་འདྲའི་རང་གིས་རང་ལ་འཛངས་ན་འཛང་ཆོག་ཆོག་གི་རང་སྐྱོན་མང་བོ་ཞིག་རས་དཀར་པོའི་ངོ་ལ་བརྙན་བཞིན་རེ་རེ་བྱས་ནས་ཤར་བྱུང་དང་། དེ་ནི་སྐར་ཆ་འགའི་རིང་ཁོ་ནར་བལྟས་པའི་དང་དཔྱད་རྗེས་མཐོང་བ་དང་ཚོར་བ་ཞིག་རེད། འོན་ཀྱང་མང་དུ་དཔྱད་ན་མང་དུ་མཐོང་རྒྱུ་དང་ཚོར་རྒྱུ་ཡོད་པ་ནི་ཐེ་ཚོམ་བྱ་མི་དགོས་པ་ཞིག་རེད། ཅེས་འདྲེ་ཐོ་ཐོ་ནས། ༢༦-༠༢-༢༠༡༩ ལ། ༄༅།། རང་ལམ། འབྲེལ་ས་རྒྱ་མི་འགྲོ་ཡུལ་རྒྱ་ནང་བོད་པ་ཚང་ལ་བར་ཆད་འབྱུང་སའི་གཞི།། གཞི་དེ་མཛེ་བོར་བསམས་ཤིང་རྒྱང་དུ་བྲལ་ནས་བློ་ཡིས་དཔྱད་པར་གཙོ།། གཙོ་བོའི་གཙོ་བོ་རང་གི་སེམས་དེ་རང་ལ་དབང་ཆུགས་བདག་པོའང་རང་།། རང་གི་ལམ་དེ་རང་གིས་སྐྲུན་དང་གཞན་གྱི་ལམ་ན་རང་དབང་མེད།། ཞེས་སྨྱོ་ཁ་ཐོ་ཐོ་ནས་ཨ་ཁུ་རྟ་ཞོན་པར་ཀུ་རེའི་ཚུལ་དུ་ཕུལ། ༢༦-༠༢-༢༠༡༩ ལ། ༄༅།། འདྲེ་ཐོའི་སེམས་དཔྱད། སེམས་དག་སེམས་དྲང་ངང་ནས་དམར་རྗེན་རྗེན།། མཉམ་འཛོམས་མཉམ་འབྲེལ་ཕྱིར་དུ་བཙལ་བྱས་པའི།། དབེན་པའི་གནས་འདིར་སེམས་ཀྱིས་སྟོང་བ་འདྲ།། སེམས་རེ་ཡོད་ཚེ་སེམས་ཚོར་གསུང་རན་ལགས།། སེམས་ནི་ཅི་ཙམ་སྦས་ན་དེ་ཙམ་འཇིགས།། སེམས་ལ་ཅི་ཙམ་དོགས་ན་དེ་ཙམ་འཁྲུགས།། སེམས་ཀྱི་དབང་ཤེས་ལུས་དང་འབྲལ་ནུས་པས།། ལུས་བཞིན་སྦ་ཐབས་མེད་པ་ཀུན་ལ་གསལ།། བསམ་བློ་འདྲ་མིན་ཡོད་ན་ཡོད་ཆོག་ཆོག། ལྟ་བ་འདྲ་མིན་ཡིན་ན་ཡིན་ཆོག་ཆོག། གང་ལ་གང་འོས་དེ་ལ་དེ་ཉིད་དེ།། ཡོད་ཚད་རྟག་པ་མིན་པས་འགྲེལ་སྟངས་མང་།། རང་གི་སེམས་འདི་གནས་ས་རང་ལུས་ཏེ།། རང་ལུས་ཁོ་ནར་བཅུག་ན་བཙོན་འཇུག་འདྲ།། གཞན་གྱི་སེམས་ལ་ངག་གིས་འབྲེལ་བྱས་ན།། སེམས་ཀྱི་འཇིག་རྟེན་འདི་ནི་མཐའ་ཡས་པ།། ཞེས་སྔར་སེམས་བདག་ནས་ད་ནི་གནས་བདག་ཙམ་ཏུ་གྱུར་པའི་འདྲེ་ཐོ་ཐོ་ནས། སེམས་དགོན་གནས་འདིར་གནས་མཇལ་དུ་ཕེབས་པའི་སྐྱེས་བུ་དམ་པ་དང་བུད་མེད་མཛངས་མ་དག་ལ་གུས་པས་ཕུལ། ༢༧-༠༢-༢༠༡༩ ལ། ༄༅།། མཚོ་ཟླ་གང་གི་སྐད་ཆ། སྤྱི་ཚོགས་ཁ་བརྡའི་ནང་གི་མི་དེས་སྐད་ཆའི་ཟུར་ན། དབུས་སྐད་ལས་རྒྱ་སྐད་དང་དབྱིན་སྐད་སློབ་སྦྱོད་བྱོས། དབུས་སྐད་དེ་དོར་ཤོག་ཅེས་བཤད་དོན་ནི། བོད་རྣམས་ཀྱིས་བོད་ཀྱི་རྒྱལ་སར་འདོད་པའི་ལྷ་ས་གྲོང་ཁྱེར་དེ་ལ་རྒྱ་མང་བོ་གནས་སྤོར་བྱས་ཡོད་པ་དང་། བྱེད་ཀྱིན་ཡོད་པས། མ་འོངས་པ་ན་རྒྱ་སྐད་མ་གཏོགས་འཆད་ས་མེད་པའི་དང་། རྒྱ་ཡིག་དང་དབྱིན་ཡིག་མ་གཏོགས་མཐོང་རྒྱུ་མེད་པའི་རྒྱ་མི་རིགས་ཀྱིས་མི་སེར་སྤེལ་ཡུལ་གྱི་གནས་ཤིག་ཏུ་འགྱུར་འགྲོ་བ་དང་། བསྒྱུར་རྒྱུ་ཡིན་ས་རེད་ཅེས་པའི་དོན་དེ་ཤུགས་ནས་སམ་ཟུར་ནས་སྟོན་འདོད་པས་དང་བསྟན་ཡོད་པ་འདྲ། དེ་མིན་དབྱིན་ཡིག་ཀྱང་སྦྱོངས་ཞེས་བསྐུལ་དོན་ནི། མ་འོངས་པ་ན་རྒྱ་མི་རིགས་ཀྱིས་འཛིན་སྲིད་པའི་ལྷ་སའི་གྲོང་ཁྱེད་དེ་ནའང་། རིམ་གྱིས་བོད་རྣམས་ཤིན་ཏུ་ནས་ཤིན་ཏུ་གྲངས་ཉུང་མི་རིགས་སུ་ཆགས་ཤིང་མཚོ་འགྲམ་དུ་གནས་སྡོད་བྱས་པའི་རྒྱ་མི་རིགས་དང་ཕྱིའི་རྒྱལ་ཁབ་ནས་བསླེབས་པའི་ཕྱི་རྒྱལ་བ་དག་གིས་ཡུལ་སྐོར་སྤྲོ་འཆམ་བྱེད་སའི་ཡུལ་ལྟ་བུ་ཞིག་ཏུ་ཆགས་སྲིད་ཅེས་འཆད་འདོད་པ་དེ་དག་སྐད་ཆའི་ཟུར་ནས་བསྟན་ཡོད་པ་འདྲ། ཞེས་འདྲེ་ཐོ་ནས་གོང་གི་སྤྱི་ཚོགས་ཁ་བརྡ་ཟེར་བའི་ཚོམས་དེའི་ནང་གི་མཚོ་ཟླ་གང་ཟེར་བའི་ཚོགས་མི་དེའི་སྐད་ཆ་ལ་དཔྱད་པའི་གོ་དོན་ནི་འདི་ལྟ་བུ་ཞིག་རེད་སྙམ་པ་དེ་བྲིས་པའོ། ཕུལ་བའོ། —- འདྲེ་ཐོས། ༢༧-༠༢-༢༠༡༩ ལ། ༄༅།། ལམ་ཕྲན་ལ་དཔྱད་པ། ང་ཚོའི་མདུན་ན་ཡོད་པ་དེ་ལམ་ཕྲན་ཞིག་ཡིན་པ་ཤེས་བཞིན་དུ། དེའི་ནང་དུ་མི་མང་བོ་ཞིག་གིས་འཚང་ཁ་ཤིག་ཤིག་དང་། ཞྭ་བསྐྱུར་ལྷམ་བསྐྱུར་བྱས་ནས་མི་རླབས་པོ་ཆེ་དེ་ཉིད་དམིགས་ནས་འགྲོ་བ་ལས། མི་མང་བོ་དེས་རྡོག་རྩ་གཅིག་དྲིལ་གྱིས་མི་བུ་རླབས་པོ་ཆེ་དེ་ཉིད་ཚུར་གདན་འདྲེན་བྱེད་ཨེ་ཐུབ་བལྟས་ན་དེ་ནི་ལམ་ཁ་ཡག་པོ་ཞིག་མ་རེད་དམ། ཞེས་འདྲེ་ཐོ་ནས། རང་ཡུལ་བཞག་ནས་གཞན་ཡུལ་དུ་འགྲོ་བའི་རང་དང་གཞན་ལ་བྲིས་པའི་སྐད་ཆ་འགའ་ཞིག ༢༧-༠༢-༢༠༡༩ ལ། ༄༅།། ཐོ་ཐོའི་བསམ་ཚུལ་བཏོན་པ། དྲང་བོའི་གཏམ་ཞིག་མཁན་པོར་འབུལ།། འཁྱོག་པོའི་གཏམ་ཞེས་བསྙོན་བྱས་ཚེ།། བློ་དམན་དག་གིས་དབྱེ་འབྱེད་དཀའ།། རྩོད་གཞིའི་མེ་དཔུང་སྔར་ལས་འབར།། གང་ཞིག་ངོ་མ་ཡིན་ཞེས་སྨྲས་པས་ན།། ཤུགས་སུ་རྫུན་མ་ཡོད་ཅེས་བསྟན་པ་ལགས།། དེ་ལས་འདི་ནི་གསར་པ་ཡིན་ཞེས་ནས།། གསར་རྙིང་དབྱེ་འབྱེད་ངང་ནས་ར་སྤྲོད་ལེགས།། ཨ་ཁུ་ཟླ་བྷའི་ལགས་ནི་མི་གཅིག་རེད།། ངེད་ཅག་ཚོགས་མི་རྣམས་ནི་རི་སྡེ་ཞིག། མང་བོས་དཀའ་ལས་བརྒྱབ་སྟེ་རི་སྤོར་ལས།། གཅིག་དེ་ཚུལ་ལ་ཕེབས་ན་ཅི་མི་ཉན།། ཞེས་འདྲེ་ཐོ་ང་ནས། རྩེ་མཚར་ངང་ཚོམས་ཤིག་གི་ཚོགས་མི་ཚོར་བྲིས་པའི་བའམ་ཚུལ། ༢༧-༠༢-༢༠༡༩ ལ། ༄༅།། འདྲེ་ཐོས་རྒན་མོ་དྲན་པ། རྒན་མོ་དྲན་ན་དྲན་ནི་འོས་པ་ཞིག། གཞན་གྱི་རྒན་མོ་དྲན་ན་དྲན་བཙོག་ཅིག། གཉའ་མ་དྲན་ཡང་རྒན་མོའི་གཉའ་མ་ལས།། གཞན་གྱི་ཆུང་མའི་གཉའ་མ་དྲན་མི་བྱ།། རྒན་མོའི་གཉའ་མ་མཚན་མོའི་སྤྲི་གོར་ཡིན།། རྒན་མོའི་གཉམ་མ་ཞོགས་པའི་ coffee ་ཡིན།། རྒན་མོའི་གཉའ་མ་བདེ་བ་འབྱུང་སའི་ཁམས།། རྒན་མོའི་གཉའ་མ་ཡིད་ཀྱི་ནོར་བུ་ལགས།། རྒན་མོ་ཟེར་ན་མི་ཚེ་སྐྱེལ་རོགས་ཡིན།། རྒན་མོར་དུངས་ན་མི་ཚེར་བདག་སྐྱོང་ཡིན།། རྒན་མོ་མེད་པའི་རྒད་པོ་ཁེར་འདུག་ཅིག། འདྲེ་ཐོ་ངས་ཀྱང་བྱས་ན་འདོད་ཀི་མེད།། རྒན་མོའི་འཛུམ་དེ་དགུན་གྱི་ཉི་ཟེར་ཡིན།། རྒན་མོ་མེད་ཚེ་ལུས་སེམས་དགུན་འཁྱག་ཏུ།། མཚན་མོའི་དུས་སུ་སེམས་པ་སྟོང་ལྷང་ངེར།། རྨི་ལམ་ངོགས་སུ་མཇལ་ཡང་བདེན་མ་གྲུབ།། རྒན་མོའི་སྒེག་ཉམས་དབྱར་ཁའི་མེ་ཏོག་ཡིན།། རྒན་མོ་མེད་ཚེ་ལུས་སེམས་བྱེ་ཐང་དུ།། འདོད་པས་རྒྱས་པའི་ལུས་ཀྱི་རྩ་ཁམས་ཡོངས།། གཡའ་ཆུ་ལྟ་བུའི་གཉའ་ཆུས་བརླན་པར་སྒུག། ཅེས་འདྲེ་ཐོ་ནས། གྲོགས་རྒྱ་ཚ་ཞལ་དཀར་གྱིས། “ འདྲེ་ཐོས་་་རྒན་མོ་དྲན་གི་ཡོད་ནི་མ་རེད་་རྒན་མོའི་གཉའ་མ་དྲན་གི་ཡོད་ནི་རེད་ཡ།” ཞེས་པའི་ལན་དུ་བྲིས་པའོ། ༄༅།། གཡག་དང་འབྲི་མོ། གཡག་གི་གཤིས་ཀས་མི་གཤིས་བསྒྱུར་བྱས་པའི།། གཡག་ལྡོམ་ཇི་བཞིན་གང་སར་འཁྱམ་བྱེད་པའི།། གཡག་གདུམ་འདྲ་བའི་གཡག་རྒོད་ཞོན་མཁན་ཚོ།། གཡག་ལས་འབྲི་མོར་དུང་བ་མེད་འདི་སྐྱོ།། འབྲི་མོ་མེད་པའི་གཡག་གི་འཇིག་རྟེན་ན།། ཞོ་དང་འོ་མའི་དཀར་ཐིག་ཡོད་མ་ཡིན།། གཅན་གཟན་ཡིན་ཚེ་གཡག་ཤ་ཁོ་ནར་སྤྱོད།། མི་ཞིག་ཡིན་ཚེ་དཀར་ཐིག་མེད་མི་རུང་།། འབྲི་མོའི་འོ་མའི་ཁྲོད་ན་བྱམས་བརྩེ་དང་།། ཕ་རོལ་གསོ་བའི་བཅུད་དང་ཕན་སེམས་ཡོད།། གཅན་གཟན་ཤ་ལ་རྔམ་པའི་ཟུར་ཞིག་ཏུ།། ཕ་རོལ་གསོད་སེམས་ཡོད་པ་ཤེས་སམ་ཀྱེ།། སེམས་བརྟེན་ཆུང་མ་ཁྱིམ་འདིའི་སྒྲོམ་མ་ཉིད།། ཕྱི་རོལ་བུད་མེད་རླུང་ནང་དྲི་ཟའི་རིགས།། འོན་ཀྱང་སེམས་འདི་རྟག་བརྟན་མ་ཡིན་ཕྱིར།། སྐབས་རེར་དྲི་ཟའི་ཁམས་ཀྱི་སྤྲོ་གསེང་མཁོ།། ཞེས་འདྲེ་ཐོ་ནས་རང་གི་བསམ་ཚུལ་ཙམ་ཞིག་ཡིག་ཐོག་ཏུ་ཚིགས་བཅད་ནང་བྲིས་པ་ནི་འདི་ལྟར་རོ། ༠༣-༠༣-༢༠༡༩ ལ། ༄༅།། དུ་བ་དང་རླངས་པ། —-༼@🕶འདྲེ་ཐོ་ཐོ།🕷 དུ་བ་རླངས་པའི་ཁྱད་པར་ཤོད།༽ གང་ཞིག་མེ་ལ་སྦར་དང་མ་འབར་སྔོན།། དུ་བ་སྔོ་ལྗང་ཞིག་གི་རྣམ་ཤེས་དེ།། ཡིད་ཀྱི་སྣང་ངོར་གྲུབ་པའི་རླུང་ཁམས་སུ།། བེམ་པོ་གཞན་དབང་སོང་བར་སྙིང་ཞིག་རྗེ།། ཞེས་པ་འདི་ནི་གོང་གི་@ཟངས་དཀར་མྱི་ལྡིང ལགས་ཀྱིས་“ @🕶འདྲེ་ཐོ་ཐོ།🕷 དུ་བ་རླངས་པའི་ཁྱད་པར་ཤོད [偷笑][偷笑][偷笑]” ཅེས་པའི་ནང་གི་དུ་བའི་སྐོར་ལ་བྲིས་པ་ཡིན་ལགས། [调皮] མེ་ལ་སོགས་པའི་ཚ་བའི་རང་བཞིན་ཅན།། གྲང་བའི་རིགས་དང་མཉམ་དུ་སྦྱར་བྱས་ཚེ།། ཚ་བས་སྲེག་པའི་མནར་བ་མ་བཟོད་པར།། མིག་ཆུའི་བཞུར་རྒྱུན་རླངས་པའི་སྣང་གཟུགས་གྲུབ།། ཞེས་པ་འདི་ནི་@ཟངས་དཀར་མྱི་ལྡིང ལགས་ཀྱི་དྲི་བ་“ @🕶འདྲེ་ཐོ་ཐོ།🕷 དུ་བ་རླངས་པའི་ཁྱད་པར་ཤོད [偷笑][偷笑][偷笑] ” ཅེས་པའི་ནང་གི་རླངས་པའི་སྐོར་ལ་བྲིས་པའོ། [调皮] ཞེས་འདྲེ་ཐོ་ནས། ༠༣-༠༣-༢༠༡༩ ལ། ༄༅།། གཡག་རྒོད་དང་ལུ་གུ བཀའ་སྐྱོན་གཡག་རྭའི་སྣེ་ནས།། ཐར་ཐབས་མེད་པ་ལུ་གུ། ལུ་གུས་འབའ་སྐད་བསྒྲག་དུས།། ལུག་རྫིས་བལྟ་རྒྱུ་མ་བརྗེད།། ཅེས་སྡར་མ་འདྲེ་ཐོ་ནས་གཡག་ཞོན་ཚང་གི་རྒོད་པོ་@མོ་རྒན།morgan གྱི་བཟློག་ཕྱོགས་སུ་ལེན་མཁན་དག་ལ་འབོད་སྐུལ་བྱས་པ་ཡིན། ༄༅།། @ཟངས་དཀར་མྱི་ལྡིང་ལགས།  ཤོད་ཡ། བཞད་གད་ཀུ་རེའི་རྣམ་པར་བསྒྱུར་བྱས་ཏེ།། དོན་གྱི་སྙིང་བོ་སྨྲ་སྒོས་བརྗོད་བྱས་ན།། ཕ་རོལ་ཡིད་ཀྱི་རྣམ་རྟོག་ཡལ་ནས་འགྲོ།། བློ་ཐག་ཉེ་བའི་ངང་ནས་གསན་པར་བྱ།། གང་ལྟར་གྲོགས་ཁྱེད་བཞད་གད་ལྷང་ལྷང་གིས།། བློ་དམན་ཚུལ་གྱིས་གསུང་གི་རྒུན་ཆང་གནང་།། ཆང་དེར་རོལ་མཁན་བདག་གི་རྨོངས་པ་ཡོངས།། བཟི་བར་འཇུག་ཅིང་དག་པར་མཛད་དུ་བཅུག། ཤིན་ཏུ་འཇིགས་པོའི་ངང་དང་རྫིག་ཉམས་ཀྱིས།། ཤིན་ཏུ་མཁས་མདོག་དང་ནི་ཤེས་མདོག་གིས།། ཕ་རོལ་དམའ་སར་འཇོག་པའི་གཤིས་ཀ་ལས།། ལེགས་བཤད་གསེར་བཞིན་གནང་ཡང་ལྕགས་བཞིན་དོར།། ཞི་དུལ་གཤིས་ཀ་མཁས་པའི་ལམ་ཁྲིད་དེ།། འཛུམ་དང་ཀུ་རེ་མཁས་པའི་ལམ་བཟོ་བ།། མི་ཚོགས་སེམས་ནི་ལམ་གྱི་བཀག་རྡོ་ཆེ།། རྣམ་རྟོག་འདྲ་མིན་གཟར་ལམ་ཀྱོག་ལམ་ཉིད།། ཅེས་འདྲེ་ཐོ་ཐོ་ནས། གྲོགས་ཟངས་དཀར་མྱི་ལྡིང་ལ་ཕུལ། ༠༧-༠༣-༢༠༡༩ ལ། ༼མིས་མི་ལ་དང་མིའི་བར་གྱི་བསམ་བློའི་འཛིན་སྟངས།༽ ངས་སྔར་ཁྱེད་ཚོ་ལ་དགོས་མཁོ་ཡོད་པས་དང་། ཕན་ཞིག་ཐོགས་ན་བསམས་ཏེ་ཅི་ནུས་ཀྱིས་བྱ་བ་དེ་བསྒྲུབས་ཡིན། ཁྱེད་ཚོས་ཀྱང་དེ་ལྟར་བསམས་ཤིང་གང་ནུས་ཀྱིས་མི་གཞན་པའི་དགོས་མཁོ་དང་འདོད་པ་ལྟར་བྱ་བ་དག་སྒྲུབས་པར་གྱིས་ཤིག ཁྱེད་ཚོས་ཀྱང་ཚོགས་པ་རེ་བཙུགས་ནས་་མི་གཞན་ལ་སྒྲ་ཐག་འདི་དག་བསྐུར་ཆོག་ལ། མི་གཞན་གྱི་འདོད་དོན་དེ་བསྒྲུབ་ཀྱང་ཆོག དེ་ལྟར་བྱེད་ཐུབ་ཚེ། ངས་བཟུང་བའི་བསམ་པ་དཀར་པོ་འདིའི་རྒྱུན་དེ་མ་ཆད་པར། ཡང་ན་ཆད་དུ་མ་བཅུག་པར་དྲྭ་ལམ་གྱི་འཇིག་རྟེན་འདི་ནས་མུ་མཐུད་དུ་གནས་ཐུབ། དེ་ནི་འདྲེ་ཐོ་ངའི་རེ་བའམ་རེ་སྐུལ་ཙམ་ཡིན་ཏེ། ང་ཚོ་མི་རེ་རེ་ཡིས་དེ་ལྟ་བུའི་བསམ་བློ་ཞིག་བཟུང་སྟེ། ང་ཚོ་བོད་པ་ཚང་ལ་ཕན་ཐོགས་ཡོད་ཀི་འདོད་པའི་རིགས་གང་ཞིག་ཡིན་ཡང་། རང་ངོས་ནས་མ་བསྐུལ་དང་བླངས་ཀྱིས་བསྒྲུབ་ཅི་ཐུབ་གང་ཐུབ་ཀྱིས་བསྒྲུབས་བྱས་ཚེ། ང་ཚོའི་མི་རིགས་འདི་ལ་ཕན་ཐོགས་རེ་ཏན་ཏན་ཡོང་སྲིད་པ་ཞིག་རེད་ལགས། ཞེས་འདྲེ་ཐོ་ཐོ་ནས། རྒྱལ་རབས་ལོ་རྒྱུས་གླིང་གི་དྲྭ་གྲོགས་ཚོར་coffee ཕོར་བ་རེ་དང་མཉམ་དུ་འབུལ་ཡིན་ནོ། ༠༨-༠༣-༢༠༡༩ ལ། ༄༅།། བཙན་པོའི་ཇ་མཁར། བཙན་པོའི་དུས་སུ་བརྩིགས་པའི་ཇ་མཁར་རུ།། ཇ་རྒོད་འོ་ཇའི་བཅུད་ཀྱིས་དམག་སྡེ་གསོས།། ཤ་མར་ཐུད་ཀྱིས་འབངས་རྣམས་གཙོོ་བྱས་གསོས།། སྐབས་དེར་བོད་པའི་དམག་ཤུགས་ཀུན་ཏུ་གྲགས།། ཞེས་སྨྱོན་པ་འདྲེ་ཐོ་ནས་བོད་བཙན་པོའི་དུས་ཀྱི་བོད་དམག་དང་བོད་འབངས་མི་སེར་གྱི་གནས་སྟངས་དེ་འདི་འདྲ་ཞིག་ཡིན་རྒྱུ་རེད་སྙམ་པས་འདི་ལྟར་བྲིས་སོ། ༄༅།། ཐོ་ཐོའི་སེམས་ནང་གི་རྨ་དུག་ལགས། རྨ་ཆུའི་བཞུར་རྒྱུན་བོད་ནས་ཆད་མིན་བཞིན།། རྨ་དུག་བསམ་བློ་བོད་པས་དོར་མི་སྲིད།། ཇི་སྲིད་བོད་རྣམས་རྨོངས་ལས་མ་ཐར་བར།། དེ་སྲིད་རྨ་དུག་ལྕེ་དེ་གློག་ལྟར་འཁྱུག། —-ཐོ་ཐོ་ནས། ༠༧-༠༣-༢༠༡༩ ལ། ༄༅།། རྨ་དུག མཐར་ཐུག་རྨ་དུག་རང་གིས་རང་ལ་ཁ་བརྡ་བྱེད་པ་ལས། ཁོང་གི་འགྲན་ཡ་བྱེད་ཐུབ་མཁན་གྱི་གྲྭ་ལོག་ཅིག གྲྭ་བ་ལོ་གཞོན་ཞིག མི་སྐྱ་མཁས་པ་ཞིག་མདོ་དབུས་ཁམས་གསུམ་དེ་ན་མེད་པ་འདྲ། རྨ་དུག་ཟེར་ན་གླེགས་བམ་གྲངས་མེད་པ་ཞིག་ལས་གྲུབ་པའི་“ གླེགས་བམ་གྱི་སྤྲུལ་སྐུ”ཞིག་རེད་ཅེས་བཤད་ན་མི་རུང་བ་གང་ཡང་མེད་སྙམ་མོ། རྨ་དུག་ནི་རྨ་དུག་རང་ཁོ་ན་ཡིན་ལ། དཔེ་དེབ་གྲངས་ལས་འདས་པ་ཞིག་ཏུ་ཡོད་པའི་བསམ་བློའི་སྙིང་བཅུད་དེས་ཕྱོགས་ཡོངས་ནས་བཏུམས་པའི་གླེགས་བམ་ངོ་མཚར་ཞིང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་ཞིག་ཀྱང་ཡིན། མདོར་ན། རྨ་དུག་ལགས་ནས། གང་ཞིག་དགག་བྱར་བཟུང་བ་དེ་དགག་རྒྱུ་ལ་ཐེ་ཚོམ་དང་སྐྲག་སྣང་མེད་པ། གང་ཞིག་གཞག་ན་ཕན་པར་འདོད་པ་དེར་རྒྱབ་སྐྱོར་དང་རམ་འདེགས་བྱེད་པར་ངལ་བ་དང་ལེ་ལོ་མེད་པ་ཞིག —— འདྲེ་ཐོའི་བསམ་ཚུལ། ༄༅།། བཙོན་ར། རྒྱ་གར་བས་བོད་མི་རིགས་ཀྱི་བསམ་བློ་དང་ཚོར་བ་ལ། བཙོན་ར་ཆེན་པོ་གཉིས་བརྒྱབ་ཡོད་པ་ནི། བསམ་བློ་ལ་ནང་བསྟན་གྱི་བཙོན་ར་དང་། ཚོར་བ་ལ་སྙན་གཞུང་གི་བཙོན་ར་དེ་གཉིས་སོ། —- ཞེས་སྨྱོན་པ་འདྲེ་ཐོ་ནས། ༠༧-༠༣-༢༠༡༩ ལ། ༄༅།། བུད་མེད་དུས་ཆེན་ལ་ཟུར་ནས་བསྟོད་པ། གཉའ་མ་ལས་ལྷག་ཐར་བ་འབྱུང་ཡུལ་མེད།། བར་དོའི་ཁམས་ནས་གླིང་འདིར་བྱོན་པ་ལ།། གཉའ་མའི་སྒོ་ལས་མ་བྱོན་གཅིག་ཀྱང་མེད།། སྐྱབས་སུ་འཇོག་པར་གཉའ་མ་གཞག་ཆོག་ཆོག། —ཐོ་ཐོའི་བསམ་ཚུལ། ༄༅།། སྤྲུལ་སྐུ། ཕོ་རྟགས་ཅན་གྱི་བླ་མ་དང་།། པདྨ་ཅན་གྱི་མཁའ་འགྲོ་མ།། གཉིས་ཀ་སྦྱར་ན་སྤྲུལ་སྐུ་བྱོན།། དེ་ཉིད་སྤྲུལ་སྐུའི་མཆོག་ཏུ་འཛིན།། ཆོས་ལ་ལོག་ལྟ་འཛིན་མཁན་དང་།། ལྷ་ལ་དམོད་མོ་བྱེད་མཁན་རིགས།། གང་དང་སྦྱར་ཡང་ཆགས་སྤྱོད་ལས།། སྤྲུལ་བའི་སྐུ་ཞིག་འབྱུང་བར་དཀའ།། ཞེས་ཐོ་ཐོ་ནས་ཐེ་ཚོམ་དང་མཉམ་དུ་བྲིས་སོ། ༄༅།། སེམས་ཀྱི་བདེ་སྐྱིད་ནི་འཆི་ཁའི་ལམ་ཡིག་ཁོ་ནའོ། སེམས་ཀྱིས་གང་ཞིག་སྡུག་བསྔལ་འདོད་པ་དེ།། སྡུག་བསྔལ་དེ་ལས་ཐར་བར་ཅི་ནུས་ཀྱིས།། སེམས་སུ་གནས་པའི་སྙིང་རྗེའི་ས་བོན་ལ།། སྙིང་རྗེའི་འབྲས་བུ་སྨིན་ཕྱིར་བདག་གཞན་རྗེས།། ཕ་རོལ་ཇི་འདྲའི་ཉམས་ཆགས་སོང་བ་ན།། རང་ཡང་དེ་འདྲའི་གནས་སྟངས་ཡིན་སྙམ་སྟེ།། བདག་གཞན་མཉམ་བརྗེའི་ཚུལ་དུ་སྙིང་རྗེས་སྒོམས།། ཁ་ཡོད་ལག་ཡོད་ངང་ནས་གང་ཕན་སྒྲུབས།། གང་ལྟར་མཛུབ་མོ་ལྔ་ལ་རིང་ཐུང་བཞིན།། འགྲོ་བའི་གནས་སྟངས་མི་འདྲ་མཐོ་དང་དམན།། ཡིན་ཡང་མཐའ་མའི་མཐའ་མར་འགྲོ་ས་གཅིག། སེམས་ཀྱི་བདེ་སྐྱིད་འགྲོ་ཁའི་ལམ་ཡིག་ལགས།། ཞེས་སྨྱོན་པ་འདྲེ་ཐོ་ནས། ༠༩-༠༣-༢༠༡༩ ལ། ༄༅།། འབྲི་མོས་འོ་མ་མ་འགོག བུ་མོ་སྐྱོ་བའི་སྐྱོ་རོགས། འབྲི་མོ་དུང་ཆུང་དཀར་མོ། ཞི་ལུ་སྨྲེང་བའི་སྨྲེང་རོགས། སྒོ་ཁའི་འབྲོང་རྒོད་དཀར་པོ། བུ་མོས་སེམས་པ་མ་སྐྱོ། འབྲི་མོས་འོ་མ་མ་འགོག འབྲོང་གི་རྭ་རྩེར་འབྱར་ནས། འབྲོང་དང་ང་གཉིས་བསླེབ་ཡོང་། འབྲི་མོར་མཁོ་བ་འབྲོང་རེད། བུ་མོས་བསྒུག་རྒྱུ་ང་རེད། ཁྱེད་དང་ང་གཉིས་སྐྱིད་སྐྱིད། འབྲོང་དང་འབྲི་མོ་སྐྱིད་དགོས། ཞེས་ @ཚེ་སྐྱིད།Tse Kyi 才吉🎶 ལགས་ཀྱིས་གྱེར་བའི་གཞས་དེའི་ཚིག་འགའ་གཡར་ཏེ། ཕྱིར་ལ་གཞས་འདི་འབུལ་བ་ཡིན་ནོ། ཐོ་ཐོ་ནས། ༡༠-༠༣-༢༠༡༩ ལ། ༄༅།། མཆོད་རྟེན་དང་དཀར་ཟས། མཆོད་པ་རྒྱ་ཆེར་འབུལ་ས་བརྟེན་གྱི་མཆོག། མཆོད་རྟེན་དཀར་པོ་ཡིན་པ་གང་ཞིག་ལ།། མཆོད་འབུལ་ཟས་སྣ་དཀར་ཟས་ཡིན་དུ་ཆུགས།། འཁོར་འབངས་རྣམས་ཀྱིས་དམར་ཟས་དོར་བར་བྱ།། ཞེས་འདྲེ་ཐོ་ཐོ་ནས་རང་གི་བསམ་ཚུལ་ཙམ་ཞིག་བྲིས་ཡིན་ཏེ། ཆོས་སྐད་དང་མ་ཎི་འདོན་པའི་གདངས་ལྷང་ལྷང་དུ་སྒྲོག་བཞིན་ཡོད་པའི་མཆོད་རྟེན་ཁ་དོག་དཀར་པོ་དུང་འདྲ་འདྲ་ཞིག་གི་ཉེ་འགྲམ་དུ། ཁྲག་དམར་པོས་གཡོགས་པའི་དང་ཁྲག་དམར་པོའི་ཐིགས་པ་འཛག་བཞིན་པའི་སེམས་ཅན་གྱི་ཤ་དམར་པོ་དེ་བཤམས་ན་དང་ཟོས་ན། དེ་ནི་ཧ་ཅང་གི་ཆ་མི་མཉམ་པའམ་སྙོམ་པོ་མེད་པའི་དང་། འཁོར་ཡུག་དང་མི་མཐུན་པའི་ཡ་ང་བའི་བྱ་སྤྱོད་ཅིག་ཡིན་པར་འདོད་དོ། འོན་ཀྱང་བསམ་ཚུལ་དེ་ལ་ནོར་བ་ཡོད་ཚེ། དགོངས་དག་ཞུ། དཔེ་ཙམ་ཞིག་བཞག་ན། ལག་གཡོན་པའི་ནང་དུ་མ་ཎིའི་འཁོར་ལོ་དང་། ལག་གཡས་པའི་ནང་དུ་གྲི་ཞིག་བཟུང་ནས་སེམས་ཅན་གྱི་སྲོག་གཅོད་ཀི་ཡོད་པ་དང་ཅུང་ཙམ་འདྲ་བོ་འདུག་སྙམ་མོ། ༡༠-༠༣-༢༠༡༩ ལ། ༄༅།། བྱེའུ་འཇོལ་མོས་སྒུ་འབུ་འཐུ་དུས། རླུང་དམར་པོ་གཡུག་པའི་ཉིན་མོར། རི་ལུང་བར་ལྷིང་འཇགས་བསམ་ན། དཔྱིད་འགོ་མའི་དུས་ལ་བསླེབས་དུས། ས་དོག་མོར་གཙང་བོས་མཆོད་རོགས། བྱེའུ་འཇོལ་མོས་སྒུ་འབུ་འཐུ་དུས། བྱ་ཁུ་ལོས་གསུང་སྐད་གྲགས་དུས། ཟླ་གསུམ་པ་ཚེས་ཀྱང་མ་ཚེས། རི་མཐོན་པོར་བསྐོར་ནས་མཇལ་ཡོང་། རྟ་མདོ་བའི་བང་རྩལ་རྒྱས་དུས། འབའ་དཀར་མོའི་བལ་ཁ་ཡག་དུས། འབྲི་མཛོ་མོའི་འོ་མ་མོད་དུས། སྡེ་ཆེ་བོའི་དཀྱིལ་ནས་མཇལ་ཡོང་། ཞེས་ཐོ་ཐོ་ནས། ༡༣-༠༣-༢༠༡༩ ལ། ༄༅།། བུད་མེད་ཀྱི་ནུ་མ། བུད་མེད་ནུ་མར་མི་དགའ་སྐྱེ་བོ་སུ།། བྱིས་པའི་དུས་སུ་འོ་མའི་ཆེད་དུ་དགའ།། ཕོ་གསར་སྐབས་སུ་འདོད་པའི་ཆེད་དུ་དགའ།། རྒས་པའི་དུས་ལ་མཐོང་བ་ཙམ་གྱིས་དགའ།། འདྲེ་ཐོས། ༢༠༡༩-༠༣-༡༥ ལ། ༄༅།། འབྲོག་ས་དང་ལྕགས་དྲ། གལ་སྲིད་འབྲོག་པའི་རྩྭ་ས་དང་རི་ལུང་། ཁྱིམ་ཚང་དང་ཁྱིམ་ཚང་གི་བར། སྡེ་བ་དང་སྡེ་བའི་བར་དུ་འཐེན་ཡོད་པའི་ལྕགས་ཀྱི་དྲ་རྒྱ་དེ་དག གློ་བུར་དུ་བྱ་ཁྲུང་ཁྲུང་དང་། ཕུག་རོན་དཀར་པོ་ལ་གྱུར་ཏེ། བོད་ཁམས་ཀྱི་མཚོ་དང་མཚེའུ་འགྲམ་དུ་འཕུར་སོང་ན། བོད་ཡུལ་དུ་བོད་ཁམས་ཡོངས་ཀྱི་འབྲོག་ས་དང་འབྲོག་མིའི་སེམས་བཅས་གཅིག་ཏུ་བསྒྲིལ་བའི་འབྲོག་མིའི་རྒྱལ་ཁབ་གསར་པ་ཆགས་པའམ་བསྐྲུན་པ་དང་གཅིག་མཚུངས་རེད་ཅེས་འཆད་འདོད་སོང་། འོན་ཀྱང་རྩེ་མཚར་ཙམ་ཡིན་ལགས། གཞན་ཡང་ང་ཚོ་བོད་ཀྱི་འབྲོག་སྡེ་དང་ཞིང་སྡེ་ག་གེ་མོ་ཞིག་ནི་སྟོབས་འབྱོར་ཅན་གྱི་ཨ་རི་རྒྱལ་ཁབ་མིན་ལ། མཱེཟེ་ཁཱོ་ཟེར་བའི་རྒྱལ་ཁབ་མང་བོ་ནས་ཨ་རི་རྒྱལ་ཁབ་ལ་ལྐོག་བརྒལ་བྱེད་སའི་རྒྱལ་ཁབ་དེ་ལྟ་བུའང་མིན་པས། རྟ་ནོར་ལུག་གསུམ་དང་འབྲོག་སྡེ་དག་ལ་མི་བཟོས་བཙོན་ར་ལྟ་བུའི་ལྕགས་ཀྱི་དྲ་བ་འཇིགས་སུ་རུང་བ་དེ་དག་མེད་ཀྱང་ཆོག་སྙམ། དེ་དག་གིས་ཕན་ཐོགས་ཆེན་པོ་འབྱུང་བ་ལས། ངའི་ར་བ་དང་ངའི་རྩ་ས་ཞེས་བདག་འཛིན་གྱི་བསམ་བློ་ལ་འདོད་རྔམ་གྱིས་ཚད་ལས་བརྒལ་བའི་རམ་འདེགས་བྱས་ཏེ། བོད་མི་རིགས་ཀྱིས་བོད་མི་རིགས་ལ་རང་གི་ས་ཆའི་སྟེང་དུ་མེ་ཏོག་རྐང་གཅིག་འཐུ་དབང་མེད་པ་དང་། གོམ་པ་འགའ་ཞིག་རྒྱག་དབང་མེད་པའི་གནས་སྟངས་ཤིག་ཏུ་ཆགས་ཡོད་པ་ཀུལ་ལ་མི་གསལ་བ་ཞིག་མ་ཡིན་ནོ། ཞེས་སྨྱོན་པ་འདྲེ་ཐོ་ནས་སྨྱོ་ཆུ་འཐུངས་པ་ནང་བཞིན་རྒྱུ་མཚན་དང་གནས་ལུགས་མེད་པའི་སྨྱོ་གཏམ་འདི་དག་ཤོར་སོང་བར་དགོངས་དག་ཞུ། ༡༤-༠༣-༢༠༡༩ ལ། ༄༅།། འདྲེ་ཐོ་ངས་རྒས་གཞོན་གྱི་ཁྱད་པར་དབྱེ་སྟངས་ནི་འདི་འདྲ་ཞིག སྤྱིར་མི་ཟེར་བ་ནི་དོན་དངོས་ཀྱི་སྨྲ་ཤེས་ཤིང་དོན་རྟོགས་པར་གོ་བ་ན། ནང་གི་སེམས་དེ་དང་འབྲེལ་བའི་བསམ་བློ་དང་ཤེས་པ། སྤྱོད་པ་བཅས་དང་། དེ་དག་ཕྱི་ལ་མངོན་པའི་རྣམ་པ་སོགས་མི་ཞེས་པར་ངོས་འཛིན་བྱེད་དགོས་པ་ཞིག་རེད་སྙམ། དེའི་ཕྱིར་སེམས་དེ་ལ་གཞོན་སྐྱེས་ལྟ་བུའི་སྣང་བ་ལྡན་ན། མི་དེ་ཉིད་རྒས་མེད་ཅེས་བཤད་ཆོག་སྙམ། འོན་ཀྱང་ཕྱིའི་སྐྱི་ལྤགས་ནི་པགས་པ་ཙམ་ལས། དེ་ལ་ཚོར་བ་དང་ཤེས་པ་མེད་པས། དེ་ཉིད་རྙིང་བར་ཆགས་ཀྱང་། ནང་གི་སེམས་དང་ཁྲག གློ་མཆིན་དང་རྩ་ཁམས་སྣ་ཚོགས་བཅུད་དང་ལྡན་པའི་ངང་དང་། མི་ལེགས་པའི་ཟས་རིགས་དང་བྲལ་བར་བྱས་ཚེ། མི་རྣམས་ནི་དེ་འདྲའི་ལས་སླ་བོའི་ངང་རྒས་མི་གྱུར་རོ། དེ་བས་སེམས་གཞོན་ཚེ་མིའང་གཞོན་ཉམས་དང་ལྡན་ལ། གཞོན་སྐྱེས་ལྟ་བུའི་རྩལ་དང་ཤུགས་ཀྱང་ལྡན་ནོ། ཞེས་རྒས་པ་དང་རྒུད་པར་འཇིགས་པའི་འདྲེ་ཐོ་ནས་རང་སྣང་སྐྱིད་པའི་ཕྱིར་དུ་བྲིས་པའོ། ༢༠༡༩-༠༣-༡༧ ལ། ༄༅།། ཁྱེད་ནི་ལྷ་ཐོ་ང་ཡི་འདང་ཅན་གྲོགས་མཆོག་ལགས། གྲོགས་མཆོག་མེ་ཏོག་འདྲ་ཞིག་གློ་བུར་ཡལ་ནས་སོང་།། སེམས་ཀྱི་ཞིང་ཁམས་འདི་ནི་གློ་བུར་སྟོང་ནས་སོང་།། ཁྱེད་ནི་འཇིག་རྟེན་འདི་དང་རེ་ཞིག་བྲལ་ནའང་།། རེ་ཞིག་འགྱངས་པའི་རྗེས་སུ་བསྐྱར་དུ་འདིར་ཕེབས་ཤོག ཁྱེད་ཀྱི་མིག་ན་རྟག་པར་བྱམས་བརྩེའི་གཟི་འོད་འཕྲོ།། ཁྱེད་ནི་བག་ཡོད་ཚུལ་མཐུན་འདོད་ཆུང་ཆོག་ཤེས་ཅན།། ཁྱེད་ལ་སྨྲ་བ་ཉུང་ཞིང་ལུས་སེམས་སོས་དལ་ངང་།། ཁྱེད་ནི་སེམས་ཅན་ཐམས་ཅད་སྙིང་རྗེས་སྐྱོང་མཁན་ཞིག། ཁྱེད་ནི་དབའ་ཤུལ་འབྲོག་སྡེ་ཆེན་མོའི་དཔོན་ཕྲུག་ལགས།། ཁྱེད་ནི་ཕ་ཡུལ་རྨ་ཆུ་རྫོང་ན་དཔོན་ས་ཅན།། ཁྱེད་ཀྱིས་བོད་འབངས་མི་སེར་རང་གི་ནང་མིར་འདོད།། ཁྱེད་ནི་རྒྱུ་འབྲས་བརྩི་བའི་དཔོན་པོ་ཡ་རབས་ཤིག། ཁྱེད་ནི་ལྷ་ཐོ་ང་ཡི་འདང་ཅན་གྲོགས་མཆོག་ལགས།། ཁྱེད་ཀྱི་སྔས་མགོར་ཕྱིན་རྒྱུའི་བསྐལ་བ་མ་ལྡན་ཡང་།། ཁྱེད་ཀྱི་ལུས་ངག་ཡིད་གསུམ་དཀོན་མཆོག་གསུམ་ལ་ཏེ།། ཁྱེད་ཀྱིས་དབྱེར་མེད་སྦྱར་ཞིང་སངས་རྒྱས་ཐོབ་པར་ཤོག། མིག་ཆུ་ཐིགས་པ་གསུམ་གྱིས་ཁྱེད་ཉིད་སྐྱེལ་མ་བྱེད།། དེ་གསུམ་སྐོམ་པའི་ཚེ་ན་རྒྱ་མཚོར་འགྱུར་བར་སྨོན།། མེ་ཏོག་དམར་པོ་གསུམ་ནི་ཁྱེད་ཀྱི་ཕྱོགས་སུ་འབུལ།། ཁྱེད་ཀྱི་བཞུད་ལམ་ཡོངས་སུ་མེ་ཏོག་བཀྲ་བར་སྨོན།། ཅེས་འདྲེ་ཐོ་ཐོ་ནས། དེ་རིང་རང་མིང་ལ་ལྷ་ཐོ་ཐོ་ཞེས་འབོད་པ་དང་ཆབ་གཅིག་ཏུ། རང་ཉིད་ཀྱང་ལྷ་ཞིག་ཡིན་ན་བསམས་ཤིང་ལྷའི་མཐུ་སྟོབས་ཀྱིས། གནས་སྐབས་ཙམ་དུ་འཇིག་རྟེན་གཞན་ཞིག་ལ་སོང་ཚར་བའི་གྲོགས་མཆོག་དམ་པ་དེ་ཉིད། སངས་རྒྱས་ཀྱི་ཞིང་ཁམས་སུ་གདན་དྲངས་ཤིང་སངས་རྒྱས་པར་བཅུག་ན་བསམ་བྱུང་ངོ་། ༢༠༡༩-༠༣-༡༥ ལ། ༄༅།། གཅེན་མོའི་སེམས་པ་མ་སྐྱོ། རླུང་གིས་གཡོ་བའི་སྒྲོན་མེ།། ལོ་ཟླས་ཟ་བའི་མི་ཚེ།། སུ་དང་གང་ལ་མི་རྟག། གཅེན་མོའི་སེམས་པ་མ་སྐྱོ།། ལས་དང་བསོད་ནམས་དབང་གིས།། ཚེ་འདིར་ཕ་བཟང་ཞིག་གི། གཅེས་ཕྲུག་བུ་མོར་སྐྱེས་ཡོད།། ཕ་ཡི་བཀའ་དྲིན་མ་བརྗེད།། བུ་མོ་དར་ལ་བབས་དུས།། ཕ་ལོ་རྒས་ནས་འགྲོ་བ།། འགྲོ་བ་ཡོངས་ལ་འདྲ་འདྲ།། འཇིག་རྟེན་འདི་ཡི་ཆོས་ཉིད།། བུ་མོ་སེང་བྷེ་སེང་གཅེས།། སེམས་པ་སྐྱོ་སྐྱོ་མ་གནང་།། ཕ་རྒན་བྱམས་སེམས་ཅན་དེས།། ཁྱེད་ཉིད་སྐྱིད་ན་བསམས་ཡོད།། ཁོས་ཀྱང་སྐྱིད་པོ་བཏང་ཡོད།། སྐྱིད་པོ་ཁོང་གིས་བཙལ་ཡིན།། གཞན་ལ་སྡུག་བསྔལ་བཟོས་ནས།། རང་ལ་བདེ་སྐྱིད་བསྐྲུན་མེད།། ཁོང་གི་སྐོར་རེ་གླེང་ན།། ཕོ་གསར་རྫིག་པས་གྲགས་ཡོད།། ཡ་རབས་ཡིན་པས་གྲགས་ཡོད།། འགྲོ་བར་བྱམས་པས་གྲགས་ཡོད།། ཅེས་ཐོ་ཐོ་ནས། ༢༠༡༩-༠༣-༡༨ ལ། ༄༅།། མུ་ཏིག་ནག་པོ་མོ། མུ་ཏོག་ནག་པོ་མོ་འདིའི་རྣ་རྒྱན་དེ།། བོད་པ་ཚང་གི་མགར་རས་བརྡུངས་ཡིན་ཟེར།། གནའ་བོའི་བོད་མོའི་རྒྱན་ཆ་ཡིན་རབས་སྐད།། གང་ལྟར་མཛེས་མ་འདི་ལ་ཤིན་ཏུ་འཛའ།། ཞེས་སྨྱོན་པ་འདྲེ་ཐོ་ནས་བོད་མི་རིགས་ཀྱི་བུད་མེད་ཚོའི་གནའ་བོའི་རྒྱན་ཆའི་རིགས་ལས་གཡུ་ཡིས་གྲུབ་པའི་རྣ་རྒྱན་དམིགས་བསལ་བ་དེ། མི་རིགས་ནག་པོ་ཡིན་པའི་བུ་མོ་མཛེས་མ་འདིའི་རྣ་བར་བཏགས་ཏེ། བསམ་གཞིགས་ཤིག་བྱས་པ་ན། སྒྱུ་རྩལ་དང་སྒྱུ་རྩལ་ལས་གྲུབ་པའི་རྒྱན་ཆ་ལ་རྒྱལ་མཚམས་དང་མི་རིགས་དབྱེ་འབྱེད་མེད་པ་དེ། ད་གཟོད་ཧ་གསལ་པོར་གོ་སོང་ངོ་། ༢༠༡༩-༠༣-༡༩ ལ། ༄༅།། སྒོམ། གཏུན་མོའི་མེ་དྲོད་ག་དུས་སྦར་སྦར་བཤད།། ལུས་ཀྱི་དྲོད་ཁམས་ནམ་ཡིན་གནས་ཡོད་བཤད།། བཟོ་བཀོད་ཁྱད་པར་ལས་གྲུབ་ཁང་ཁྱིམ་དུ།། དྲོ་གྲང་ཇི་འདོད་བསྒྲིགས་འདིས་ཚིམས་ནས་ཡོད།། རི་ལུང་བྲག་ཁུང་བཅས་ལ་འགྲིམ་མིན་པའི།། གྲོང་གི་སྒོམ་པ་དང་ནི་རྣམ་འབྱོར་བར།། གཏུམ་མོའི་མེ་དྲོད་བསྒོམ་རྒྱུའི་མཐུ་ལྡན་ཡང་།། མེ་དྲོད་དེ་ཡིས་ཕན་ཡུལ་གང་དུ་དམིགས།། དེ་ལས་གཞན་གྱི་སེམས་དང་བསམ་བློ་ལ།། རང་གིས་བསྒྲུབ་འདོད་གང་ཞིག་འཆར་ནུས་པའི།། སྒོམ་ཚུལ་དེ་འདྲ་ཡོད་ན་བོད་ལ་ཕན།། བོད་མིའི་འདོད་པ་གང་ཡིན་བསྒྲུབ་ཏུ་ཆུགས།། ཞེས་བྲིས་པ་འདི་ནི་འདྲེ་ཐོའི་བསམ་ཚུལ་ཞིག་སྟེ། རྩེ་མཚར་གྱིས་ཚུལ་དུ་རྒན་ཨ་ཆེན་ལགས་སྤྲིངས་བ་ཡིན་ནོ། ༄༅།། འཆི་མེད་གླིང་། ནམ་ཞིག་འཇིག་རྟེན་འདི་དང་བྲལ་བའི་ཚེ། དེ་རིང་ཐོབ་པའི་འཇིག་རྟེན་འདི་ཡི་སྟེང་། བདག་དང་བདག་གི་བསམ་བློ་ཡོངས་སུ་རྫོགས། རླུང་གི་རྟ་མཆོག་བཅིབས་ནས་བསླེབ་པར་སྨོན།། ཞེས་འཆི་བ་མི་རྟག་པ་དེ་སྒོམ་པའི་སྐད་ཅིག་རེ་རེའི་ནང་དུ། གོང་དུ་བྲིས་པའི་ཚིགས་བཅད་ཤོ་ལོ་ཀ་དེ་སེམས་ལ་ཤར་དུ་བཅུག་ཅིང་ཞོར་དུ་བསམ་བློའི་དམིགས་བྱའི་ནང་དུ་ཉི་མའི་ཁྱིམ་རྒྱུད་ན་འཁོར་ཞིང་གནས་པའི་འཆི་མེད་གླིང་གི་ཞིང་ཁམས་དེ་ཉར་པར་དང་བཟུང་བར་བྱས་ཏེ། ཉིན་ཞིག་འཇིག་རྟེན་འདིའམ་གླིང་འདི་ལ་འབྲལ་དགོས་རྐྱེན། འབྲལ་བའི་ཉིན་དེར་རང་གི་རྣམ་ཤེས་ཙམ་གཅིག་པོ་མ་ཡིན་པར། རང་གིས་ད་བར་དུ་སྦྱངས་པའི་ཤེས་བྱ་ཡོངས་སུ་རྫོགས་པ་དང་། རང་གི་བསམ་བློ་དང་དྲན་པ་བཅས་རང་དང་མཉམ་དུ་ཉི་མའི་ཁྱིམ་རྒྱུད་ན་གནས་པའི་འཆི་མེད་གླིང་གི་ཞིང་ཁམས་དེར་བསླེབ་པར་སྨོན་ཞེས་བསམ་གཞིག་བྱེད་པ་དང་ཞོར་དུ་གོང་གི་ཚིགས་བཅད་ཤོ་ལ་ཀ་དེའང་ཀློག་འདོན་བྱེད་པར་བྱའོ། དེ་ནས་མ་འོངས་པའི་ཉིན་ཞིག་ལ། ད་ནི་རང་ཉིད་ཧ་ལམ་འཇིག་རྟེན་འདི་ནས་འགྲོ་རན་སོང་བ་མ་ཡིན་ནམ་ཞེས་པའི་དང་། ཡང་ན་ད་ནི་རང་ཉིད་ཀྱང་འཇིག་རྟེན་འདི་དང་འབྲལ་རྒྱུའི་དུས་ལ་ཐོན་སོང་བ་ཡིན་པ་འདྲ་ཞེས་པའི་བསམ་ཚུལ་དེ་འདྲ་ཞིག་ཤར་ཡོང་ཚེ། ཁྱེད་ཀྱི་དམིགས་བྱ་ནི། གཤམ་གྱི་ཤོ་ལོ་ཀ་དེའི་དོན་དང་། དོན་དེ་དང་འབྲེལ་བའི་ཉི་མའི་ཁྱིམ་རྒྱུད་དུ་གནས་པའི་འཆི་མེད་གླིང་དེ་ཡིན་ལ། གླིང་དེ་དང་འབྲེལ་ཞོར་རང་གི་རྒྱུད་ན་ཡོད་འདོད་པའི་དང་བསགས་ཡོད་འདོད་པའི་ཤེས་བྱ་དང་དྲན་པ་ཡོངས་སུ་རྫོགས་པའི་རིགས་ཀྱང་གཅིག་ཀྱང་མ་ལུས་པར། འབྲལ་ལ་ཉེ་བའི་འཇིག་རྟེན་འདི་ནས། མཐོང་ལམ་དུ་ཡོད་པའི་འཇིག་རྟེན་ནམ་གླིང་གཞན་པ་ཉི་མའི་ཁྱིམ་རྒྱུད་ན་གནས་པའི་འཆི་མེད་གླིང་དེ་ལ་མཉམ་དུ་འགྲོ་ནུས་པར་ཤོག བསླེབ་ཐུབ་པར་སྨོན་ཞེས་སྨོན་ལམ་རྒྱག་རྒྱུ་དང་བསམ་གཞིག་བྱེད་རྒྱུ་གཙོ། དེ་རིང་འཇིག་རྟེན་འདི་དང་འབྲལ་སྲིད་པས།། ཁ་སང་ཐོབ་པའི་འཇིག་རྟེན་མཐོང་བར་ཤོག། ཚེ་འདིར་བསགས་པའི་ཤེས་བྱ་ཡོངས་སུ་རྫོགས།། གཅིག་ཀྱང་མ་ལུས་བདག་དང་མཉམ་འགྲོ་ཤོག། ཞེས་འདྲེ་ཐོ་ཐོ་ངས། ཉི་མའི་ཁྱིམ་རྒྱུད་ནས་འཇིག་རྟེན་འདིའི་སྟེང་དུ་ལྷུང་ནས་ཡུན་རིང་འགྱངས་པའི་འཆི་མེད་གླིང་དུ་གྲགས་པའི་འཇིག་རྟེན་དེ། སེམས་ཀྱི་ནུས་པ་ལ་བརྟེན་ཏེ་བསྐྱར་དུ་ཕྱིར་ཉི་མའི་ཁྱིམ་རྒྱུད་དུ་བསྐྱལ་བ་ཡིན་ལ། དེ་དང་ཆབ་གཅིག་ཏུ། གོང་དུ་འཇིག་རྟེན་འདིའི་སྟེང་གི་མི་རྣམས་ཇི་ལྟར་གླིང་དེ་ལ་འགྲོ་བའི་ལམ་ཡང་བསྟན་ཡོད་ལགས། ༢༠༡༩-༠༣-༢༣ ལ། ༄༅།། ཡུལ་གྱར་དུ་ཕྱིན་པའི་མན་ངག མན་ངག་གསང་སྔགས་བཀོལ་སའི་ཡུལ་དང་སྐད་ལ་བྲལ་བ་ན།། དེ་དག་གསེར་བཞིན་ཉར་ཡང་ལུས་ཁམས་འཁྲུག་པའི་མཁྲིས་རྡོ་བཞིན།། ཨུར་མོ་སོག་མོའི་རིགས་ཀྱིས་བོད་སྐད་བོད་ཡིག་ཤེས་མིན་པས།། ཆར་བཞིན་ཕབ་པའི་མན་ངག་གསང་སྔགས་གོ་མཁན་ཚོར་མཁན་མེད།། ཞེས་འདྲེ་ཐོ་ཐོ་ནས། རྩེ་མཚར་གྱིས་ཚུལ་དུ་ཚོར་བ་ཤ་ཚ་མ་འདི་ཚོམས་འདིའི་ཚོགས་མི་ཚོའི་སྤྱན་ལ་འབུལ་ཡིན། ༢༠༡༠-༠༣-༢༤ ལ། ༄༅།། ལུང་པའམ་གྲུབ་མཐའ། སྡེ་དཔོན་ནམ་བླ་མ། གྲུབ་མཐའ་དག་ནི་སོག་པོའི་སྐབས་དེའི་འཚོ་སྡེ་དག གྲུབ་མཐའ་རེ་རེའི་བླ་མ་རེ་རེ་ནི་སྐབས་དེའི་སོག་པོའི་སྡེ་དཔོན་དག དེས་ན་ང་ཚོ་ལ་ཇིང་གིར་ཧན་ཞིག་མཁོ་ཡོད་དང་། ཡང་ན་ཇིང་གིར་ཧན་གྱི་མཛད་སྤྱོད་དེ་ལྟ་བུའི་བྱ་བ་སྒྲུབ་མཁན་ཞིག་དང་། དེ་ལ་རྒྱབ་སྐྱོར་གནང་མཁན་གྱི་སྡེ་དཔོན་མང་བོ་ཞིག་མཁོ་བསྡད་ཡོད། — ཐོ་ཐོའི་བསམ་ཚུལ། ༄༅།། ངུ་མ་དགོད་དང་ཤི་མ་གསོན། ངུ་མ་དགོད་ཀྱི་སེམས་ཚོར་དྲག་པོའི་རེས་མོ་ནི།། སྐབས་རེར་བདེ་བ་ཅན་དང་སྐབས་རེར་དམྱལ་བའི་ཡུལ།། ཤི་མ་གསོན་གྱི་བསམ་བློའི་འགུལ་སྤྱོད་དྲག་པོ་དེ།། སྐབས་རེར་གཡུལ་སར་སྐབས་རེར་དུར་སའི་ཁྲོད་དུ་ཉུལ།། འདྲེ་ཐོས། ༢༠༡༩-༠༣-༢༧ ལ། ༄༅།། དགུན་དུས་ཀྱི་བོད་ཁམས། ནོར་ནག་པོ་ཁ་བས་གཡོགས་བྱས་ཤིང་།། རྩྭ་རྩི་ཤིང་ཁ་བ་འཐུག་པོས་མནན།། བྱེའུ་ཅོག་མོའི་གཤོག་པ་ལྕི་བར་སྦྱར།། བོད་མགོ་ནག་སེམས་པ་སྡུག་ལ་སྦྱར།། —— འདྲེ་ཐོས། ༢༠༡༩-༠༣-༢༨ ལ། ༄༅།། དྲྭ་ཐོག་གི་སྐད་ཆ་བཙན་པོ་ཟེར་བ་དེའི་རིགས། ངས་ནམ་རྒྱུན། སྐད་ཆ་བཙན་སོང་བ་རེད་འདོད་པའི་རིགས་དེ་དག་རླུང་བཙན་པོ་ཞིག་གཡུགས་པར་ངོས་འཛིན་བྱེད་ཀི་ཡོད་དང་། རྣ་ལམ་ནས་རླུང་དང་མཉམ་དུ་འགྲོ་འཇུག་གི་ཡོད་ལ། རླུང་ནང་དུ་འཐིམ་འཇུག་གིའང་ཡོད་ཅིང་རླུང་བཞིན་རེད་འདོད་དེ་བདག་པོའང་རྒྱག་གི་མེད། ཅེས་འདྲེ་ཐོ་ནས། ༢༠༡༩_༠༣-༢༨ ལ། ༄༅།། རྒྱ་མཚོ་དང་བྱུར་དམར། ལྷོ་རྒྱ་མཚོའི་ཕྱོགས་སུ་མ་འགྲོ། དེར་བཞུགས་པའི་ཀླུ་མོ་དེ་ཚོའི།། ཁ་དམར་པོར་འདོད་རྔམས་ཆེ་སྐད།། རྩ་ཆེན་པོའི་བྱུར་དམར་ཟོས་འགྲོ།། ཞེས་པ་འདི་རྒྱ་ནང་དུ་འགྲོ་འདོད་པའི་གྲྭ་བ་དེ་ཚོར་ཁ་བརྡའི་ཚུལ་དུ་བྲིས་པ་ཞིག་སྟེ། ལྷོ་རྒྱ་མཚོ་གནས་སའི་ཕྱོགས་ནི་རྒྱ་ནང་དུ་གོ་ཆོག་ལ། ཀླུ་མོ་ནི་རྒྱ་མོ་དེ་ཚོ་དང་། ཁ་ནི་དེ་དག་གི་མཚན་མ་ལ་དང་། རྩ་ཆེན་པོའི་བྱུར་དམར་ནི་གྲྭ་བ་དེ་དག་གི་སྡོམ་པའམ་དེ་དང་འབྲེལ་བའི་ཕོ་མཚན་ལའོ། ༠༢-༠༤-༢༠༡༩ ལ། ༄༅།། མ་ཎི་ཡིག་དྲུག མེ་ལ་མཆོངས་པའི་ ཕུག་རོན་དཀར་པོའི་གཞོབ་དྲི་དེ། རི་འགོའི་བསང་དུད་དུ་འཐིམ། རིམ་གྱིས། རི་འདབས་ཀྱི་གྲོང་སྡེ་ན་བཞུགས་པའི་ འབངས་མི་རེ་རེའི་སྣ་ལམ་དུ་འཕྱུར། གཞོབ་དྲི་དང་མཉམ་དུ་བསྲེས་པའི་དུ་བ་དེ་དག རེ་རེ་བཞིན་མ་ཎི་ཡིག་དྲུག་གི་དབྱངས་ལ་གྱུར། དབྱངས་དེ་བར་སྣང་ནས་བར་སྣང་དུ་གྱེར། རི་སྡེ་ནས་རི་སྡེའི་བར་ན་གྱེར། རྒྱལ་ཁབ་ནས་རྒྱལ་ཁབ་ཏུ་གྱེར། དྲག་རླུང་མེད་པའི་མགོ་སེར་གྱི་གླིང་རེ་རེ་ན། སེང་གེ་འགྱིངས་པའི་རྒྱལ་དར་རེ་རེ་ནི། དབྱངས་དེ་ལ་འཐིམ་པའི་རྣམ་ཤེས་རེ་རེའི་ངར་སྐད་ཀྱིས། ཞི་བའི་ངང་། སྐྱོ་བའི་ངང་། དཔའ་མི་ཞུམ་པའི་ངང་། གཡོ་བཞིན། སྐྱོད་བཞིན། —- འདྲེ་ཐོ་ནས། ༢༠༡༩-༠༣-༢༩ ལ། 如若必需或必须对一个民族的愚昧无知的信仰需要对人体那样使用手术和解剖的方法来急救的话,那作为医者的首选目标和首先要去除的对象应该就是对大自然和死亡产生恐恐惧心理的那一根神经。——浪子 2019-03-29 ༄༅།། ལོ་རྒྱུས་ལ་འཁྱོག་འགྲེལ་དང་འཁྱོག་བཤད། བོད་པ་ཚང་གི་ལོ་རྒྱུས་རྙིང་པས་སམ་གནའ་བོའི་བཙན་པོའི་ལོ་རྒྱུས་ཀྱིས་བསྐྲུན་པའི་རྒྱལ་ཁབ་ཡོད་པའི་བདེན་དབང་དེ་དག་ནི། གཞན་གྱིས་འཁྱོག་བཤད་དང་རྫུན་བཟོའི་འོག་ནས། མི་རིགས་གཞན་པ་དང་རྒྱལ་ཁབ་གཞན་པའི་ད་ལྟའི་ལོ་རྒྱུས་གསར་པའི་ནང་དུ་ཡོད་པ་མེད་པའི་བསྒྱུར་ཞིང་བདེན་པ་རྫུན་མས་ནག་བསུབ་ཏུ་བཏང་ཡོད། དེ་བཞིན་དུ་བོད་མིའི་དང་བོད་རྒྱལ་ཁབ་ཀྱི་རྒྱལ་དར་སེང་གེ་ཆ་འགྲིག་གི་གཡུ་རལ་ཅན་ཏེ། ཆོས་སྲིད་ཟུང་འབྲེལ་གྱི་རྟགས་མཚོན་ངོམ་པ་དེའང་བོད་མི་ས་ཡ་ལྷག་དམར་གསོད་བཏང་བའི་ཁྲག་གིས་ཁ་དོག་བསྒྱུར་པའི་སྐར་ལྔའི་དར་དམར་དེས་ཀྱང་བཙན་དབང་གིས་བསྟུམས་ཤིང་། བོད་མིའི་ཡུལ་གྲུ་སོ་སོའི་སྲང་ལམ་དང་དགོན་པ་རེ་རེའི་རྩིག་པ་དང་སྒོ་ཆེན་སྟེང་དུ་བཙན་དབང་གིས་བསྒྲེངས་བཅུག་ཡོད། ཡིན་ཡང་། ཇི་ལྟ་བུའི་བཙན་དབང་བེད་སྤྱད་ན། དེ་ལྟ་བུའི་སེམས་ཀྱིས་ངོ་རྒོལ་དང་རྒྱབ་འགལ་དུ་འགྲོ་སྲིད་ལ། བོད་མིའི་སྤྱིའི་རྒྱལ་དར་དེ་བཙན་དབང་གིས་ཕབ་ཏུ་བཅུག་ཅིང་བསྒྲེང་དུ་མི་བཅུག་ཀྱང་། བོད་མི་རེ་རེ་ཡི་སེམས་ན་དང་སྐེ་ན། བོད་རྒྱལ་ཁབ་ཀྱི་རྒྱལ་དར་རེ་རྩ་ཆེན་ངང་ཉར་ཡོད་ལ། སྐེ་ཐག་ཏུ་བརྒྱུས་ཏེ་རིན་པོ་ཆེ་བཞིན་བཏགས་ཀྱང་ཡོད། དེ་དག་གི་ནང་དུ་རང་བཙན་གྱི་ལྟ་བ་འཛིན་མཁན་ཡོད་ལ། མཐའ་གཅིག་ཏུ་དབུ་མའི་ལམ་ལ་རྒྱབ་སྐྱོར་མཛད་མཁན་ཡང་ཡོད། གང་ལྟར། བོད་མི་རིགས་ཀྱི་གནས་སྟངས་དང་། རྒྱས་བོད་ལ་འཛིན་པའི་ད་ལྟའི་སྲིད་ཇུས་ཐབས་སྐྱོ་བོ་དེའམ་མི་ཆོས་དང་མི་མཐུན་པའི་མནར་གཅོད་དང་དྲག་གནོན་གྱི་བྱ་སྤྱོད་དེ་དག་མཚམས་མ་བཞག་བར་དུ། བོད་མི་རིགས་ཀྱིས་ངོ་རྒོལ་དང་སྐད་འབོད་བྱེད་པ། སེམས་ན་ཡོད་པའི་ཞེ་འཁོན་དང་ཞེ་འཁོན་དེ་ལ་དགྲ་ཤ་ལེན་འདོད་པའི་དཔའ་བོའི་སྙིང་སྟོབས་བཅས་ཀྱང་མཚམས་འཇོག་མི་སྲིད་པ་ཞིག་རེད། ——— ཐོ་ཐོས། ༢༠༡༩-༠༤-༠༤ ལ། ༄༅།། མེ་ཏོག་དང་གཙང་བོ། གལ་སྲིད་ཁྱེད་རང་ནི། མེ་ཏོག་རྐང་གཅིག་ཡིན་ན། ཁྱེད་ཀྱི་སེམས་པ་དེ། མེ་ཏོག་དེ་ལ་མཁོ་བའི་ཆུ་ཡི་ཟེགས་མ་ཡིན་ལ། འོད་ལམ་ལམ་དུ་འཕྲོ་བའི་ཉི་མའི་དྲོད་ཐིགས་ཀྱང་ཡིན་འདུག ཆུ་ཡི་ཟེགས་མ་དག རྫས་མི་ལེགས་པས་བསྙོག་ཏུ་བཅུག་ན། མེ་ཏོག་གི་མདངས་དེ་འཆོར་སྲིད། སེམས་ཀྱི་ཚོར་བ་དག གཏམ་མི་སྙན་པས་འཁྲུག་ཏུ་བཅུག་ན། སྐུ་ཡི་གཟི་བརྗིད་དེ་བརླག་འགྲོ། གལ་སྲིད་ཁྱེད་རང་གི་ཚོར་སྣང་དུ། མི་གཞན་དག་ཀྱང་མེ་ཏོག་གི་ཆུན་པོ་རེ་རེ་ལ་འདོད་ན། ཁྱེད་ཀྱི་སེམས་པ་དེ། མེ་ཏོག་དེ་དག་ལ་མཁོ་བའི་གཙང་བོ་ཞིག་ཡིན་དགོས་ལ། མེ་ཏོག་དེ་དག་ལ་མཁོ་བའི་ཉི་འོད་ཀྱང་ཡིན་དགོས་ལགས། ཞེས་སཎཐཽདྲེའ། ༢༠༡༩-༠༤-༡༠ ལ། ༄༅།། དད་པ་དངོས་དང་རྨོངས་དད། མི་རིགས་ཤིག་ལ་ཡར་རྒྱས་ཡོང་དགོས་ན། མི་རིགས་དེའི་སེམས་ན་ཉར་ཡོད་པའི་འཇིགས་སྐྲག་ལས་སྐྱེས་པའི་རྨོངས་དད་དེ་འཇོམས་དགོས། དེ་འཇོམས་མཁན་ལ་མི་བུ་དཔའ་བོ་དེ་འདྲ་ནི་མེད་དུ་མི་རུང་བ་ཞིག་སྟེ། དད་པ་དངོས་དང་རྨོངས་དད་གཉིས་ལ་བར་ཐག་ཤིན་ཏུ་ཉེ་བས་འཇོམས་མཁན་དེ་ལ་རྣམ་དཔྱོད་དང་དཔའ་བོའི་སྙིང་སྟོབས་དེ་འདྲ་མ་ལྡན་ཚེ། དེ་ནི་ཆེས་བསྒྲུབ་དཀའ་བའི་དང་བསྒྲུབ་མི་ཕོད་པའི་བྱ་བ་ཞིག་ཡིན་པར་མ་ཟད། མི་སྒེར་གྱི་ཁ་ལས་རླུང་རྟ་དང་མཚན་སྙན་གཟི་བརྗིད་བཅས་མེད་པར་གཏོང་བྱེད་ཀྱི་བྱ་བའི་ཡུལ་ཞིག་གོ།—- འདྲེ་ཐོའི་བསམ་ཚུལ་ཡིན། ༢༠༡༩-༠༤-༡༡ ལ། ༄༅།། མི་རིགས་དང་རྒྱལ་ཁབ་བསམ་ན། མི་རིགས་དང་རྒྱལ་ཁབ་བསམ་ན། མི་སྒེར་གྱི་བར་ན་ཡོད་པའི་རྩོད་གཞི་དེ་རང་གི་ཁྱིམ་ལས་བརྒལ་བར་མ་བཅུག་པར། ཚོགས་པ་དང་སྤྱི་ཚོགས་སྟེང་དུ་འཆམ་མཐུན་ངང་མཉམ་དུ་གནས་ཐུབ་པར་བྱེད་རྒྱུ་དེ་ནི་སྐྱེས་ཕོ་རབ་ཞིག་གི་འགྲོ་སྟངས་འདུག་སྟངས་ཤིག་རེད་འདོད། སྐབས་དེར་རང་ཚུགས་ཟེར་བའང་དོར་དགོས་ལ། རང་རྒྱལ་གཞན་ཕམ་གྱི་བསམ་བློའང་དེ་བས་ཀྱང་ཡོད་དུ་མི་རུང་ངོ་། —— ཐོ་ཐོའི་བསམ་ཚུལ་ཡིན། ༢༠༡༩-༠༥-༡༡ ལ། ༄༅།། མ་ཧཱ་བྷ་ར་ཏཱ་བཙུགས་ནས་ལོ་འཁོར་དྲུག་ལོན་པའི་མཛད་སྒོར་འཇུག་པའི་སྔོན་འགྲོའི་གཏམ། རྔམ་རྔམ་རྫིག་རྫིག་བྱས་ནས་ཡོང་གི་མེད།། ཞི་ཞི་འཇམ་འཇམ་བྱས་ནས་ཡོང་རྒྱུ་མིན།། བར་མ་བར་གྱི་ཉམས་ཤིག་སྟོན་ཞོར་དུ།། དེ་རིང་མཛད་སྒོའི་སྟེང་དུ་ཞུགས་ན་བསམས།། སྙན་ངག་ཅི་འདོད་འབྲི་རྒྱུའི་བསམ་པ་མེད།། སྐད་ཆ་ཅི་ཡོང་འཆད་རྒྱུའི་བསམ་ཚུལ་མེད།། ཀུན་ལ་མཐུན་ཞིང་ཀུན་ཡིད་སྤྲོ་བྱེད་པའི།། ཀུ་རེ་རྩེ་མཚར་ལམ་ནས་འཛོམས་ན་བསམས།། གླུ་བ་གླུ་མས་མགྲིན་གླུ་གང་སྙན་གྱེར།། མཁས་པ་མཁས་མས་གསུང་གི་བདུད་རྩི་གཏོར།། གང་ལྟར་ཚོམས་འདིའི་ཚོགས་མི་ཡོད་དོ་ཅོག། ཇི་ལྟར་སྐྱིད་ན་དེ་ལྟར་རྩེ་རྒྱུ་བྱོས།། —— ཐོ་ཐོས། ༢༠༡༩-༠༤-༡༥ ལ། ༄༅།། དྲག་རླུང་གི་གཤོག་བརྐྱངས་བར་ནས། མཚམས་ལ་ལར། དྲག་རླུང་གི་གཤོག་བརྐྱངས་བར་ནས། གླག་རྒོད་ཀྱི་སྡེར་མོ་བསྲིངས་ནས། གཡུལ་ས་ལ་འཇུག་ན་འདོད་ཀྱང་། བསིལ་རླུང་གིས་ལྡེམ་པའི། ཕུག་རོན་དཀར་པོ་དེའི་མགྲིན་གླུ་ཐོས་ཚེ། བསྲིང་འདོད་པའི་སྡེར་མོ་དེ་བསྐུམས་པར་བྱས། སྐབས་ལ་ལར། ལུས་དང་བྲལ་བའི་རྣམ་ཤེས་དེས། མུན་ནག་གི་ཞིང་ཁམས་ཤིག་ན། བཙན་པོ་དག་གི་བང་སོ་དེ་འཚོལ་བཞིན། ལོ་རྒྱུས་དང་མ་ཎི་ཡིག་དྲུག་གི་འབྲེལ་བ་ལ་དཔྱད། གང་ལྟར། གཞོབ་དྲི་ཡིས་ཁེངས་པའི་དུས་རབས་འདི། ནམ་ཞིག་ཕྱི་རབས་པས་རྗེས་དྲན་གྱི་རྡོ་རིང་དུ་འགྱུར་སྲིད། ཅེས་འདྲེ་ཐོ་ཐོ་ནས། ༢༠༡༩-༠༤-༡༥ ལ། ༄༅།། གནའ་ཤི་ད་ཤིའི་ཆེད་དུ། གནའ་ནས་ཡོད་ཅིང་ད་ལྟ་ཡང་ནི་ཡོད་དགོས་པའི།། གནའ་ཤི་ད་ཤིའི་ཞེ་འཁོན་དྲོན་པོ་སྙིང་ལ་ཆོངས།། འོན་ཀྱང་སྲོག་ལན་སྲོག་གིས་འཇལ་དགོས་བཤད་ཀི་མེད།། ཞེ་འཁོན་བསམས་ཤིང་དབུ་མའི་ལན་ནས་ཞེ་འཁོན་རྩོད།། སེམས་ལ་ཞི་བདེ་ཐོབ་པར་རང་དབང་འཁོར་ཡུག་མཁོ།། འབངས་ལ་བདེ་སྐྱིད་ཐོབ་པར་རང་སྲིད་རང་སྐྱོང་མཁོ།། དགྲ་བོ་གཉེན་དུ་འགུགས་པར་ལྷད་མེད་བཟོད་སེམས་མཁོ།། འོན་ཀྱང་ཞེ་འཁོན་མེད་ཚེ་བཟོད་སེམས་ཇི་ལྟར་ཚོར།། ང་ཚོས་ནང་དམེ་ནང་འཛིང་ནང་འཁྲུག་བྱས་པ་མང་།། དོན་གྱིས་རང་གི་རྒྱལ་ཁབ་གཞན་གྱིས་འཕྲོགས་ནའང་།། ད་དུང་མདུང་སྣེ་གཏད་ས་རིགས་རྒྱུད་གཅིག་པའི་ནང་།། གཅིག་གིས་གཅིག་གི་སེམས་དང་ཡིད་ཆེས་སྲེག་རེས་བྱེད།། ཅེས་ཐོ་ཐོ་ནས། ༡༧-༠༤-༢༠༡༩ ལ། 你若失去了你所珍惜的,不希望别的人为此幸灾乐祸。同样的,别人若失去了他们所拥有的和珍惜的,你也不能无动于衷,至少可以表示一下你已经被这种不幸动摇和悲哀。—-浪子 2019-04-15 ༄༅།། སྨན་ཆུ་བཏུང་རྒྱུའི་དུས་དེར་ཐོན་ལ་ཉེ། ཆུ་དང་འོ་མ་སྐོམ་ཆུ་སྦི་རག་ཆང་།། འདི་དག་ཡོད་ཚད་འཐུངས་ཡིན་ཀྱེ་ཧུད་གྲོགས།། ད་ནི་སྨན་ཁང་ནང་གི་ཁབ་རྒན་དེའི།། སྨན་ཆུ་བཏུང་དགོས་ཟེར་ན་ཅི་ཞིག་བྱ།། ཞེས་འདྲེ་ཐོ་ཐོ་ནས། ༢༠༡༠-༠༤-༡༨ ལ། ༄༅།། དཔེ་ཀློག་ཉིན་མོ། དཔེ་ཀློག་ཉིན་མོ་ཡིན་ཞེས་ཉིན་ཞག་སུམ་བརྒྱ་དྲུག་ཅུའི་ནང་།། ཉིན་མོ་གཅིག་གི་བགོ་སྐལ་ཙམ་ལས་ཐོབ་ཏུ་བཅུག་མེད་པའི།། འཛམ་གླིང་དཔེ་ཀློག་ཉིན་འདི་བསམ་ན་མཁས་པ་མཁས་མ་ཡིས།། དཀའ་བ་དཔག་ཏུ་སྤྱད་པའི་བརྩམས་ཆོས་དེ་དག་སྙིང་རེ་རྗེ།། ཉིན་གྲངས་མང་བོར་ལྷག་དཀར་བསུས་ནས་དུད་འགྲོ་ཇི་བཞིན་དུ།། རྩྭ་རིགས་ལྡུམ་རིགས་དུད་འགྲོའི་ཚོགས་བཞིན་མང་མང་ཟ་བ་ལས།། ཤེས་བྱའི་གནས་ལ་འཇུག་པའི་དཔེ་ཀློག་ཉིན་མོ་མང་བཏང་སྟེ།། རྒྱལ་ཁམས་འཛུགས་པའི་ཐབས་དང་ཤེས་རབ་སྦྱང་ན་ཨེ་མ་ཧོ།། ཞེས་སྨྱོན་པ་ཐོ་ཐོའི་སྨྱོ་ཁ་སྐྱག་ཁ་འདི་ནས། འདི་འདྲའི་གཏམ་མི་སྙན་པ་དང་གཏམ་གནས་ལུགས་མེད་པ་ཞིག་སྐད་ཅིག་གི་ཚོར་བ་ཁོ་ན་ལས་ཐོན་པ་དེ་ཤོར་སོང་བས། དགོངས་དག་ཞུ། ༢༠༡༩-༠༤-༢༣ ལ། ༄༅།། གྲྭ་ལོག་དང་རྩོད་པ། གྲྭ་བ་ལོག་པ་རེད་མ་གཏོགས། རྩོད་པ་ལོག་པ་མ་རེད། དེ་བཞིན་དུ་གྲྭ་བའི་རྒྱུད་ན་ཡོད་པའི་ཆོས་ཀྱང་ལོག་པ་མ་རེད། གྲྭ་བ་ལོག་པ་ཟེར་བ་ནི་ཕྱིའི་ཆོས་གོས་ཙམ་དོར་བ་ལས་ནང་སེམས་ཀྱི་བྱམས་བརྩེ་དང་སྦྱངས་པའི་ཡོན་ཏན་བཅས་པ་དོར་བ་དང་ལོག་ལམ་དུ་ཁྱེར་སོང་བ་ཞིག་རྩ་བ་ཉིད་ནས་མ་རེད། དེ་བས་གྲྭ་ལོག་གིས་རྩོད་པ་བྱས་ན་བྱེད་ཆོག་ཆོག་ཅིག་རེད་འདོད། —— ཐོ་ཐོའི་བསམ་ཚུལ། ༄༅།། རྒྱ་སྐད། ཁོང་ཚོས་ང་ཚོའི་ས་ཐོག་ནས་རྒྱ་སྐད་འཆད་ཞོར་ཁོང་ཚོ་ལ་མཁོ་བ་དེ་ཁྱེར་སོང་བས། ང་ཚོས་ཀྱང་རྒྱ་སྐད་ནང་ཁྱེད་ཚོའི་ཁྱེར་སོང་བ་དེ་ང་ཚོ་ལ་ཕྱིར་སྤྲད་རོགས་ཞེས་གོ་བརྡ་སྤྲོད་ཕྱིར། སྲིད་དང་འབྲེལ་བའི་ལས་ཀ་གནང་མཁན་གྱི་བོད་མི་དེ་དག་ལ་དང་། ལོ་རྒྱུས་སྨྲ་བའི་བོད་མི་དེའི་རིགས་ལ། གནས་ལུགས་དང་བདེན་པ་རྩོད་བྱེད་དུ་རྒྱའི་སྐད་དེ་མེད་དུ་མི་རུང་བའི་ལག་ཆ་ལྟ་བུ་ཞིག་རེད་འདོད། འོན་ཀྱང་། མི་སེར་དཀྱུས་མའམ། འབྲོག་པ་དང་ཞིང་བ་དེ་ཚོས་རྒྱའི་སྐད་དེ་སྦྱང་དགོས་པའི་ངེས་པ་མེད་སྙམ། གང་ལྟར་གལ་ཏེ་ཁྱེད་ཀྱི་རྒྱ་སྐད་སྦྱང་འདོད་ན། ལག་ཆ་ཞིག་ལ་བསམས་ཏེ་སྦྱང་བ་ལས། རིག་གནས་ཤིག་ལ་བསམས་ནས་སྦྱང་ན་ང་ཚོ་བོད་མི་རིགས་ལ་དེ་ཙམ་གྱི་རིན་ཐང་ལྡན་པའི་རིག་གནས་ཤིག་ཞིག་ཡིན་མིན་ངས་ནི་མི་ཤེས་ལགས། ་—— ཐོ་ཐོའི་བསམ་ཚུལ་ཡིན། ནོར་བ་ཡོད་ན་དགོངས་དག་ཞུ། ༢༠༡༩-༠༤-༢༥ ལ། ༄༅།། ཤི་རྟོགས་དང་རྒྱུ་མེད་རྟོགས་མེད། ཆེས་ཟབ་མོའི་ཆོས་སམ། ཡང་ན་ཆོས་ཀྱི་སྙིང་བོ་དེ་ནི་རྣམ་ཤེས་ཡོད་མེད་ཀྱི་སྐོར་དེ་ཡིན་ལ། དེ་ནི་ཆེས་རྟོགས་དཀའ་བ་དང་ཆེས་མཐར་ཐུག་གི་རྟོགས་བྱ་དེ་ཡིན་འདུག འོན་ཀྱང་དེ་ནི་མི་རེ་རེའི་ཆེས་ཚེ་མཇུག་གི་འཆི་ཁའི་དུས་སྐད་ཅིག་མ་དེ་དང་ཤི་བའི་རྗེས་སུ་མ་དཔྱད་རང་གྲུབ་ཀྱིས་རང་སྟེང་ནས་རྟོགས་ཡོང་བ་ཞིག་ཡིན་པས། ཡོད་ཀྱང་དང་རྟོགས་ཀྱང་ཤི་བོའམ་རྣམ་ཤེས་ཀྱིས་རྟོགས་པས་རྟོགས་མེད་ཡིན་ལ། མེད་ཚེ་དེ་བས་ཀྱང་རྟོགས་རྒྱུ་མེད་པས་རྟོགས་མེད་དང་རྒྱུ་མེད་ཡིན་ནོ། —- འདྲེ་ཐོའི་བསམ་ཚུལ། ༢༠༡༠-༠༥-༣༠ ལ། ༄༅།། སྐྱེ་སྐར། མི་རེར་སྐྱེ་བ་ཞིག་དང་འཆི་བ་ཞིག། དེང་ཐོག་སྐྱེས་པས་ཀུན་ལ་དགའ་བ་འཕེལ།། བར་དུ་དར་ནས་རྒུད་པ་ཆོས་ཉིད་ཅིག། མཐའ་མར་འཆི་བས་མཇུག་སྡོམ་བྱེད་ངེས་ཤིག། སྐྱེ་བར་སྔ་ཕྱི་ཡོད་མེད་གཙོ་བོ་མིན།། ཡོད་ཀྱང་སུ་དང་གང་ལ་སྐྱེ་མི་ཤེས།། ཚེ་འདིར་མི་ལུས་བླངས་ཏེ་མིར་སྐྱེས་པའི།། སྐྱེ་སྐར་ཉིན་མོ་དེ་ནི་རྩ་ཆེན་ཡིན།། སྐྱེས་ཤིང་སྐྱེས་པར་དགའ་བས་སྐྱེ་སྐར་རོལ།། དར་བཞིན་དར་བའི་ལང་ཚོའི་བཅུད་ལ་རོལ།། རྒུད་ཅིང་རྒུད་པའི་སྡུག་བསྔལ་རི་ལྟར་སྤུངས།། འཆི་བཞིན་འཆི་བའི་འཇིགས་སྐྲག་ཆོས་ཀྱིས་བསེལ།། —— འདྲེ་ཐཽས། ༢༠༡༩-༠༥-༠༢ ལ། ༄༅།། དྲྭ་ཐོག་གི་ང་། ང་ནི་ཇེ་ངན་འཆལ་གཏམ་སྨྲ་བའི་ཁ་འདི་བཙོག། ང་ནི་ཇེ་གདུག་སྤྱོད་པ་འཚེ་བ་མེད་དང་བྲལ།། ང་ནི་ཀླད་སྟོང་གཞན་ཕན་བསམ་བློ་སྔོག་རྒྱུ་མེད།། ང་ནི་དྲྭ་འབུ་ཡོད་ཚད་ཀུན་ལ་དོ་ཕོག་བཟོ།། ཞེས་པ་འདི་ནི་དྲྭ་གྲོགས་འགའ་རེའི་འདོད་པ་ལྟར། འདྲེ་ཐོ་ངས་རང་གིས་རང་ཉིད་ཀྱི་སྐོར་འདི་ཐེངས་ཤིག་ངོ་སྤྲོད་ཙམ་བྱས་པ་ཡིན་ལགས། ༄༅།། ཚེ་སྲོག ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། འཇམ་བློའི་དོན་དུ་ཨོཾ་མ་ཎི་པདྨེ་ཧཱུཾ། ཤི་བོ་ཐམས་ཅད་ཀྱི་དོན་དུ་ཨོཾ་མ་ཎི་པདྨེ་ཧཱུཾ། འཆི་རྒྱུ་ཡིན་པ་དག་གི་དོན་དུ་ཨོཾ་མ་ཎི་པདྨེ་ཧཱུཾ། སྐྱེས་པར་འཆི་བ་ཡོད་བཞིན་དུ།། ཤི་བར་སྐྱེ་བ་ཡོད་པས་ན།། སྐྱེས་ཀྱང་སྐྱེ་ཉིན་འཆི་བར་ཕྱོགས།། ཤི་ཡང་འཆི་ཉིན་སྐྱེ་བར་ཕྱོགས།། ཞེས་འདྲེ་ཐོ་ཐོ་ནས། ༢༠༡༩-༠༥-༢༧ ལ། ༄༅།། བཙན་པོ། སྦྲ་ནག་གྲུ་བཞི་བཙན་པོའི་དམག་སྒར་རེད། སྒོ་ཁའི་རྟ་བོ་བཙན་པོའི་དཔུང་རོགས་རེད། བཙན་པོའི་དུས་ཀྱི་རྒྱལ་ཁམས་མཐའ་ཡས་པ། འཛམ་གླིང་སུམ་གཉིས་ས་ལ་དབང་བསྒྱུར་མཛད། ང་ཚོའི་བཙན་པོའི་རྒྱལ་རབས་ངོ་སོ་བསྟོད། རྡོ་རིང་རེ་ནི་རྒྱ་ནག་ལྕགས་རི་སྟེ། རྒྱལ་མཚམས་སྲུང་བའི་གནམ་ལྕགས་ཐོག་མདའ་དང་། དགྲ་བོ་ཞུམ་པའི་གཤིན་རྗེའི་ཕ་བོང་ཡིན། ང་ཚོ་བཙན་པོ་ཞིག་གི་གདུང་རྒྱུད་དེ། ང་ཚོར་བཙན་པོའི་སྙིང་སྟོབས་རྒྱུད་ན་ཡོད། ང་ཚོས་ཞི་བདེ་བསམས་ཤིང་དབུ་མར་འཇུག ང་ཚོའི་བླ་མ་བཟང་བོ་ངོ་སོ་བསྟོད། ཅེས་གཞས་ཚིག་ཏུ་བསམས་ཤིང་བྲིས་པ་ཞིག་ཡིན་ལ། གཞས་གདངས་དེ་ཅུང་ཙམ་དྲག་པོ་ནས་རིམ་གྱིས་འཇམ་པོར་བསྒྱུར་ཏེ་བཏང་བ་ཡིན་ན། དོན་དང་མཐུན་པ་ཞིག་རེད་འདོད། འདྲེ་ཐོ་ཐོས། 2019-06-01 ༄༅།། ང་ནི་ཉི་འོད་ཀྱི་ནང་ན། སྤང་ཐང་གི་མེ་ཏོག་ཡག་གི སྦྲང་ཆུང་གི་མགྲིན་གླུ་སྙན་གི ཁུ་བྱུག་གི་གདངས། བྱ་བྱེའུ་ཡི་འབྱིན་སྐད། ང་ཡི་རྣ་བར་སྙན་སོང་། སེམས་པ་འདི། བདེ་བའི་ཞིང་ཁམས་སུ་འདྲེན་སོང་། མེ་ཏོག་གི་འདབ་མ་དག ན་ཆུང་མའི་འདོད་ཆུས་བརླན། རྩི་ཤིང་གི་མགོ་བོ་དག འདྲིལ་ལོག་གི་ལུས་པོས་མནན། ཨོ་ཨོ་་་་་་ཨོ། ང་ནི་སྤང་ཐང་གི་དཀྱིལ་ན། ཨོ་ཨོ་་་་་་ཨོ། ང་ནི་ཉི་འོད་ཀྱི་ནང་ན། ལུས་པོ་འདི། སྤང་ཐང་དང་སྦྱར་འདུག སེམས་པ་འདི། ཉི་འོད་དང་འདྲེས་འདུག ཅེས་ཐོ་ཐོས་གྲོགས་ཨ་ཕ་བརྩེ་བར་བྲིས་པའི་གཞས་ཚིག 2019-06-03 ལ། ༄༅།། སེམས་དང་འབྲེལ་བའི་མཛེས་སྣང་། དོན་དངོས་ཀྱི་མཛེས་པ་དེ་ནི་ནང་སེམས་ནའང་ཡོད་དགོས་པ་ཞིག་ཡིན་པ་དང་། ནང་སེམས་ཀྱིས་ཚོར་ཅི་ཐུབ་ཚོར་དགོས་པ་ཞིག་ཡིན་པ་ལས། ཕྱིའི་གདོང་ལྤགས་ཁོ་ན་མཛེས་པའམ་སྙིང་རྗེ་བོ་ཡོད་པ་དེ་དང་། ཡང་ན་ཤིན་ཏུ་མཛེས་པའི་ཕྱིའི་སྣོད་བཅུད་དེ་ཁོ་ན་ཉིད་ཀྱིས་ཁྱེད་ཉིད་དང་ཁྱེད་ཀྱི་འཇིག་རྟེན་དེ་མཛེས་པར་བསྐྲུན་མི་ཐུབ་ལ། གལ་སྲིད་ཕྱིའི་སྣོད་བཅུད་དེ་དག་ནང་སེམས་ཀྱི་དགའ་སྣང་གི་ཚོར་བ་ཞིག་དང་འབྲེལ་མ་ཐུབ་ཚེ། གཞན་གྱི་མིག་ནང་དང་སེམས་ཁོང་དུ་ཁྱེད་ཉིད་མཛེས་པར་འདོད་པའི་ཚོར་སྣང་དེ་དང་། ཁྱེད་ཀྱི་སེམས་ཁོང་དུ་ཕྱིའི་འཇིག་རྟེན་དེ་ཉིད་མཛེས་པར་སྙམ་པའི་ཚོར་སྣང་དེའི་རིགས་ཡོང་རྒྱུ་ནི་ཧ་ཅང་གི་ཁག་པོ་ཞིག་ཡིན་འདུག དེས་ན་འདིར་ཚིགས་སུ་བཅད་པ་ཞིག་གིས་མཇུག་བསྡུ་བྱས་ན་ནི་འདི་ལྟར། དོན་དངོས་མཛེས་པ་སེམས་ཀྱི་ནང་ནའང་།། ཅི་ཐུབ་ཚོར་བར་བྱེད་པ་སེམས་ལ་ལྟོས།། ཕྱི་ཡི་གདོང་ལྤགས་དང་ནི་ཕྱི་ཡི་བཅུད།། མཛེས་པར་མཐོང་མིན་ནང་གི་སེམས་ལའོ།། ཅེས་འདྲེ་ཐོ་ཐོ་ནས་རང་གྲོལ་མཚོ་མོས་དབྱིན་ཡིག་ནས་བྲིས་པའི་“ The true beauty comes from the heart and not from the outside. ”སྐད་ཆ་དེ་ཅུང་ཙམ་ཁ་གསལ་བོའི་ངང་བོད་ཡིག་ནང་དུ་བྲིས་པའོ། 2019-06-07 ༄༅།། གྲོགས་དབང་ཕྱུག་གིས་བུད་མེད་ལ་ལྟ་སྟངས། བརྩེ་བ་ཟབ་མོ་ཆགས་པའི་ན་ཆུང་མ།། གློ་བུར་ཉིད་དུ་རི་དྭགས་སེམས་ཅན་བཞིན།། ཕྱི་ནས་རྣམ་འགྱུར་འདྲ་མིན་སྟོན་པ་ལས།། ངག་གི་སྒོ་མོ་འབྱེད་མཁན་ཤིན་ཏུ་དཀོན།། ན་ཆུང་མཛེས་མའི་སེམས་ཀྱི་འཆར་ངོ་ལ།། རང་གི་བྷ་ག་དེ་ནི་ལྷ་ཁང་འདོད།། གཡས་གཡོན་མདུན་རྒྱབ་བསྐོར་བའི་སྐྱེས་པ་ཚོའི།། མདོམས་ཀྱི་སྦ་བ་མི་གཙང་ཕྱགས་མར་མཐོང་།། ཡིན་ཡང་ལུས་འབྲེལ་ཐེངས་ཤིག་བྱས་གྱུར་ཚེ།། སེམས་ཀྱི་ང་རྒྱལ་དང་ནི་སྤོབས་པ་བཅས།། ལྗང་ལོའི་ཟིལ་ཐིགས་རླུང་གིས་གཏོར་བ་བཞིན།། དེ་མ་ཐག་ཏུ་གར་སོང་རྒྱུས་མེད་གྱུར།། ཞི་མིས་རང་གི་མི་གཙང་སྦས་བྱས་རྗེས།། གཞན་གྱིས་ཚོར་བར་དོགས་པའི་འཚེར་སྣང་བཞིན།། མེ་ཏོག་ཤོར་བའི་ན་ཆུང་བུ་མོའི་སེམས།། འཆོར་སའི་སྐྱེས་པའི་གམ་དུ་འདར་གསིག་རྒྱག། ཅེས་འདྲེ་ཐོ་ཐོས། 2019-06-07 ལ། ༄༅།། རྭ་ནུ། བཙན་པོ་ཚང་གི་་གདུང་རྒྱུད། བཙན་པོ་ཞིག་གི་བུ་རྒྱུད། དུས་ནམ་ཞིག་ནས། ཁྱེད་ནི་རྒྱལ་ཁབ་མེད་པའི་ལྡོམ་པོ་ཞིག རང་དབང་ཤོོར་བའི་ལས་ངན་ཞིག ཤུལ་དུ་ལྷག་པའི་དྭ་ཕྲུག་ཅིག ཁྱེད་ཉིད་འཛམ་གླིང་འདིར་སྐྱེ་ཉིན་ནས།། ཁྱེད་ཀྱི་ཕ་ཡུལ་དེ་ནི་གཡུལ་ས་ཤིག་ཏུ་གྱུར་འདུག ཁྱེད་ཀྱི་མ་ཡུམ་ལགས་ནི་བཙོན་དུ་ཁྱེར་ཏེ། ཁྱེད་ལ་རྭ་ནུ་ཞིག་ལས་ཅི་ཡང་ལྷག་ཏུ་བཅུག་མེད། ཐོ་ཐོས། 2019-06-13 ༄༅།། ཐོ་ཐོ་ནས་ཀྱང་མོས་མཐུན་རྒྱབ་སྐྱོར་ཡོད། ཁྱེད་སྐུ་བརྟན་དུ་བཞུགས་པར་གསོལ་བ་སྨོན་ལམ་འདེབས།། ལྷ་དང་ཚེ་ཐག་མཉམ་པར་བསྙེན་བཀུར་རིམ་གྲོ་བྱ།། བཅུ་གཉིས་མཛད་པའི་མཐའ་མ་བརྟན་དུ་སྤང་བྱ་བར།། དྲི་མེད་སེམས་དང་སྦྱར་བའི་ལྷད་མེད་ཞབས་བརྟན་འབུལ།། ཐོ་ཐོ་ནས། ༢༠༡༩-༠༦-༡༦ ལ། 🙏🙏🙏 ༄༅།། ཆང་འཐུང་བའི་སྔོན་བརྡ། རང་ཉིད་བཟི་རྒྱུ་ཡིན་པར་སྔོན་བརྡའ་གཏོང་།། བཟི་ཚེ་དུག་རླངས་འཕྱུར་པའི་འཆལ་གཏམ་རིགས།། རང་གི་ཁ་བོ་ཆེ་ནས་འཆོར་སྲིད་པས།། ཀུན་གྱིས་རྣ་བའི་དབང་བོ་ཟུམ་པར་མཛོད།། བཟི་བོ་བཟི་བོའི་གཏམ་ལ་ཉན་རྒྱུར་སྤྲོ།། ཚོམས་འདིར་བཟི་བོ་མང་བ་ཀུན་ཀྱིས་མཁྱེན།། དེ་རིང་བཟི་བོ་གཅིག་གིས་ཁ་སྣོན་རྒྱག། འདྲེ་ཐོ་ངས་ནི་ང་རང་བཟི་རུ་འཇུག། ཆང་གི་དམ་བེ་འགྲེས་ལོག་རྒྱག་པའི་སྒྲ།། བཟི་བོའི་ཁ་ནས་ཐོན་པའི་སྐད་ཀྱི་གདངས།། འབྱུང་སའི་ཡུལ་ནི་མི་འདྲ་སོ་སོ་སྟེ།། ཚིག་དང་དོན་གྱིས་སྟོང་བ་འདྲ་འདྲའོ།། ཆང་གིས་བཟི་བའི་བཟི་བོ་ཆང་ལ་འགྱུར།། བཟི་ནས་སྨྱོས་པའི་སྨྱོན་པ་འདྲེ་ལ་འགྱུར།། གདོན་འདྲེ་ཆང་གིས་བཟི་བའི་མཇུག་འབྲས་དེ།། ཅི་འདྲ་ཡིན་མིན་ཀུན་ལ་གསལ་ལྷང་ལྷང་།། སྨྲ་ལྕེ་ལྡབ་ལྡིབ་ཆགས་ཚེ་ཆང་གིས་བཟི།། ཀླད་རྩ་་ཐམ་ཐོམ་ཆགས་ཚེ་ཆང་གིས་བཟི།། གོམ་ཁ་ཆལ་ཆིལ་ཆགས་ཚེ་ཆང་གིས་བཟི།། མིག་མདངས་རབ་རིབ་ཆགས་ཚེ་ཆང་གིས་བཟི།། ཆང་གིས་བཟི་ནས་སྨྱོས་པ་རང་ཡིན་ཡང་།། བཟི་བོ་རང་གི་མིག་ན་འཇིག་རྟེན་སྨྱོས།། ཡོད་ཚད་སྨྱོས་འདུག་སྙམ་པའི་ཚོར་ཤུགས་ཀྱིས།། རང་ཉིད་ཇེ་སྨྱོ་དང་ནི་ཇེ་བཙོག་གཏོང་།། བཟི་ནས་བཟི་གཏམ་སྣ་ཚོགས་ཤོར་བ་དེ།། རང་གི་སྣང་ངོར་རྩ་ཆེན་བཀའ་སློབ་མཐོང་།། གཞན་གྱིས་བསྟོད་བསྔགས་རྐྱང་རྐྱང་མ་བྱས་ཚེ།། གཞན་དག་རྐུན་མ་དང་ནི་ཇག་པར་མཐོང་།། ཞེས་འདྲེ་ཐོ་ཐོ་ནས། 2019-06-17 ལ། ༄༅།། མོག་མོག སྨྱུ་གུའི་འཛིན་སྟངས་དང་ནི།། སྙན་ངག་རྩོམ་སྟངས་ཡག་ཀྱང་།། ཁ་ཟས་ལས་རྒྱུར་རྨོངས་ན།། གྲོད་ཁོག་གཞན་དབང་ཡིན་སོང་།། ཕྱེ་རིགས་བཞེས་པར་སྤྲོ་བའི།། བོད་རིགས་སྤུན་ཟླའི་ཚོགས་ལ།། བྲོ་ཕྱེའི་རྫི་སྟངས་སྟོན་ཞོར།། མོག་མོག་བཟོ་སྟངས་བསླབས་ཡོད།། བསམ་བློའི་ཟས་སུ་འཛིན་པའི།། དེབ་དང་བརྩམས་ཆོས་སྣ་ཚོགས།། སེམས་པ་འཁྲུག་པའི་རྒྱུ་རེད།། ཚེ་སྲོག་འཚོ་བའི་བཅུད་མིན།། བོད་པའི་ཁ་ཟས་ཞིམ་པོ།། ཤ་ཚིལ་འདྲེས་མའི་མོག་མོག། འཛམ་གླིང་ཟས་ཀྱི་མཆོག་ཡིན།། བོད་པ་ཚང་གི་རྒྱན་རེད།། འདྲེ་ཐོས། ༢༠༡༩ ལོ་ལ།

 
 
 

Recent Posts

See All

Commentaires


Featured Posts
Recent Posts
Archive
Search By Tags
Follow Us
  • Facebook Basic Square
  • Twitter Basic Square
  • Google+ Basic Square

Gyalpo Tamding

Rebenweg 38

8610 Uster, Switzerlan

Tel: 0041 43 495 02 73

Mobile: 0041 76 507 85 86

Email: gyalpotamding@outlook.com

WORKING HOURS

Mon-Fri: xx am-xx pm

Saturday: xx am-xx pm

Sunday: xx am-xx pm

LOOKING FOR A JOB:

Call 076 507 85 86
  • Facebook Metallic
  • Twitter Metallic

© 20.03.2015 by GyalpoTamding

created with Wix.com

  • Facebook Gyalpo
  • Facebook Dukgyal
  • Reddit dokpa
  • Gyalpo
  • tash_tibet_asiafood_conner
  • Gyalpo
  • Gyalpo Tamding A collection of poems སྙན་ངག་ཕྱོགས་བསྒྲིགས། 诗歌集
  • Gyalpo Tamding A collection of poems སྙན་ངག་ཕྱོགས་བསྒྲིགས། 诗歌集
  • Youtube Gyalpo
  • Soundcloud Gyalpo
  • learning
  • Gyalpo
bottom of page